མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༡༤ ལོར་བོད་མི་ ༡༡ གིས་བོད་དོན་ཆེད་རང་ལུས་མེར་བསྲེགས་གནང་།

བོད་ཀྱི་དུས་བབ།
༢༠༡༤/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

འཕཊ་མོ་བསམ་འགྲུབ།

ཕྱི་ཟླ་ ༢ པའི་ཚེས་ ༥ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༩།༣༠ ཙམ་ལ། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བན་ཆེན་ཉིན་སློབ་གྲྭ་གཉིས་པའི་ཉེ་འདབས་སུ། མགོན་ཤུལ་སྒར་བའི་རང་ལོ་ ༢༧ ཡིན་པའི་འཕགས་མོ་བསམ་འགྲུབ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེཊ་གནང་ཡོད་ཅིང་། དེ་མ་ཐག་རྒྱ་གཞུང་ཉེན་རྟོག་པ་བསླེབས་ཏེ་བཙན་ཁྲིད་བྱས་ཡོད་ཅིང་། ཕྱིས་སུ་ཁོང་འདས་གྲོངས་ཏུ་ཕྱིན་ཏེ་སྐུ་ཕུང་མེར་བསྲེགས་བཏང་བའི་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་འདུག

བློ་བཟང་རྡོ་རྗེ།

ཕྱི་ཟླ་ ༢ པའི་ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༦།༣༠ ཙམ་ལ། རྔ་པ་རྫོང་གཅའ་རུ་མ་ཡུལ་ཚོའི་ཕྱུགས་ལས་གོང་མིའི་ཕ་ཚེ་དཔག་དང་མ་མ་ནེ་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༥ ཡིན་པ་བློ་བཟང་རྡོ་རྗེ་ལགས་ཀྱིས། རྔ་པ་ཀིརྟི་དགོན་པའི་ཉེ་འཁྲིས་སུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེཊ་གནང་ཡོད་པ་དང་། མེར་བསྲེགས་བཏང་མ་ཐག་ཉེན་རྟོག་པས་ཁོའི་ལུས་ཀྱི་མེ་བསད་དེ་བཙན་ཁྲིད་བྱས་ཡོད་ཀྱང་། ཉིན་གསུམ་གྱི་རྗེས་སུ་འབར་ཁམས་སྨན་ཁང་དུ་ཁོང་འདས་གྲོངས་སུ་ཕྱིན་ཡོད་འདུག

གྲྭ་བློ་བཟང་དཔལ་ལྡན།

ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས། རྔ་པ་རྫོང་དཔའ་བོའི་སྲང་ལམ་དུ་སྐད་རྒྱ་གཞུང་ལ་ངོ་རྒོལ་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་སྐབས། རྒྱ་ནག་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་ཀྱང་ཕྱིས་སུ་སྐུ་གྲོངས་ཡོད་འདུག གྲྭ་བློ་བཟང་དཔལ་ལྡན་ལགས་ནི་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོ་རུ་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་པ་དང་། མ་མིང་ལ་ནམ་ཁོ་དང་། ཕ་གཡར་གྱི་མིང་ལ་ཤེས་རབ་ཟེར་བ་དང་། སྤུན་མཆེད་གཉིས་རྔ་པ་ཀིརྟི་དགོན་གྱི་གྲྭ་བ་ཡིན་འདུག ཁོང་གིས་རང་སྲེག་མ་གནང་གོང་སྐད་འཕྲིན་ནང་། བོད་མི་ཚོས་ཀུན་ལ་འཆམ་མཐུན་དང་ལྷག་བསམ་རྣམ་དག་གིས་བྱ་བ་བསྒྲུབ་དགོས་ལ། ཕ་མ་རྒན་འཁོགས་ལ་བདག་སྐྱོང་དང་། བྱིས་པ་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་སྐོར་གྱི་ཞལ་ཆེམས་ཞིག་བཞག་ཡོད་འདུག

གྲྭ་འཇིཊ་མེད་བསྟན་འཛིན།

ཕྱི་ཟླ་ ༣ པའི་ཚེས་ ༡༦ ཉིན་གྱི་སྔ་དྲོར། རྨ་ལྷོ་རྩེ་ཁོག་རྫོང་བྱ་དར་ཡུལ་ཚོ་བྱ་དར་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ལགས་ཀྱིས། སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེཊ་གནང་ཡོད་པ་དང་། དེ་མ་ཐག་དགོན་པའི་དགེ་འདུན་པ་ཚོས་མཐོང་སྟེ་དགོན་པའི་ནང་དུ་གདན་འདྲེན་ཞུས་ཡོད་ཀྱང་ཅུང་ཙམ་རྗེས་འདས་གྲོངས་སུ་གྱུར་ཡོད་འདུག འཇིགས་མེད་བསྟན་འཛིན་ལགས་ནི་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་ཚོ་བ་ལྔ་ཡོད་པ་ལས་ངག་རིགས་འཚོ་བ་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༢༩ ཡིན་པ་དང་། དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་བཅུའི་རིང་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་ སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་འདུག

བཙུན་མ་སྒྲོལ་མ།

ཕྱི་ཟླ་ ༣ པའི་ཚེས་ ༢༩ ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༣།༠༠ ཙམ་ལ། འབའ་ཐང་རྫོང་འབའ་ཆོས་སྡེ་དགོན་པའི་ཉེ་འགྲམ་དུ་རང་ལོ་ ༣༡ ཡིན་པའི་བཙུན་མ་སྒྲོལ་མ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེཊ་གནང་ཡོད་པ་དང་། དེ་མ་ཐག་སྐོར་བར་འགྲོ་བཞིན་པའི་བོད་མི་ཚོས་ཁོ་མོ་འབའ་ཐང་རྫོང་མི་མང་སྨན་ཁང་དུ་བསྐྱལ་ཏེ་སྲོག་ཉེན་ལས་ཐར་ཡོད་འདུག བཙུན་མ་སྒྲོལ་མ་ལགས་ནི་འབའ་ཐང་སྤྱི་སྲུང་སྒང་ཞོག་གྲོང་སྡེ་ནས་ཡིན་པ་དང་། ཕ་མིང་ལ་ཉི་མ་དང་མ་མིང་ལ་དབང་མོ། སྤུན་ཆུང་བའི་མིང་ལ་ཨ་ཆུབ་ཟེར་གྱི་ཡོད་འདུག

འཕྲིན་ལས་རྣམ་རྒྱལ།

ཕྱི་ཟླ་ ༤ པའི་ཚེས་ ༡༥ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ། དཀར་མཛེས་ཁུལ་རྟའུ་རྫོང་ཁང་སར་ཤང་གི་ཉེ་འགྲམ་དུ་རང་ལོ་ ༣༢ ཡིན་པའི་བོད་མི་འཕྲིན་ལས་རྣམ་རྒྱལ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ནས་སྐུ་གྲོངས་ཡོད་པ་དང་། དེ་མ་ཐག་ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་ཀྱང་། ཕྱིས་སུ་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། འཕྲིན་ལས་རྣམ་རྒྱལ་ལགས་ནི་རྟའུ་རྫོང་ཁང་སར་ཤང་རྒན་ནད་སྡེ་བའི་ཕ་བདུད་ལོ་དང་མ་དཔལ་ལྷ་གཉིས་ཀྱི་བུ་ཡིན་འདུག

དཀོན་མཆོག

ཕྱི་ཟླ་ ༩ པའི་ཚེས་ ༡༧ ཉིན་མགོ་ལོག་དགའ་བདེ་རྫོང་གཙང་སྐོལ་བཤོལ་མ་གྲོང་ཚོའི་ཉེན་རྟོག་ཁང་གི་ཉེ་འཁྲིས་སུ། རང་ལོ་ ༤༢ ཙམ་ཡིན་པའི་བོད་མི་དཀོན་མཆོག་ཞུ་བ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། སྐབས་དེར་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མེད་ཀྱང་ཕྱིས་སུ་ཁོང་ཟི་ལིང་གི་སྨན་ཁང་ཞིག་ཏུ་གསང་བའི་ངང་མྱུར་སྐྱོབ་སྨན་བཅོས་བྱེད་བཞིན་པའི་གནས་ཚུལ་དང་འདྲ་པར་བཅས་འབྱོར་ཡོད་པ་མ་ཟད། གནས་ཚུལ་ཡོང་ཁུངས་ནས་ཁོང་ལ་གསོན་རེ་ཆེན་པོ་མེད་ལུགས་བརྗོད་ཡོད་པ་རེད།

སློབ་བུ་ལྷ་མོ་བཀྲ་ཤིས།

ཕྱི་ཟླ་ ༩ ཚེས་ ༡༧ པའི་ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢ སྟེང་། ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར། རང་ལོ་ ༢༢ ཡིན་པའི་ལྷ་མོ་བཀྲ་ཤིས་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཉེན་རྟོག་པས་ཁོང་གི་སྐུ་ཕུང་བཙན་འཁྱེར་གྱིས་མེར་བསྲེགས་བཏང་སྟེ་ཁྱིམ་མི་ཚོར་རུས་ཐལ་ཞིག་སྤྲད་ཡོད་ཅིང་། ལྷ་མོ་བཀྲ་ཤིས་ལགས་ནི་བསང་ཆུ་རྫོང་འབོ་རྭ་ཡུལ་ཚོ་ཨ་མཆོག་སྒྲོག་མདོ་སྡེ་བའི་ཕ་གཅོད་པ་ཚེ་རིང་དང་མ་གདུགས་དཀར་མཚོ་གཉིས་ཀྱི་བུ་ཡིན་ལ། དེ་སྔ་གཙོད་གྲོང་ཁྱེར་དུ་སློབ་གྲྭར་སྐྱོད་བཞིན་ཡོད་འདུག

སངས་རྒྱས་མཁར།

ཕྱི་ཟླ་ ༡༢ པའི་ཚེས་ ༡༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༩ ཙམ་ལ་བླ་བྲང་ཨ་མཆོག་ཡུལ་ཚོའི་ཉེན་རྟོག་ཁང་གི་མདུན་དུ། བོད་མི་སངས་རྒྱས་མཁར་ལགས་ཞུ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། དེ་མ་ཐག་ཉེན་རྟོག་པ་བསླེབས་ཏེ་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག སངས་རྒྱས་མཁར་ལགས་ད་ལྟ་རང་ལོ་ ༣༤ ཡིན་པ་དང་ཁོང་ནི་བུ་མོ་གཉིས་ཀྱི་ཨ་ཕ་ཡིན་འདུག

ཚེ་པེ་སྐྱིད།

ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་སྟེང་དུ། རང་ལོ་ ༢༠ ཡིན་པའི་བོད་རིགས་བུ་མོ་ཚེ་པེ་སྐྱིད་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཕྱིས་སུ་ཉེན་རྟོག་པ་བསླེབས་ཏེ་ཁོང་མོའི་སྐུ་ཕུང་བཙན་ཁྱེར་བྱས་ཡོད་འདུག ཚེ་པེ་སྐྱིད་ལགས་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་པའི་ཕ་ཆུ་རྡོ་རིན་ཆེན་དང་མ་ཅན་དཔའ་གཉིས་ཀྱི་བུ་མོ་ཡིན་ལ། མིང་སྲིང་དྲུག་ཡོད་པའི་བཞི་པ་ཡིན་འདུག

གྲྭ་སྐལ་བཟང་ཡེ་ཤེས།

ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་གྱི་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༡།༢༠ ཙམ་ལ། དཀར་མཛེས་ཁུལ་རྟའུ་རྫོང་ཉ་མཚོ་དགོན་གྱི་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་ས་གནས་ཉེན་རྟོག་ཁང་གི་སྒོ་འགྲམ་དུ། “༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་ནང་གདན་འདྲེན་ཞུ་དགོས། བོད་མི་རིགས་ལ་རང་དབང་སྤྲོད་དགོས།” ཞེས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་པ་དང་། ཅུང་ཙམ་ནས་ས་གནས་ཉེན་རྟོག་པ་བསླེབས་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག སྐལ་བཟང་ཡེ་ཤེས་ལགས་རྟའུ་ཐེ་ཝ་ཡལ་ཚོ་རུ་སྐྱེས་ཤིང་ད་ལྟ་རང་ལོ་ ༣༨ ཡིན་པ་དང་། ཕ་མིང་ལ་བྱམས་པ་དང་མ་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. བསོད་ནམས། says:
    ལོ་ 11 སྔོན།

    བོད་ཀྱི་དུས་བབ་ཚང་གི་གསར་འགྱུར་འགོད་སྟངས་འདི་ཧ་ཅང་ཡག་པོ་འདུག སྤྱི་ལོ་གསར་པའི་ནང་དུས་བབ་ཀྱི་ལས་བྱེད་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese