མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྒྱུད་རིམ་ཞིག་གི་ཐོག་ནས་བཀའ་ཤག་གི་ཐག་གཅོད་དེར་འགྲིག་གི་མི་འདུག་ལབ་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

འཛིན་རིམ་བཅུ་པའི་སློབ་ཕྲུག་ཁག་ཅིག་ལ་མགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐོག ཤེས་རིག་བཀའ་བློན་མཆོག་གིས་སྔོན་ཆད་ཨ་རིའི་གཞུང་གིས་བཙན་བྱོལ་བོད་མིའི་ཤེས་ཡོན་ཐད་ཨ་སྒོར་ས་ཡ་ ༢ ཡི་རོགས་དངུལ་རག་ཡོད་པ་ལྟར། ད་ཆར་ཁེ་ན་ཌ་ནས་ཀྱང་ཨ་སྒོར་ས་ཡ་ ༢ ཡི་རོགས་དངུལ་ཡོང་གི་ཡོད་སྐོར་གསུངས་འདུག  

བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག དྷ་ཤོད་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་རྒྱ་བལ་གཉིས་ནས་བོད་པའི་གཏན་ཉིན་སློབ་གྲྭ་ཁག་གི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཁག་ཅིག་ལ་༼འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་།༽ཐེངས་གཉིས་པ་དབུ་འཛུགས་གནང་ཡོད་ཅིང་། ཁ་སང་སྐུ་མགྲོན་གཙོ་བོར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་རྣམ་གཉིས་ཕེབས་ཡོད།

ཟབ་སྦྱོང་དབུ་འཛུགས་ཐོག་ཤེས་རིག་བཀའ་བློན་མཆོག་གིས་ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ ༢༠༡༤ ལོར་བཙན་བྱོལ་བོད་མིའི་སློབ་གྲྭ་ཡོངས་རྫོགས་ཀྱི་འཛིན་གྲྭ་བཅུ་པའི་སློབ་ཕྲུག་ ༣༡༠ ལ་མགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་སྤྲད་པར་ཕན་ཐོགས་ཆེན་པོ་བྱུང་ཡོད་སྟབས། ད་རེབ་སླར་ཡང་སློབ་ཕྲུག་ ༣༠༠ ལྷག་ལ་མགོ་ཁྲིད་ནུས་པ་སྐྱེད་སྲིང་གི་ཟབ་སྦྱོང་ཐེངས་གཉིས་པ་གོ་སྒྲིག་ཞུས་སྐོར་དང་འབྲེལ་ནས་གསུངས་དོན། ང་ཚོའི་ཁ་གཏད་རྒྱ་ནག་གཞུང་ལ་ཆ་མཚོན་ན། མི་འབོར་དང་དཔལ་འབྱོར། དྲག་ཤུགས་སོགས་གང་ཅིའི་ཐད་ཁ་གཏད་གཅོག་ཐབས་ཁག་པོ་ཆགས་ཡོད་ཀྱང་། ང་ཚོས་སྤུས་ཚད་དང་ཤེས་ཚད། ནུས་པ་བཅས་ཀྱི་ཐོག་ནས་ཏན་ཏན་ཁ་གཏད་གཅོག་ཐུབ་ཀྱི་རེད། བོད་ཀྱི་གནད་དོན་ནི་ཉིན་རེ་བཞིན་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་སྟབས། མ་འོངས་པར་འགན་འཁུར་གནང་མཁན་ནི་སློབ་གྲྭ་ཁག་གི་སློབ་ཕྲུག་ལས་གཞན་སུ་ཡང་མེད་སྟབས། ཁྱེད་རང་ཚོ་མཐོང་བའི་སྐབས་སུ་ང་ཚོ་དགའ་བ་དང་། ༧གོང་ས་མཆོག་ཐུགས་དགྱེས་པ། གཞིས་བྱེས་བོད་མི་རྣམས་སྤོབས་པ་སྐྱེ་བ་དེ་འདྲ་ཡོང་གི་ཡོད་སྟབས། ཁྱེད་རང་ཚོ་ཧྲ་ཏག་ཏག་ཡག་པོ་མ་བྱས་ན། ང་ཚོ་བློ་ཕམ་དང་༧གོང་ས་མཆོག་ཐུགས་ཕམ་ཡོང་རྒྱུ་ཡིན་པ་མ་ཟད། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཚོ་བློ་ཞུམ་པའི་གནས་སྟངས་ཆགས་ངེས་རེད། དཔེར་ན། དྲག་པོའི་སྒྲིག་འཛུགས་ནང་སྐད་ཆ་ཤོད་སྲོལ་ཞིག་ཡོད་པ་ནི། དམག་མི་འབུམ་ཡོད་ཀྱང་ཞེད་ཀྱི་མི་འདུག་ཀྱང་། དམག་དཔོན་དྲག་གྲས་བརྒྱ་སྐོར་དེ་འདྲ་ཡོད་ན་ཞེད་ཀྱི་འདུག་ལབ་སྲོལ་ཡོད་པ་ལྟར། མགོ་ཁྲིད་མཁན་དེ་ཧ་ལས་པའི་གལ་ཆེན་པོ་ཆགས་ཡོད། ད་ལྟ་རྒྱ་ནག་གཞུང་གིས་ཀྱང་བོད་པའི་མི་རབས་གསར་པ་ཚོར་ལྟ་བསྡད་ཡོད་སྟབས། སོ་སོའི་ཤེས་ཡོན་ཐོག་འབད་བརྩོན་བྱས་ཏེ་མ་འོངས་པར་མི་རིགས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ལས་དོན་སྒྲུབ་མཁན་གྱི་མགོ་ཁྲིད་དེ་འདྲ་ཆགས་ཐུབ་པ་བྱེད་དགོས། ཞེས་སོགས་གསུངས་འདུག

ཤེས་རིག་བཀའ་བློན་མཆོག་གིས་ཤེས་ཡོན་སློབ་གསོའི་ཐད་གསུངས་དོན། ལོ་གཉིས་གོང་ལ་ཨ་རིའི་རོགས་སྐྱོར་ཚན་པས་ཤེས་ཡོན་ཐོག་ཨ་སྒོར་ས་ཡ་ ༢ ཡི་རོགས་སྐྱོར་སྤྲོད་རྒྱུའི་ལས་འཆར་ཐོན་པ་ལྟར་ལག་བསྟར་བྱེད་ཐུབ་པ་བྱུང་ཡོད་པ་མ་ཟད། ལྷག་པར་དུ་ཤེས་རིག་ལས་ཁུངས་ངོས་ནས་འཛིན་གྲྭ་ ༡༢ ཀྱི་སློབ་མ་ཚོར་དམིགས་བསལ་སྦྱོང་བརྡར་དང་། འཛིན་གྲྭ་ ༡༢ ཐོན་རྗེས་ཀྱང་དམིགས་བསལ་ཚུད་རྒྱུགས་གཏོང་དགོས་པའི་འགྲན་བསྡུར་ཆེད་སྦྱོང་བརྡར་སྤྲོད་རྒྱུ་སོགས་ཁྱབ་བསྒྲགས་བྱས་ཡོད། སྔོན་མ་ཕ་མ་ཚོས་གོ་སྐབས་དེ་འདྲ་རེ་བ་རྒྱག་རྒྱུ་ཕར་ཞོག་གོ་མྱོང་ཡང་ཡོད་པ་མ་རེད། ད་ལྟ་ཕྱི་རྒྱལ་ལ་སློབ་སྦྱོང་འགྲོ་རྒྱུ་སོགས་སློབ་མ་རང་ཉིད་ཀྱི་འཇོན་ན་གོ་སྐབས་ཡོད་པ་མ་ཟད་ཐོབ་ཀྱི་ཡང་ཡོད་སྟབས། ད་ལྟ་ཁྱེད་ཚོ་གཞི་རིམ་སློབ་གྲྭའི་ནང་དཀྱོག་མཚམས་ལྟ་བུ་ཞིག་ནང་སླེབ་ཡོད་སྟབས། ད་རེབ་ཟབ་སྦྱོང་འདི་འཛིན་རིམ་བཅུ་པའི་སློབ་ཕྲུག་ཆེད་དུ་གོ་སྒྲིག་བྱས་པ་རེད། ད་ལྟ་ང་ཚོས་ཕྱི་ཕྱོགས་ལ་གསལ་བསྒྲགས་བྱས་ན་འགྲིག་གི་མི་འདུག་མ་གཏོགས། ང་ཚོར་ཁེ་ན་ཌ་གཞུང་གིས་ཤེས་ཡོན་སློབ་གསོ་འཕེལ་རྒྱས་གཏོང་ཆེད་ཨ་སྒོར་ས་ཡ་ ༢ ཀྱི་རོགས་དངུལ་ཐོན་ཡོང་གི་ཡོད་སྟབས། དེ་འདྲའི་ལས་འཆར་དེ་ཚོ་ཞལ་ནས་གསུངས་པ་ཙམ་མིན་པར་དོན་དངོས་ཐོག་ལག་ལེན་འཁེལ་ཡོང་གི་ཡོད་པ་རེད། ཅེས་སོགས་གསུངས་འདུག

དེའི་རྗེས་སྲིད་སྐྱོང་མཆོག་གིས་འཛིན་རིམ་ ༡༢ ཀྱི་གྲུབ་འབྲས་དང་འབྲེལ་བའི་ཐོག་གསུངས་དོན། དེ་རིང་ ༢༠༡༥ མགོ་བཙུགས་ནས་ཉིན་གཉིས་པ་དེ་ཆགས་ཡོད་ལ། བཀའ་ཤག་གི་ཐོག་ནས་ལོ་འདིའི་དབུ་འབྱེད་ཀྱི་མཛད་སྒོ་ཐེངས་དང་པོ་དེ་ཆགས་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ཀྱི་ ༢༠༡༥ ལོའི་ལས་གཞི་ཐོག་མ་དེའང་ཆགས་ཡོད་སྟབས། ངས་འདི་ནི་རྟེན་འབྲེལ་བཟང་པོ་ཞིག་རེད་བསམ་གྱི་འདུག རྣམ་པ་ཚོས་ལོ་གསར་པའི་ཁས་ལེན་དམ་བཅའ་དེ་མ་འོངས་མགོ་ཁྲིད་བྱེད་ཀྱི་ཡིན་ཞེས་པ་དེ་འཇོག་དགོས། དེ་སྔོན་ནས་བཟུང་བཀའ་ཤག་གི་ངོས་ནས་ཤེས་ཡོན་དེ་གལ་འགངས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་ལྟར། ཤེས་རིག་ལས་ཁུངས་ཀྱི་ངོས་ནས་ཀྱང་ཤེས་ཡོན་ཐོག་སྔར་ལྷག་གོ་སྐབས་དང་མཐུན་རྐྱེན་བསྐྲུན་བཞིན་ཡོད། ༢༠༡༠ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འཛིན་རིམ་ ༡༢ ཀྱི་ཡིག་ཚད་ཁྲོད་བོད་རིགས་སློབ་ཕྲུག་ཁྲོད་བརྒྱ་ཆ་ ༨༠ ཡན་ལོན་མཁན་སློབ་མ་ ༡༢༧ བྱུང་ཡོད་ཀྱང་། ༢༠༡༤ ལོར་སློབ་མ་ ༣༢༡ བྱུང་ཡོད་པ་མ་ཟད། བརྒྱ་ཆ་ ༩༠ ཡན་ལོན་མཁན་སྡེ་ཚན་རེ་ནས་གསུམ་རེ་བྱུང་སྟེ་དགའ་ལྡན་ཕོ་བྲང་གི་བྱ་དགའ་ཐོབ་ཡོད་ཀྱང་། ༢༠༡༣ ལོར་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་ཀྱིས་བརྒྱ་ཆ་ ༩༥།༤ ལོན་ཡོད་ཀྱང་། ༢༠༡༤ ལོར་སུ་གང་ལ་བརྒྱ་ཆ་དེ་འདྲ་རག་མེད། ཡིན་ཡང་ད་ལན་མོན་གྷོ་ཌི་སློབ་གྲྭའི་སློབ་མ་ཞིག་གིས་བརྒྱ་ཆ་ ༩༤།༦ ལོན་ཡོད་ཀྱང་། ཁོ་རང་གི་མིང་ལ་ཤཱི་ཝ་ཎཱི་ཅེར་དྷི་རི་ཟེར་བ་ལས་སྒྲོལ་མ་དང་རྡོ་རྗེ་ལབ་ཀྱི་མི་འདུག ཧི་མ་ཅལ་མངའ་སྡེའི་གཞུང་གིས་བོད་ཕྲུག་ཚོར་ཕྱི་ལུགས་ཀྱི་སྨན་པའི་སློབ་སྦྱོང་ཆེད་རྐུབ་སྟེགས་གསུམ་གནང་གི་ཡོད་པ་མ་ཟད། ཚུད་རྒྱུགས་སྐབས་སྤྱི་ཡོངས་སློབ་ཚན་ཁག་གི་ཕྱོགས་བསྡོམས་སྐར་གྲངས་ ༧༢༠ ནས་བོད་པར་དམིགས་བསལ་བཏང་ནས་སྐར་གྲངས་ ༣༦༠ ལས་ལོན་དགོས་ཀྱི་མེད་ཀྱང་། ད་ལོ་སློབ་མ་སུ་གཅིག་ཚུད་མེད་སྟབས་རྐུབ་སྟེགས་དེ་དག་སློབ་མ་གཞན་ལ་ཤོར་སྟབས། མ་འོངས་པར་སློབ་ཕྲུག་ཚོས་སློབ་སྦྱོང་ཐོག་འབད་བརྩོན་བྱས་ནས་ཤེས་རིག་ལས་ཁུངས་ཀྱིས་བསྐྲུན་པའི་མཐུན་རྐྱེན་དེ་དག་ཆུ་ཟོས་སུ་མི་འགྲོ་བར་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ལོ་བཅུའི་སྔོན་ལ་ཤེས་རིག་ལས་ཁུངས་ངོས་ནས་སློབ་ཕྲུག་ ༡༣༠ ལྷག་ལ་སློབ་ཡོན་འབུམ་ ༨༩ གནང་གི་ཡོད་ཀྱང་། ན་ནིང་སློབ་ཕྲུག་ ༥༠༧ ལ་སློབ་ཡོན་འབུམ་ ༣༤༠ ལྷག་སྤྲད་ཡོད་པ་རེད། ཅེས་སོགས་གསུངས་འདུག

དེ་རིང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་བཙན་བྱོལ་བོད་མིའི་དམངས་གཙོའི་སྐོར་ལ་གཏམ་བཤད་གནང་དོན། ད་ཐེངས་ཀྱི་སྲིད་སྐྱོང་འོས་འདེམས་དེར་བལྟས་ཚེ་སྲིད་འཛིན་གྱི་ལམ་ལུགས་ཐོག་འགྲོ་གི་ཡོད་པ་འདྲ་པོ་ཆགས་ཡོད་ཀྱང་། ང་ཚོ་སྲིད་འཛིན་ལམ་ལུགས་རང་ཐོག་འགྲོ་གི་མེད། དེ་བཞིན་གྲོས་ཚོགས་ལམ་ལུགས་ཐོག་འགྲོ་གི་ཡོད་དམ་བརྗོད་ན་གྲོས་ཚོགས་ལམ་ལུགས་ཐོག་ལའང་འགྲོ་གི་མེད་སྟབས། ང་ཚོ་ལམ་ལུགས་དེ་གཉིས་ཀྱི་དཀྱིལ་མཚམས་ལ་ལྷག་བསྡད་པ་འདྲ་པོ་ཞིག་ཆགས་ཡོད་སྟབས། ད་ལྟ་ང་ཚོའི་དམངས་གཙོའི་ལམ་ལུགས་ལ་ཁྱད་ཆོས་ག་རེ་ཡོད་དམ་ཞེ་ན། དང་པོ། ང་ཚོར་ས་ཁུལ་གྱི་འོས་བསྡུ་བྱ་རྒྱུའི་ལམ་ལུགས་དེ་མེད་སྟབས། མི་གཅིག་ལ་འོས་གཅིག་ཟེར་བའི་དམངས་གཙོའི་ལམ་ལུགས་དེའི་ཐོག་ཤར་བསྐྱོད་བྱེད་ཐུབ་ཀྱི་ཡོད་པ་མ་རེད། ང་ཚོའི་སྤྱི་འཐུས་གདམ་སྟངས་དེ་ཆོལ་ཁ་དང་ཆོས་ལུགས་སོ་སོ་ནས་འདེམས་ཀྱི་ཡོད། སྤྱིར་བཏང་ཡུ་རོབ་དང་ཨ་རིའི་སྤྱི་འཐུས་དེ་དག་ས་ཁུལ་གྱི་སྤྱི་འཐུས་ཆགས་ཀྱི་ཡོད་ཀྱང་། བྱང་ཡུ་རོབ་ནས་གཅིག་དང་ལྷོ་ཡུ་རོབ་གཅིག་ཡིན་ཟེར་ནས་འདེམས་ཀྱི་མེད་པ་མ་ཟད། བྱང་ཨ་རིའི་སྤྱི་འཐུས་ཀྱང་ཨ་རི་ནས་གཅིག་དང་ཁེ་ན་ཌ་ནས་གཅིག་ཡིན་ཟེར་བའི་ལམ་ལུགས་མེད་སྟབས། ཨ་རིའི་བོད་མི་ཡོངས་རྫོགས་ཀྱི་སྤྱི་འཐུས་གཉིས་དང་ཁེ་ན་ཌའི་བོད་མི་ཡོངས་རྫོགས་ཀྱི་སྤྱི་འཐུས་གཅིག་འདེམས་ཀྱི་ཡོད་སྟབས། ང་ཚོར་ས་ཁུལ་གྱི་སྤྱི་འཐུས་མེད་སྟབས། མི་གཅིག་ལ་འོས་གཅིག་ཟེར་བའི་ཡོང་གི་མེད། ད་ལྟ་ཨ་རི་དང་ཡུ་རོབ་ནང་ཡོད་མཁན་གྱི་བོད་པ་ཡིན་ཚེ། འོས་ཤོག་གཉིས་རེ་ལྡུག་རྒྱུ་ཡོད་ཀྱང་། ང་ཚོ་རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་གྱི་བོད་མི་སྐྱ་བོ་ཚོ་ཡིན་ན་ཆོལ་ཁ་སོ་སོ་གཞིར་བཞག་འོས་ ༡༠ རེ་དང་གྲྭ་བཙུན་ཚོར་འོས་ ༡༢ རེ་ལྡུག་རྒྱུ་ཡོད་སྟབས། ཡུ་རོབ་ཁུལ་གྱི་བོད་མི་ཚོར་འོས་ ༢ ལས་ལྡུག་རྒྱུ་མེད་ཀྱང་། རྒྱ་བལ་འབྲུག་གསུམ་གྱི་བོད་མི་སྐྱ་བོ་ཚོར་འོས་ ༡༠ དང་སེར་མོ་བ་ཚོར་འོས་ ༡༢ རེ་ལྡུག་རྒྱུའི་ཐོབ་ཐང་ཡོད་སྟབས། མི་རེར་འོས་གཅིག་རེ་ཟེར་བ་དེ་ཏག་ཏག་གཅིག་ཡོང་གི་མེད་པ་རེད། གཞན་ཞིག་ནི་ང་ཚོར་ཆབ་སྲིད་ཚོགས་པ་མེད་སྟབས། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཟེར་བ་དེ་འདྲ་མེད་པ་རེད། ཅེས་སོགས་གསུངས་འདུག

མཇུག་ཏུ་སློབ་ཕྲུག་ཞིག་གིས་སྤེལ་སྐོབ་འཚོ་བྱེད་སྨན་ཁང་དུ་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་རྙོག་གླེང་ཞིག་བྱུང་བའི་སྐོར་ལ་དྲི་བ་བཏོན་པའི་ལན་དུ་ཚོགས་གཙོ་མཆོག་གིས། ང་ཚོས་སྤེལ་ཀོབ་འཚོ་བྱེད་སྨན་ཁང་དང་འབྲེལ་བའི་ཐོག་ནས་ཞིབ་འཇུག་ཚོགས་ཆུང་གཉིས་བཙུགས་པ་རེད། ཞིབ་འཇུག་ཚོགས་ཆུང་དང་པོ་དེ་འཕྲོད་བསྟེན་ལས་ཁུངས་ཀྱིས་བཙུགས་ཡོད་ཀྱང་། འཕྲོད་བསྟེན་བཀའ་བློན་གྱིས་རྩིས་མེད་བཏང་བ་རེད། ཞིབ་འཇུག་ཚོགས་ཆུང་གཉིས་པ་དེ་བཀའ་ཤག་གིས་བཙུགས་ཏེ། ཆད་པ་བསྒྲུབ་དགོས་པ་བསྒྲུབས་པ་དང་ལས་བྱེད་གནས་སྤོས་གཏོང་དགོས་པ་བཏང་བ་བཅས་ཀྱི་བཅད་ཁྲ་བཏང་ཡོད་ཀྱང་། འགན་འཛིན་ལྷག་པ་ཚེ་རིང་གིས་དངུལ་ལྐོག་ཟ་བྱས་བཞག་ཟེར་བ་ཞིབ་འཇུག་ཚོགས་ཆུང་གཉིས་ཀས་ཁུངས་བསྐྱལ་ཐུབ་ཡོད་པ་མ་རེད། ཅ་ལག་གམ་འཕྲུལ་ཆས་གཅིག་ཉོས་ནས་དེའི་ལོ་རེའི་བདག་སྐྱོང་ལོ་གཅིག་མ་བཞག་པར་ལོ་ལྔ་དྲུག་བཞག་ཡོད་སྟབས། ཅ་ལག་གཅིག་ལ་ཧིན་སྐོར་ ༡༣༠༠༠ གནས་ཚེ་བདག་སྐྱོང་གི་རིན་གོང་ཡང་ཧིན་སྒོར་ ༡༣༠༠༠ ཆགས་ཏེ་ཅ་ལག་གི་རིན་གོང་དང་བདག་སྐྱོང་རིན་འབབ་འདྲ་པོ་ཆགས་པའི་གནས་ཚུལ་བྱུང་ཡོད་སྟབས། ང་ཚོས་འཛིན་སྐྱོང་གི་བརྒྱུད་རིམ་ཞིག་གི་ཐོག་ནས་བཀའ་ཤག་གིས་ཐག་གཅོད་གནང་བ་དེར་འགྲིག་གི་མི་འདུག་གང་ཡང་ལབ་མེད། ཐག་གཅོད་གནང་བཞག་པ་དེར་ང་ཚོས་འགྲིག་འདུག་དང་མི་འདུག་གང་ཡང་ཞུ་རྒྱུ་མིན། དོ་བདག་ཁོ་རང་ལ་མ་འགྲིག་པ་ཡིན་ན་ཁྲིམས་ཁང་ལ་འགྲོ་རྒྱུ་ཞིག་ཡོད་ཡོད་པ་རེད། ཅེས་གསུངས་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. བསྟན་པ། says:
    ལོ་ 11 སྔོན།

    གསར་འགོད་པ་ལགས། མགོ་ཁྲིད་རེད་དམ་འགོ་ཁྲིད་རེད། དག་ཡིག་ལ་ཐུགས་འཁུར་གནང་རོགས།

    ཤེས་རིག་བཀའ་བློན་ནས་འགོ་ཁྲིད་ནུས་པ་སྐྱེད་སྲིང་དང་འབྲེལ་བའི་བཀའ་སློབ་ཡག་པོ་གསུངས་འདུག འོན་ཀྱང་སྲིད་སྐྱོང་མཆོག་གིས་ཤེས་རིག་ལས་ཁུངས་གི་ལས་བསྡོམས་ལྟ་བུ་ཞིག་ལས་འགོ་ཁྲིད་དང་འབྲེལ་བའི་སློབ་གསོ་ཚིག་གཅིག་ཡང་གསུངས་ཡག་མེད་པ་དེ་ཁྱད་མཚར་མཐོང་སོང་། ད་དུང་ངས་བརྙན་འཕྲིན་ལ་ལྟ་རྒྱུ་བྱུང་བས། སྲིད་སྐྱོང་མཆོག་གིས་ནས་བོད་དབྱིན་བསྲེས་གང་ཐུབ་ལས་བོད་སྐད་བཀོལ་ཐབས་ལ་འབད་བརྩོན་ཡང་གནང་གི་མི་འདུག་པས་ཡིད་སྐྱོའི་གནས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བཙན་བྱོལ་ སྒྲིག་འཛུགས་ ནང་ལ་ ལྐོག་ཟ་ རུལ་སུངས་ ཨེ། ཧཧ།། །།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་་ ང་ཚོ་རྒྱ་བལ་འབྲུག་གསུམ་ནང་སྡོད་མཁན་གྱི་བོད་མི་སྐྱ་བོ་ཚོ་ཡིན་ན་ཆོལ་ཁ་སོ་སོ་གཞིར་བཞག་འོས་ ༡༠ རེ་དང་གྲྭ་བཙུན་ཚོར་འོས་ ༡༢ རེ་ལྡུག་རྒྱུ་ཡོད་སྟབས། ཡུ་རོབ་ཁུལ་གྱི་བོད་མི་ཚོར་འོས་ ༢ ལས་ལྡུག་རྒྱུ་མེད་ཀྱང་།
    རྒྱ་བལ་འབྲུག་གསུམ་གྱི་བོད་མི་སྐྱ་བོ་ཚོར་འོས་ ༡༠ དང་སེར་མོ་བ་ཚོར་འོས་ ༡༢ རེ་ལྡུག་རྒྱུའི་ཐོབ་ཐང་ཡོད་སྟབས། མི་རེར་འོས་གཅིག་རེ་ཟེར་བ་དེ་ཏག་ཏག་གཅིག་ཡོང་གི་མེད་པ་རེད། གཞན་ཞིག་ནི་ང་ཚོར་ཆབ་སྲིད་ཚོགས་པ་མེད་སྟབས། གཞུང་འཛིན་དང་ཕྱོགས་འགལ་ཚོགས་པ་ཟེར་བ་དེ་འདྲ་མེད་པ་རེད། ་་་་་་་་་་་་་་་་་་་་་

    Reply
  4. བློ་བཟང་། says:
    ལོ་ 11 སྔོན།

    སྦེལ་ཀོབ་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་ལ་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཛ་དྲག་བྱུང་། བཙན་བྱོལ་བོད་གཞུང་གི་འཕྲོད་བསྟེན་བཀའ་བློན་ཡང་རྙོག་དྲ་དེའི་ནང་ཚུད། མདོར་བསྡུས་ན་བཀའ་ཤག་ལྐོག་ཟ་རུལ་སུངས་དང་འབྲེལ་བའི་གནད་དོན་ཞིག་གི་ནང་དུ་ཚུད། དེ་ལ་བཀའ་ཤག་གིས་ཞིབ་འཇུག་བྱས་ཏེ་བཀའ་ཤག་གིས་ཐག་གཅོད་བྱས། དངོས་གནས་ཁྱད་མཚར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese