མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཚོགས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དྷ་རམ་ས་ལར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉེར་བདུན་པ་དེ་དབུ་འཛུགས་གནང་ཡོད་འདུག

དེ་རིང་སྔ་དྲོར་ངྷ་རམ་ས་ལའི་ (Asian health Resort)ཞེས་པའི་རྒྱ་གར་གསོལ་མགྲོན་ཁང་དུ། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༧ པ་དེ་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིའི་ཉིན་གཉིས་རིང་གི་ཚོགས་འདུའི་སྟེང་། བོད་དང་རྒྱ་ནག་གི་གནས་སྟངས་ལ་གཞིགས་ཏེ་འབྲེལ་མོལ་གྱི་ལས་རིམ་བསྐྱར་གསོ་གནང་ཐབས་ཐོགས་བསྐྱར་ཞིབ་བྱ་རྒྱུ་ཡིན་འདུག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་དྲིལ་བསྒྲགས་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག དེ་བཞིན། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་བ་ཡུ་རོབ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་བཅས་དབུ་བཞིགས་ཐོག བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་ཚོགས་འདུར་ཉམས་ཞུགས་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༢ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 7

  1. བཀྲ་ཤིས། says:
    ལོ་ 11 སྔོན།

    དེའི་སྐོར་ལྐོགས་འགྱུར་རེད་སྙན། ཕྱི་ལ་ཚོགས་འདུ་དང་ཞི་མོལ་ཡིན་ཟེར་ནས་ག་ཚོད་བཤད་རུང་དོན་ཡར་རྒྱས་ཀྱི་རྣམ་པ་ཅིག་ཡང་མེད་པ་ནི་ང་ཚོའི་གནས་སྟངས་རེད།

    Reply
  2. བློ་འཕེལ། says:
    ལོ་ 11 སྔོན།

    མིང་རྫིག་ལ་ལག་ལེན་མེད་པའི་དེང་སང་གི་ཞི་མོལ་ཚོགས་ཆུང་།
    ཚོགས་ཆུང་གི་ངོས་ནས་རྒྱ་གཞུང་ལ་ཞི་མོལ་དགོས་པའི་རེ་འདུན་ག་ཚོད་བཏོན་ཡོད། དེའི་ཐོག་ད་བར་ཁ་བཤད་ཙམ་མ་ཡིན་པར་ལག་ལེན་ལ་ག་ཚོད་བསྟར་ཡོད་གསུངས་དང་།
    ཡང་གྲོས་མོལ་ཡོང་ཆེད་ཁོར་ཡུག་ག་ཚོད་བསྐྲུན་ཡོད།
    ཁ་ནས་གང་སྡུག་བཤད་ནས་གྲོས་མོལ་ཇི་ལྟར་ཡོང་།
    ད་ཡང་དགོས་མཁོའི་དབང་གིས་འཁྲབ་སྟོན་ཆེན་པོ་ཞིག་གནང་འདོད་ཡོད་པ་འདྲ།
    སྲིད་སྐྱོང་ལགས། འཁྲབ་སྟོན་མཚམས་འཇོག་གནང་ནས་བོད་ལ་དོན་ཕན་ལྡན་པའི་ཕྱག་ལས་ཞིག་གནང་རོགས། ཤེས་རིག་བཀའ་བློན་འཇོན་མ་སོང་པ། ད་འཆམ་འཆམ་ཕེབས་རོགས།
    ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་ལ་མིག་དཔེ་གཟིགས་དང་བལྟ་ས་དང་ཉན་ས་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བསམ་མ་ཕོད་པ་ཅིག་ནས། བསམ་དགོས་པ་དང་། ཤོད་མི་ཕོད་པ་ཅིག་ནས། ཤོད་དགོས་པ་རེད། མེད་པ་ཅིག་ནས་ཡོད་པ་དང་། མ་འགྲིགས་པ་ཅིག་ནས་འགྲིགས་པ་བཟོ་དགོས་པ་རེད། བོད་རྒྱ་ཞི་མོལ་ལས་དོན་ལན་མང་བྱེད་དགོས་རེད་དོ།།

    Reply
  4. བོད་དགའ། says:
    ལོ་ 11 སྔོན།

    གྲུབ་འབྲས་ཡོང་མིན་ལ་མ་ལྟོས་པར་འགུལ་བསྐྱོད་རྒྱག་དགོས་རེད། གོ་མེད་ཚོར་མེད་ངང་བསྡད་བཞག་པ་ལས་ཡག་གི་རེད་དྲན།
    ང་ལ་ནམ་རྒྱུན་སེམས་ཚོར་ཁྱད་མཚར་ཞིག་ཡོང་གིན་འདུག བོད་རྒྱ་ཞི་མོལ་ཡིན་ནའང་འདྲ། ཧིན་བོད་མཛའ་མོལ་ཡིན་ནའང་འདྲ། བོད་མིའི་སྒྲིག་འཛུགས་དང་འབྲེལ་བའི་ཚོགས་འདུ་མང་པོ་ཞིག་གསོལ་མགྲོན་ཁང་རྫིག་རིན་རྫིག་ཚད་ནང་འཚོགས་བཞིན་འདུག་འདི་ལ་རྒྱུ་མཚན་གང་ཞིག་ཡོད་དམ། གངས་ཅན་སྐྱིད་གཤོངས་ལ་ཚོགས་ཁང་མེད་པ་ཡིན་ནམ། ང་ཚོའི་གནས་སྟངས་སྐྱབས་བཅོལ་གྱི་གནས་སྟངས་རེད། ནམ་ཡིན་ཡང་རྒྱས་སྤྲོས་དང་དངས་འདོད་ཆེན་པོའི་འགྲོ་སོང་གཏོང་དགོས་པ་མི་འདུག་དྲན། འདིའི་ཐད་སུས་མཁྱེན་གྱིན་ཡོད་ན་འགྲེལ་བཤད་གནང་རོགས།

    Reply
  5. མཁར་སྟོད། says:
    ལོ་ 11 སྔོན།

    ཨེ་མ་ཧོ། བོད་མི་ཚོ་གཟིགས་དང་ཚོགས་བཅར་བ་མང་ཆེ་བ་བོད་པ་རེད། མགྲོན་ཁང་(Asian health Resort)ཞེས་པའི་སྐད་གྲགས་ཆེན་པོ་དེའི་ནང་ཚོགས་དགོས་དོན་གང་ཡིན་ནམ། དོན་མེད་རྒྱ་གར་བའི་ལག་ཏུ་དངུལ་དམར་སྤྲད་པ་མ་ཡིན་ནམ།

    གངས་ཅན་སྐྱིད་བཤོངས་ནང་གི་ཚོགས་ཁང་ཆེ་ཆུང་སྣ་ཚོགས་ཡོད་པ་དེ་ཚོ་སྒོ་རྒྱོབས་རྙིང་པ་ཆགས་ན་བཟོ་བཅོས་བྱས་ཆོག་རེད། ཧཧཧཧ།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    དབུས་སྒྲིག་འཛུགས་ངོས་ནས། བོད་རྒྱ་ཞི་མོལ་ལྷན་ཚོགས་ཐེངས་༢༧ པ་དབུ་འཛུགས་གནང་བར་དགའ་བསུ་དང་། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་ལགས། གྲུབ་འབྲས་ཅུང་ཟད་སྨིན་པའི་རེ་བ་དང་། སྨོན་ལམ་ཡོད།

    Reply
  7. བློ་དར། says:
    ལོ་ 11 སྔོན།

    ཚོགས་ཐེངས་མང་ལ་གྲུབ་འབྲས་མེད་པའི་ཞི་ཚོགས།
    བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ཟེར་བ་འདིའི་ཚོགས་འདུའི་གྲངས་ཀ་འཕར་འགྲོ་བ་ལས་གྲུབ་འབྲས་འདི་ཡིན་ཟེར་ན་སྣེ་གཅིག་ཀྱང་སྟོན་རྒྱུ་ཡོད་མ་རེད། ཁ་སང་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་ཚོགས་བཅར་བ་ཚོས་རྒྱ་གར་གྱི་གསོལ་མགྲོན་ཁང་དུ་ཇ་འཐུང་ནས་བསྡད་ཡོད་པའི་པར་མང་པོ་ཞིག་འགྲོ་བཞིན་འདུག དོན་ངོ་མའི་ཐོག་ནས་ཀྱང་ཇ་འཐུང་ནས་སྡོད་རྒྱུ་ལས་གཞན་ཅི་གང་ཡོད་མ་རེད། ༢༠༡༠ ལོ་ནས་བཟུང་བོད་རྒྱ་འབྲེལ་མོལ་ཐད་མདུན་སྐྱོད་གོམ་གང་སྤོ་ཐུབ་མེད་པ་མ་ཟད། རྒྱ་ཕྱོགས་ནས་ཇེ་མཁྲེགས་ནས་ཇེ་མཁྲེགས་སུ་བཏང་སྟེ་ད་ལྟ་བོད་ཕྱོགས་ལ་གོམ་གང་ཡང་སྤོ་ས་མེད་པ་བཟོས་ཡོད་པ་རེད། ནང་དོན་དངོས་གནས་དེ་དེ་ག་རང་རེད་དོ།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese