མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པས་གྲོས་མོལ་བྱེད་རྒྱུ་མིན་ཟེར།

བོད་ཀྱི་དུས་བབ།
༢༠༡༥/༠༡/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཧྥ་རན་སིའི་ཉེན་རྟོག་པས་རྒྱལ་སར་གཏོར་རྒོལ་གཏོང་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པ་གཉིས་ཀྱི་མཐའ་བསྐོར་ནས་གྲོས་མོལ་བྱེད་རྒྱུའི་དགོས་འདུན་བཏོན་ཡོད་ཀྱང་ཁོ་གཉིས་ཀྱིས་དང་ལེན་བྱས་མི་འདུག

ཟླ་འདིའི་ཚེས་ ༧ ཉིན་ཧྥ་རན་སིའི་རྒྱལ་སར་བརྟེན་གཞི་བྱས་པའི་ཆར་ལི་ཧབ་ཏོ་ཟེར་བའི་གསར་ཁང་དུ་གློ་བུར་དུ་ལག་ཏུ་མེ་མདའ་བཟུང་པའི་འཇིགས་སྐུལ་དྲག་སྤྱོད་པ་གཉིས་འཛུལ་ཏེ། ཆར་ལི་ཧབ་དོ་(Charlie Hebdo)ཟེར་པའི་ཟུར་ཟའི་ཚགས་དེབ་རྩོམ་སྒྲིག་པ་དང་གསར་འགོད་པ་བཅུ་དང་། སྐོར་སྲུང་བ་གཉིས་བཅས་མི་ ༡༢ སྡེབ་གསོད་བྱས་རྗེས་བྲོས་ཡོད་འདུག

ཧྥ་རན་སི་གཞུང་དམངས་གཉིས་ཀྱིས་འདས་པོ་དེ་དག་ལ་མྱ་ངན་དང་། དྲག་སྤྱོད་པ་ཚོས་ག་རེ་བྱས་ཀྱང་ཧྥ་རན་སིའི་གསར་འགོད་རང་དབང་འགོད་ཐབས་མེད་བརྗོད་ཡོད་དང་། དེ་རིང་ཧྥ་རན་སིའི་མི་མང་སྟོང་ཕྲག་མང་པོ་རྒྱལ་སའི་མདུན་ཐད་དུ་འཛོམས་ཏེ་གསར་ཁང་དེར་གདུང་སེམས་མཉམ་སྐྱེད་དང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཚོ་རྩ་མེད་བཟོ་དགོས་པའི་རྔམ་སྟོན་བྱས་ཡོད་འདུག

ཁ་སང་ཧྥ་རན་སིའི་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་པར་དོགས་པ་ཡོད་པའི་མི་ ༧ འཛིན་བཟུང་བྱས་ཡོད་ཀྱང་། ད་དུང་གསར་ཁང་ལ་དྲག་སྤྱོད་སྤེལ་མཁན་རང་ལོ་ ༣༤ ཡིན་པའི་ཤེ་རིབ་ཁཱོ་ཝ་ཆཱི་(Cherif Kouachi)དང་། རང་ལོ་ ༣༣ ཡིན་པའི་ས་ཡི་ཌཱ་ཁཱོ་ཝ་ཆཱི་(Said Kouachi)ཕུ་ནུ་གཉིས་འཛིན་བཟུང་བྱེད་ཐུབ་མེད་སྟབས། ཧྥ་རན་སི་གཞུང་གིས་ཉེན་རྟོག་པ་དང་དམག་མི་ ༨༠༠༠༠ བཏང་སྟེ་རྒྱལ་ས་དང་རྒྱལ་སའི་ཉེ་འདབས་ས་ཁུལ་ཁག་ཡོངས་རྫོགས་བརྟན་སྲུང་བྱས་ཡོད་འདུག

འཇིགས་སྐུལ་བ་དེ་གཉིས་ཀྱིས་དྲག་སྤྱོད་ལས་དོན་དེ་སྤེལ་རྗེས་བྲོས་ཡོད་པ་དང་། ཁོ་གཉིས་ཀྱིས་མི་གཞན་ ༥ ཙམ་བཙན་འཁྲིད་བྱས་ཏེ། གྲོང་འཁྱེར་དཀྱིལ་གྱི་ཌམ་མར་ཊེན་གྷེལ་()ཞེས་པའི་ཁང་རྩེག་ནང་འཛུལ་ཡོད་སྟབས། དེ་རིང་ཧྥ་རན་སིའི་ཉེན་རྟོག་པས་དྲག་སྤྱོད་པ་དེ་གཉིས་ཡིབ་སྡོད་བྱེད་སའི་མཐའ་བསྐོར་ཏེ། གྲོས་མོལ་བྱེད་རྒྱུའི་དགོས་འདུན་བཏོན་ཡོད་ཀྱང་། དྲག་སྤྱོད་པ་དེ་གཉིས་ཀྱིས་ཀྱིས་སོ་སོའི་རང་སྲོག་གཅོད་རྒྱུ་ལས་གྲོས་མོལ་བྱེད་རྒྱུ་མིན་སྐོར་བརྡ་ལན་སྤྲད་ཡོད་འདུག

འདིའི་ཐད་ཧྥ་རན་སིའི་སྲིད་འཛིན་ཧོ་ལན་ཌི་མཆོག་གིས། “ད་ལྟ་ཉེན་རྟོག་པས་འཇིགས་སྐུལ་རིང་ལུགས་པ་གཉིས་ཡིབ་སྡོད་བྱེད་སར་མཐའ་བསྐོར་ནས་མགོ་བཏགས་ཞུ་དགོས་སྐོར་བརྗོད་ཀྱང་། ཁོ་གཉིས་ཀྱིས་མགོ་བཏགས་ཞུས་པ་ལས་སྤོབས་པ་ཆེན་པོའི་ཐོག་ནས་རང་སྲོག་གཅོད་རྒྱུ་ཡིན་སྐོར་ཚུར་བརྡ་ལན་སྤྲོད་བཞིན་ཡོད་སྟབས། ང་ཚོས་ཆུ་ཚོད་གཉིས་ནང་ཚུད་དུ་གང་བྱེད་དགོས་མིན་ཐག་གཅོད་བྱེད་རྒྱུ་ཡིན”ཞེས་བརྗོད་འདུག 

ཧྥ་རན་སིའི་རྒྱལ་སའི་དོན་རྐྱེན་དེ་བྱུང་རྗེས་ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་། དབྱིན་ཡུལ་གྱི་སྲིད་བློན་ཀེམ་རོན་སོགས་རྒྱལ་ཁབ་ ༢༥ ཙམ་གྱིས་གདུང་སེམས་མཉམ་སྐྱེད་ཀྱི་ཞུ་ཡིག་ཕུལ་ཏེ། འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་ལྕོག་རྒྱུར་རོགས་རམ་གང་དགོས་གནང་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་འདུག

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་ཧྥ་རན་སི་གཞུང་ལ་ཧྥ་རན་སིའི་རྒྱལ་སར་མི་གསོད་དོན་རྐྱེན་བྱུང་བར་སེམས་ཚོར་ཆེན་པོས་སེམས་གསོ་ཞུ་བཞིན་ཡོད་པ་དང་། ལྷག་པར་དུ་གོད་ཆག་དེའི་འོག་འདས་གྲོངས་སུ་གྱུར་བ་དང་རྨས་སྐྱོན་ཕོག་པའི་ཉེ་འབྲེལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་དང་སྨོན་ལམ་ཞུ་རྒྱུ། སྨྲ་བརྗོད་རང་དབང་ནི་འཇིག་རྟེན་ཀུན་ལ་ཁྱབ་པ་ཞིག་ཡིན་སྟབས། དེར་འཚེ་བའི་ལམ་ནས་འགོག་ཐབས་བྱས་པ་ནི་ཐབས་སྡུག་གི་གནས་ཚུལ་ཞིག་ཡིན་སྐོར་སོགས་བརྗོད་འདུག

གནད་དོན་དབྱེ་ཞིབ་པ་ཚོས། འཇིགས་དྲག་སྤྱོད་པ་དེ་གཉིས་ཀྱིས་མི་མང་པོ་བསད་ཡོད་སྟབས། གཞུང་གིས་གྲོས་མོལ་བྱེད་པ་ལས། ཐད་ཀར་དམར་གསོད་བཏང་སྟེ་འདས་པོ་ཚོའི་ནང་མིར་སེམས་གསོ་གཏོང་ཐབས་བྱེད་དགོས་པ་དང་། ཡང་ཁག་ཅིག་གིས་ད་ལྟ་འཇིགས་སྐུལ་རིང་ལུགས་པའི་ལག་པར་མི་ཁག་ཅིག་ཉར་ཡོད་སྟབས། གྲོས་མོལ་བརྒྱུད་མི་དེ་དག་གི་ཚེ་སྲོག་ཐར་ཐབས་བྱེད་གལ་ཆེ་སྐོར་སོགས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Wang made a research tour in Tibet from July 19 to 22. [Xinhua/Liu Bin]
Mobile App

རྒྱ་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ཝང་ཧུའུ་ཉིང་ལྷ་ས་དང་མངའ་རིས་ཁུལ་དུ་ཕྱིན།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

༢༠༢༦/༠༧/༢༣
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    དྲག་སྤྱོད་པ་གཉིས་ཀ་བསད་ཚར་འདུག སྙིང་གཅེས།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་ གནད་དོན་དབྱེ་ཞིབ་པ་ཚོས། འཇིགས་དྲག་སྤྱོད་པ་དེ་གཉིས་ཀྱིས་མི་མང་པོ་བསད་ཡོད་སྟབས། གཞུང་གིས་གྲོས་མོལ་བྱེད་པ་ལས། ཐད་ཀར་དམར་གསོད་བཏང་སྟེ་འདས་པོ་ཚོའི་ནང་མིར་སེམས་གསོ་གཏོང་ཐབས་བྱེད་དགོས་པ་དང་།
    ཡང་ཁག་ཅིག་གིས་ད་ལྟ་འཇིགས་སྐུལ་རིང་ལུགས་པའི་ལག་པར་མི་ཁག་ཅིག་ཉར་ཡོད་སྟབས། གྲོས་མོལ་བརྒྱུད་མི་དེ་དག་གི་ཚེ་སྲོག་ཐར་ཐབས་བྱེད་གལ་ཆེ་སྐོར་སོགས་བརྗོད་འདུག ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese