མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་འོག་བུ་སྐྱེས་ཁང་ཞིག་རྩད་ཆོད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་སྔོན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ནས་ས་འོག་བུ་སྐྱེས་ཁང་ཞིག་རྩད་ཆོད་དེ། དོགས་ཡོད་ཉེས་ཅན་ ༡༠༣ འཛིན་བཟུང་བྱས་ནས་བྱིས་པ་ ༣༧ བསྐྱབས་ཡོད་འདུག

ཁ་སང་རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་ཉེན་རྟོག་པས། གྲོང་ཁྱེར་དེའི་གད་སྙིགས་བཟོ་གྲྭ་རྙིང་པ་ཞིག་ནས་ས་འོག་བུ་སྐྱེས་ཁང་ཞིག་རྩད་ཆོད་དེ། ལྐོག་ཚོང་བྱས་པའི་བྱིས་པ་ ༣༧ བསྐྱབས་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་ ༡༠༣ འཛིན་བཟུང་བྱས་ཡོད་འདུག སྤྱི་ཚོགས་གནད་དོན་དཔྱད་ཞིབ་པ་ཚོས་རྒྱ་གཞུང་གི་འཆར་ལྡན་བུ་སྐྱེས་དང་ཕོ་མོ་དབྱེ་འབྱེད་ཀྱི་ཐོག་ནས་གནད་དོན་འདི་རིགས་བྱུང་བཞིན་ཡོད་སྟབས། རྩ་བའི་གནད་དོན་ཐག་བཅད་དེ་བྱིས་པ་ཉོ་མཁན་ཉུང་དུ་བཏང་བ་ཡིན་ན། ད་གཟོད་བྱིས་པ་བཙོང་སའི་ཚོང་ར་ཉུང་དུ་ཕྱིན་ཏེ། བྱིས་པ་བསླུ་ཚོང་གི་གནད་དོན་རང་བཞིན་གྱིས་ཉུང་དུ་འགྲོ་རྒྱུ་ཡིན་སྐོར་བརྗོད་ཀྱི་འདུག

ཐེངས་འདིར་ཉེན་རྟོག་པས་རྩད་ཆོད་བྱུང་བའི་ཕྲུ་གུ་མང་ཆེ་བ་ནི། ས་འོག་བུ་སྐྱེས་ཁང་དེས་ཐབས་ལམ་སྣ་ཚོགས་སྤྱད་དེ་ཕ་མ་ཚོར་གྲོས་ཆོད་འཇོག་ཏུ་བཅུག་རྗེས། སྦྲུམ་མ་བུ་སྐྱེས་ཁང་དུ་ཁྲིད་ཡོང་ནས་ཕྲུ་གུ་སྐྱེས་མ་ཐག་བུ་མོ་ཞིག་ལ་རྒྱ་སྒོར་ཁྲི་ ༥ ནས་ ༦ དང་། བུ་གཅིག་ལ་ཁྲི་ ༨ སྤྲད་ནས་ཉོས་ཡོད་པ་དང་། ཕྲུ་གུ་དེ་ཚོ་བསླུ་བྲིད་བཏང་ནས་བརྐུས་ཡོང་བའི་བྱིས་པ་ཚོ་དང་མཉམ་དུ་གྲོང་གསེབ་ཀྱི་འགོས་ནད་སྨན་ཁང་ཞིག་གི་རོ་ཁང་དུ་བཅུག་སྟེ། རྒྱུན་དུ་སྟབས་བདེའི་ཐུག་པ་དང་སྔོ་ཚལ་སྙིགས་རོ་སོགས་སྤྲད་དེ་མ་ཤི་ཙམ་དུ་བཞག་ཡོད་པ་མ་ཟད། ཕྲུ་གུ་ནད་པ་ཚོ་གང་བྱུང་དུ་གཡུགས་ཏེ་འཆི་གསོན་ལ་དོ་སྣང་བྱས་མེད་སྟབས། ཕྲུ་གུ་ཁ་ཤས་རྙིང་རུལ་དུ་གྱུར་ཡོད་པ་དང་། གསོན་པོར་ལུས་པའི་ཕྲུ་གུ་ཚོའི་ནང་དུའང་བདེ་ཐང་ཡིན་པ་གཅིག་ཀྱང་མེད་པ་མ་ཟད། ཕྲུ་གུ་ ༧ ལ་ཨེ་ཙི་དང་རེག་དུག་གི་ན་ཚ་ཡོད་འདུག

རྩད་ཆོད་པའི་བྱིས་པ་ཚོའི་ནང་ནས་ལོ་ན་ཆེ་ཤོས་ཡིན་པའི་ལོ་ ༣ ཅན་གྱི་བྱིས་པ་ཞིག་གིས། ཁོ་བོ་རྨོ་མོ་དང་ཨ་སྲུ་གཉིས་ཀྱིས་རྒྱ་སྒོར་ཁྲི་ ༤༢༠༠༠ བྱས་ཏེ་གཞན་ལ་བཙོང་ཡོད་ལུགས་བརྗོད་ཡོད་པ་དང་། ཕྱིས་སུ་ཕྲུ་གུ་དེའི་ཨ་མས་རང་གི་བྱིས་པ་རྙེད་སོན་བྱུང་ཡོད་པ་ཤེས་རྟོགས་བྱུང་སྟེ་ལེན་དུ་ཡོང་ཡོད་འདུག ཡིན་ནའང་། ད་ལྟའི་བར་ཕྲུ་གུ་གཞན་རྣམས་ལ་བདག་པོ་བྱུང་མེད་སྟབས། གནས་སྐབས་རིང་ཁ་ཤས་ཕ་ཚབ་མ་ཚབ་ཀྱི་ཁྱིམ་དུ་བཞག་ནས་བདག་སྐྱོང་བྱེད་ཀྱི་ཡོད་པ་དང་། ཁ་ཤས་ཧྲན་ཏུང་ས་གནས་ཀྱི་བྱིས་པའི་ཕན་བདེ་གླིང་གཉིས་སུ་བསྐྱལ་ཡོད་འདུག

ཧྲན་ཏུང་ཉེན་རྟོག་པས་གསར་འགྱུར་བརྒྱུད་ལམ་དུ། བྱིས་པ་ལྐོག་ཚོང་གི་ཉེས་དོན་འདི་ནི་རྣམ་པ་གསར་པའི་ཉེས་དོན་ཞིག་ཡིན་ལ། དང་ཐོག་ཧྲན་ཏུང་ཡན་ཀྲུའུ་ལྕགས་ལམ་ཉེན་རྟོག་པས་ས་གནས་གཞན་གྱི་སྦྲུམ་མ་མང་པོ་ཅི་ལིན་གྲོང་ཁྱེར་དུ་ཡོང་ནས་ཉིན་ཤས་བསྡད་རྗེས། ཕྲུ་གུ་འཁྱེར་མེད་པར་ཕྱིར་ལོག་འགྲོ་བའི་དོགས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པར་བརྟེན། འདས་པའི་ཟླ་ ༢ ལྷག་རིང་ཉེན་རྟོག་པས་རྩད་གཅོད་བྱས་པ་བརྒྱུད་ས་འོག་བུ་སྐྱེས་ཁང་འདི་རྩད་ཆོད་ཡོད་པ་དང་། འཛིན་བཟུང་བྱས་པའི་དོགས་ཡོད་ཉེས་ཅན་ཚོས་ཧྲན་ཏུང་ཅི་ལིན་དུ་སྦྲུམ་མ་མང་པོ་ཁྲིད་ཡོང་སྟེ་ཕྲུ་གུ་ལྐོག་ཚོང་བྱས་ཡོད་པ་མ་ཟད། སི་ཁྲོན་དང་ཡུན་ནན། ཀེ་ཀྲུའུ་སོགས་ནས་ཕྲུ་གུ་མངར་འབྱར་བརྐུ་འཕྲོག་བསླུ་ཉོ་བྱས་ཏེ། ཧྲན་ཏུང་ཅི་ལིན་དང་ཆི་ཧྥོ། ལིན་ཡེ་སོགས་སུ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་ཁུངས་སྣེ་རྙེད་ཡོད་སྟབས། མུ་མཐུད་ཉེས་དོན་འདིར་གཏིང་ཟབ་ཀྱིས་རྩད་གཅོད་ཞིབ་འཇུག་བྱ་རྒྱུ་ཡིན་ལུགས་བརྗོད་འདུག

གོང་གི་གནད་དོན་ཐད་ཧྲིན་ཀྲིན་དེང་རབས་སྤྱི་ཚོགས་ཞིབ་འཇུག་ཁང་གི་འགན་འཛིན་ལུའུ་ཁེ་མིན་གྱིས། ཕ་མས་རང་གི་བྱིས་པ་ལྐོག་ཚོང་བྱིས་པའི་གནས་ཚུལ་རྒྱ་ནག་ཡུན་ནན་དང་ཀེ་ཀྲུའུ་སོགས་སུའང་བྱུང་ཡོད་ཀྱང་། ཧྲན་ཏུང་ས་འོག་བུ་སྐྱེས་ཁང་གི་གནད་དོན་འདིས་མི་རྣམས་ཧང་སང་ཞིང་སྡང་སེམས་ཆེན་པོ་བསླངས་ཡོད་ཀྱང་། རང་ཉིད་ཀྱི་ཕྲུ་གུ་བཙོང་མཁན་གྱི་ཨ་མ་ཚོ་ཉེས་ཅན་ཡིན་ལ། གནོད་འཚེ་ཐེབས་མཁན་ཡང་ཡིན་སྟབས། སྲིད་གཞུང་གིས་གནད་དོན་འདི་རིགས་ཀྱི་ཐོག་ནས་སྤྱི་ཚོགས་ཀྱི་འགན་སྲུང་མ་ལག་ཇི་ལྟར་ལེགས་བཅོས་བྱས་ན། ད་གཟོད་ཉེས་དོན་འདི་རིགས་རྩ་བ་ནས་མི་འབྱུང་བར་བསམ་ཞིབ་བྱེད་དགོས་པ་རེད། རྒྱ་ནག་གིས་སྒོར་མོ་ཡོད་ལབ་པ་དེ་དོན་དངོས་ཐོག་སྲིད་གཞུང་ལ་སྒོར་མོ་ཡོད་པ་ཙམ་མ་གཏོགས་སྒོར་མོ་ཡོད་མཁན་གྱི་མི་ཉུང་ཉུང་རེད། ལྷག་པར་དུ་ཞིང་གྲོང་བ་ཚོར་སྲིད་གཞུང་གིས་རོགས་རམ་བྱས་པ་ཉུང་བའི་ཁར་ཁོ་ཚོར་ཡོང་སྒོ་འཚོལ་བའི་གོ་སྐབས་ཀྱང་ཧ་ཅང་ཉུང་སྟབས། ཐ་ན་འཚོ་གནས་ལའང་དཀའ་ངལ་ཡོད་པ་ཡོངས་ཁྱབ་ཡིན་པ་དང་། དེའི་ནང་ནས་ཀྱང་ཞིང་གྲོང་གི་བུད་མེད་ཚོར་དཀའ་ངལ་ཆེན་པོ་ཡོད་སྐོར་བརྗོད་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་ནང་བྱིས་པ་དང་བུད་མེད་ལྐོག་ཚོང་བྱས་པའི་ཉེས་དོན་མང་པོ་རྩད་ཆོད་ཡོད་པ་ལྟར། བསྡོམས་རྩིས་ལྟར་ན་ཕྱི་ལོ་ ༢༠༡༠ དང་ ༢༠༡༡ ནང་ལྐོག་ཚོང་བྱས་པའི་བྱིས་པ་ ༡༣༠༠༠ དང་། ༢༠༡༢ ལོར་བྱིས་པ་དང་བུད་མེད་ཁྱོན་ ༢༤༠༠༠ བསྐྱབས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༣ པའི་ནང་རྒྱ་ནག་ཉེན་རྟོག་ཁང་གིས་ཧུའུ་ནན་དང་ཡུན་ནན། སི་ཁྲོན། ཧྲན་ཏུང་། ཀང་ཏུང་སོགས་ཞིང་ཆེན་ ༡༡ ནང་ནས་ལྐོག་ཚོང་བྱས་པའི་བྱིས་པ་ ༩༢ དང་བུད་མེད་གཉིས་བསྐྱབས་ཏེ། དོགས་ཡོད་ཉེས་ཅན་ ༣༠༡ འཛིན་བཟུང་བྱས་ཡོད་པ་དང་། དེ་ནི་ཉེ་བའི་ལོ་འགའི་ནང་རྩད་ཆོད་བྱུང་བའི་མི་ལྐོག་ཚོང་གི་ཉེས་དོན་ཚབས་ཆེ་ཤོས་ཤིག་ཆགས་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    ་་་་་་་་་་་་་ ཁ་སང་རྒྱ་ནག་གཞུང་འབྲེལ་དྲ་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་ཧྲན་ཏུང་ཞིང་ཆེན་ཅི་ལིན་གྲོང་ཁྱེར་གྱི་ཉེན་རྟོག་པས། གྲོང་ཁྱེར་དེའི་གད་སྙིགས་བཟོ་གྲྭ་རྙིང་པ་ཞིག་ནས་ས་འོག་བུ་སྐྱེས་ཁང་ཞིག་རྩད་ཆོད་དེ། ལྐོག་ཚོང་བྱས་པའི་བྱིས་པ་ ༣༧ བསྐྱབས་ཡོད་པ་མ་ཟད། དོགས་ཡོད་ཉེས་ཅན་ ༡༠༣ འཛིན་བཟུང་བྱས་ཡོད་འདུག ་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese