མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བརྡ་འཕྲིན་དམག་འཁྲུག་ཁྲོད་གྱི་རང་སྲུང་།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་བརྡ་འཕྲིན་དམག་འཁྲུག་གི་དུས་རབས་ནང་བོད་མི་ཚོའང་ཉེན་ཁ་བརྒྱུད་བཞིན་ཡོད་སྟབས། རང་གི་ཐོབ་ཐང་དང་རང་དབང་རྩོད་ལེན་གྱི་ཞོར་དུ་རང་སྲུང་བྱེད་དགོས་ཟེར།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་མེག་གྷན་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། དྲ་རྒྱའི་ཉེན་སྲུང་སྐོར་གྱི་༼ བོད། དྲ་བའི་དམག་འཁྲུག་གསར་པའི་མདུན་ས།༽ཞེས་པ་ཞིག་གཟིགས་འབུལ་དང་མཉམ་དུ་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང་།

གློག་བརྙན་མགོ་འཛུགས་མ་བྱས་སྔོན་ལ་བསྟི་གནས་ཁང་གི་འཕྲུལ་རིགས་ཉེན་སྲུང་འགན་འཁུར་བ་བློ་བཟང་རྒྱ་མཚོ་ལགས་ཀྱིས། ད་ལྟ་རྒྱལ་སྤྱིའི་ཐོག་བརྡ་འཕྲིན་བརྒྱུད་ལམ་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ། བོད་ཕྱི་ནང་བར་འབྲེལ་ལམ་ཡང་སྔར་ལས་ཆེ་རུ་ཕྱིན་ཏེ། ཕན་ཚུན་ལ་གནས་ཚུལ་མཁོ་སྤྲོད་བྱེད་སྐབས། རྒྱ་གཞུང་གིས་བོད་ནང་གི་བོད་མི་མང་པོ་ཞིག་འཛིན་བཟུང་བྱེད་བཞིན་ཡོད་སྟབས། མ་འོངས་པར་ཉེན་ཁ་འགོག་ཆེད་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན་སྐོར་དང་། ང་ཚོར་རྒྱ་ནག་གཞུང་གི་དྲ་བའི་དམག་འཁྲུག་ཇི་ཙམ་སྟོབས་ཤུགས་ཆེན་པོ་ཡོད་ཀྱང་། ང་ཚོར་དེ་དག་སྔོན་འགོག་གི་ནུས་པ་དང་ཐབས་ལམ་ཡོད་པ་གསལ་སྟོན་བྱས་པ་དང་འབྲེལ་ཏེ། སྤྱི་ཚོགས་ནང་བརྡ་འཕྲིན་ཉེན་སྲུང་སྐོར་ལ་གོ་རྟོགས་སྤེལ་ཆེད་ཡིན། ཞེས་བརྗོད་བྱུང་།

ཡིག་ཐོག་གི་གསལ་བསྒྲགས་ནང་འཁོད་དོན། དྲ་བའི་དམག་འཁྲུག་གསར་པའི་མདུན་ས་ཟེར་བའི་གློག་བརྙན་གྱི་བསྟན་དོན་ནི། བོད་པའི་འཐབ་རྩོད་ཁྲོད་བོད་མི་རྣམས་ཀྱིས་སོ་སོའི་གཉེན་ཉེ་དང་གྲོགས་པོ་ཚོ་དང་འབྲེལ་བ་མུ་མཐུད་དུ་ཉར་བ་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་བཏང་བའི་དྲ་ཐོག་གི་འཇབ་རྒོལ་རིགས་ལ་འགོག་སྲུང་དང་ལྷན་དུ་སོ་སོའི་རང་དབང་དང་ཐོབ་ཐང་གི་འཐབ་རྩོད་དེའང་རྒྱ་ཆེ་རུ་གཏོང་གི་ཡོད་པའི་སྐོར་འཁོད་འདུག་ལ། གློག་བརྙན་འདིའི་ཁོངས་སུ་ཁེ་ན་ཌ་ཀྲོ་རོན་ཀྲོ་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་གནད་དོན་སློབ་གླིང་མི་མང་བརྟག་དཔྱད་ཁང་གི་ཆེད་མཁས་པ་འགར་བཅར་འདྲི་བྱས་ཡོད་ཅིང་། ཁོང་ཚོ་ནི་ ༢༠༠༩ ལོར་རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་དང་སྐུ་སྒེར་ཡིག་ཚང་གཙོས་རྒྱལ་སྤྱིོའི་ཐོག་གི་གཞུང་སྒེར་ཚོགས་པ་མང་པོ་ཞིག་ལ་དྲ་བའི་གཏོར་བཅོམ་དང་གསང་ཉུལ་བྱེད་ཀྱིན་ཡོད་པའི་སྐོར་གྱི་ (GhostNet) ཟེར་བའི་སྙན་ཐོ་འདོན་མཁན་དེ་ཡིན་འདུག

བསྟི་གནས་ཁང་གི་ལས་འཆར་འགན་འཁུར་བ་ནེ་ཐན་ཧྥི་ཌ་སེ་ (Nathan Freitas)ལགས་ཀྱིས་བརྗོད་དོན། ངའི་དམིགས་ཡུལ་ནི་རྒྱལ་སྤྱིའི་མང་ཚོགས་ཚོར་རོགས་རམ་བྱས་ཏེ་བཀག་རྒྱ་མེད་པར་རང་དབང་གི་ཐོག་ནས་འབྲེལ་ལམ་བྱེད་རྒྱུ་དེ་ཡིན། ང་དྲ་རྒྱ་དང་འཕྲུལ་རིག་ལ་དགའ་ཞེན་ཡོད་མཁན་ཞིག་ཡིན་སྟབས། དྲ་རྒྱར་འཇབ་རྒོལ་བྱེད་མཁན་དང་བེད་སྤྱོད་ལོག་པ་བཏང་སྟེ་མི་གཞན་ལ་གནོད་སྐྱེལ་མཁན་ཚོར་ཁོང་ཁྲོ་ཟ་གི་འདུག གལ་སྲིད་ཁྱེད་ཀྱིས་དྲ་རྒྱའི་དམག་འཁྲུག་ལ་ཉམས་ཞིབ་བྱས་ཚེ་ཁྱེད་རང་ཞེད་སྣང་སྐྱེ་དགོས་པ་ཞིག་ཡིན་པ་མ་ཟད། འཕྲུལ་ལས་ཤུགས་ཆེ་རུ་ཕྱིན་པ་དང་བསྟུན་ཏེ་དྲ་རྒྱའི་དམག་འཁྲུག་ཁྲོད་ཁྱེད་རང་ལའང་ཉེན་ཁ་གཅིག་མཚུངས་འཕྲད་བཞིན་ཡོད་སྟབས། དེ་རིང་གཟིགས་འབུལ་ཞུས་པའི་སྙན་ཐུང་དེ་བརྒྱུད་ནས་ཉེན་ཁ་དེ་དག་འགོག་པའི་ཐབས་ལམ་འཚོལ་ཆེད་ཡིན། ཞེས་བརྗོད་བྱུང་།

ཁོས་མུ་མཐུད་དུ། ད་ལྟ་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་སྐད་འཕྲིན་བེད་སྤྱོད་གཏོང་མཁན་ས་ཡ་ ༤༠༠ ཙམ་ཡོད་ཁོངས་ནས་ས་ཡ་ ༧༠ ཙམ་རྒྱལ་ཁབ་གཞན་གྱི་མི་ཆགས་ཡོད་སྟབས། ང་ཚོས་ད་ལྟ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་རྒྱ་ནག་གི་ཁེ་ལས་ཁག་གིས་གདེང་སྤོབས་ཐོབ་ཐབས་བྱེད་བཞིན་ཡོད་པ་དེར་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་ཡང་། བོད་ནང་གི་བོད་མི་ཚོས་སྐད་འཕྲིན་བརྒྱུད་ཕྱི་ཕྱོགས་སུ་གནས་ཚུལ་བཏང་བར་བརྟེན་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་གནས་ཚུལ་འབྱུང་བཞིན་ཡོད་པ་མ་ཟད། སྐད་འཕྲིན་ནི་ཝོག་སེ་ཨབ་(Whatsup) དང་ (Line) སོགས་དང་བསྡུར་ན་ཉེན་སྲུང་གི་ཚད་གཞི་དམའ་ཤོས་ཡིན་སྟབས། ང་ཚོས་སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་དང་གཏོང་སྐབས་བསམ་བློ་ཡག་པོ་གཏོང་དགོས་པ་ཆགས་ཡོད། ཅེས་སོགས་བརྗོད་སོང་།

དེ་བཞིན་དེ་རིང་བསྟི་གནས་ཁང་གིས་འགྲེམས་སྤེལ་བྱས་པའི་ལག་དེབ་ཞིག་ནང་། ཁྱོད་ཀྱི་ལག་འཁྱེར་ཁ་པར་ནང་སྐད་འཕྲིན་ནང་འཇུག་བྱེད་པ་ནི། ཁྱོད་ཀྱིས་རྒྱ་གཞུང་མགྲོན་འབོད་བྱས་ནས་སོ་སོར་སོ་ལྟ་བྱེད་དུ་འཇུག་པ་ལྟ་བུ་ཡིན། རྒྱ་ནག་ཏུ་ཡོད་པའི་སྐད་འཕྲིན་གྱི་ཞབས་ཞུ་ལྟེ་བ་དེས་ཁྱོད་ཀྱི་སྐོར་དང་ཁྱོད་ཀྱི་འབྲེལ་མིང་། ཁ་པར་དང་འཕྲིན་ཐུང་། གླེང་མོལ་བཅས་གསོག་ཉར་དང་ཞིབ་ལྟ་བྱེད་ཐུབ་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་མི་སྒེར་གྱི་གནས་ཚུལ་སོགས་ལྐོག་ལྟ་བྱེད་འཇུག་གི་ཡོད་སྟབས། གལ་སྲིད་ཁྱེད་ཀྱི་ཁ་པར་སྟེང་སྐད་འཕྲིན་ཡོད་ཚེ། ཁྱོད་ཀྱིས་གང་བྱས་པ་དག་ལ་རྒྱ་གཞུང་གིས་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཟད། འབྲེལ་བ་བྱེད་ས་ཁག་ཀྱང་ཉེན་ཁའི་གནས་སུ་ལྷུང་གི་ཡོད་སྟབས། སྐད་འཕྲིན་བེད་སྤྱོད་མ་བཏང་སྔོན་ལ་བསམ་བློ་ཡག་པོ་ཐོངས་ཞེས་སོགས་བཀོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. ཁྱམས་འཇུགས་ says:
    ལོ་ 11 སྔོན།

    ངོ་མ་རེད་རྒྱ་གཞུང་གིས་སོ་ལྟ་ཡོད་ཐག་ཅོད་རེད་

    Reply
  2. thapkegyatso says:
    ལོ་ 11 སྔོན།

    གནས་ལུགས་ཕྱིན་ཅི་མ་ལོག་པར་སྟོན་མཁན་ཚང་།

    Reply
  3. ཤིང་ལོ། says:
    ལོ་ 11 སྔོན།

    དངོས་གནས་གལ་ཆེན་རེད། རིག་གནས་གང་ཞིག་ཡིན་ཀྱང་། དྲང་ལྡོག་གི་གནས་ལུགས་ཤེས་རྒྱུ་གལ་ཆེ། དེ་མིན་དོལ་རྒྱལ་གྱི་གནས་ཚུལ་འདྲ་བོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese