མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་མི་ ༡༠ གྲངས་ཤིག་བཙན་ཁྲིད།

བོད་ཀྱི་དུས་བབ།
༢༠༡༥/༠༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་སི་ཁྲོན་ཞིང་ཆེན་གྱི་འཐུས་མིའི་ཚོཊ་ཆེན་དང་བསྟུན་ཏེ། ཚོགས་ཁང་ཕྱི་རོལ་དུ་བོད་མི་ ༡༠ གྲངས་ཤིག་གིས་ཞི་རྒོལ་གནང་བར་བརྟེན་ཉེན་རྟོག་པས་བཙན་ཁྲིད་བྱས་ཡོད་འདུག

དེ་རིང་རྒྱ་ནག་དྲུག་བཞི་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་སྔ་དྲོར་སི་ཁྲོན་ཞིང་ཆེན་གྱི་མི་མང་འཐུས་མི་སྐབས་ ༢ པའི་ཚོགས་ཆེན་ཐེངས་ ༣ པ་ཁྲིན་ཏུའུ་གྲོང་ཁྱེར་ཅིན་ཅང་མགྲོན་ཁང་དུ་ཚོགས་པའི་སྐབས་དང་བསྟུན་ཏེ། ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་མགྲོན་ཁང་ཕྱི་ལོགས་སུ་བོད་ཁུལ་ནས་ཡོང་བའི་འབྲོག་པ་ ༡༠ གྲངས་ཤིག་གིས། རང་སྲོག་གིས་འབྲོག་ས་སྲུང་སྐྱོབ་དང་། ཁྲིམས་འགལ་གྱིས་ས་ཆ་བསྡུ་ལེན་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ང་ཚོའི་ས་ཆ་བཙན་བཟུང་བྱས་ཏེ་ང་ཚོ་ཁྱིམ་མེད་དུ་གྱུར་ཡོད། ཅེས་པ་སོགས་ཀྱི་འཕྲེད་དར་བཟུང་སྟེ་ཞི་རྒོལ་སྐད་འབོད་བྱས་ཡོད་པ་དང་། ངོ་རྒོལ་བྱས་ནས་སྐར་མ་ཁ་ཤས་ལས་མ་འགོར་བར་ཉེན་རྟོག་པ་ ༥༠ ཙམ་བསླེབས་ཏེ་བཙན་འཁྲིད་བྱས་ཡོད་འདུག

སྐབས་དེར་ཡུལ་དངོས་སུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཝུ་ཞན་ཅེ་ཞུ་བ་ཞིག་གིས། ཞོགས་པའི་ཆུ་ཚོད་ ༡༡ ལ། འབྲོག་པ་ཚོས་ང་ཚོའི་ཁང་ས་བཙན་བཟུང་བྱས་པ་ཕྱིར་སྤྲོད་རོགས། འབྲོག་སར་མཐའ་གཅིག་ཏུ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་པའི་འཕྲེད་དར་བཟུང་སྟེ་མགྲོན་ཁང་མདུན་དུ་བསླེབས་སོང་། ཡིན་ནའང་། སྐར་མ་ཁ་ཤས་ལས་མ་འགོར་བར་ཉེན་རྟོག་པ་བཞི་བཅུ་ལྔ་བཅུ་ཞིག་ཡོང་སྟེ་ཁོང་ཚོའི་འཕྲེད་དར་བཙན་འཕྲོག་བྱས་པ་མ་ཟད། ཞི་རྒོལ་བ་ཚང་མ་རླངས་འཁོར་ཞིག་གི་ནང་བཅུག་སྟེ་ཁྲིད་སོང་ཡང་གང་དུ་འཁྲིད་ཡོད་མེད་ཤེས་མ་སོང་། དེ་རིང་མགྲོན་ཁང་གི་སྒོ་ཆེན་སོགས་སུ་ཉེན་རྟོག་ལྭ་བ་གྱོན་ཡོད་མེད་ཀྱི་ཉེན་རྟོག་པ་ཧ་ཅང་མང་པོ་འགྲེམས་འཇོག་བྱས་འདུག ཅེས་བརྗོད་ཡོད་པ་རེད།

གཞན་ཡང་། ཕྱི་ཚེས་ ༢༧ ཉིན་མེན་ཡཱང་གྲོང་ཁྱེར་དུ་སྲིད་གཞུང་གིས་ཞིང་ས་བཙན་འཕྲོག་བྱས་པའི་ཞིང་པ་ ༡༠༠ ལྷག་འདུ་འཛོམས་བྱས་ཏེ། ཞིང་པ་མང་ཚོགས་ཀྱི་སྤྱི་ཚོགས་འགན་ལེན་དངུལ་ཇེ་མང་དུ་གཏོང་དགོས་པ་དང་འཚོ་དངུལ་དུས་ཐོག་ཏུ་སྤྲོད་དགོས་པའི་ཞུ་འབོད་ལས་འགུལ་སྤེལ་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

"Vocational training” programmes threaten Tibetan identity, carry risk of forced labour, say UN experts.© Unsplash/Aden Lao
Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་མི་ལས་བཟོ་བ་རྣམས་ཀྱི་ཐོབ་ཐང་གླེང་སློང་གནང་། 

ཆུ་ཚོད་ ༡༦ སྔོན་ལ།
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་༧སྐུའི་ཡང་སྲིད་དང་འབྲེལ་བའི་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
གཞི་རིམ་མི་མང་གི་ལས་འགུལ་ཚོགས་པའི་རྒྱུན་ལས་ཚེ་བརྟན་ཕུན་ཚོགས་ལགས། ༢༠༢༣། ༩། ༢༦ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཁང་པ་སྟོང་པ་ཞིག་ལ་འབོད་སྐུལ་ཞུས་ནས་བསྡད་ཚེ་ཏག་ཏག་བསྡད་མི་འདུག

༢༠༢༣/༠༩/༢༦
Uyghur Scholar Rahile Dawut [Photo: Uyghur Human Rights Project]
Mobile App

ཡུ་གུར་གྱི་སློབ་དཔོན་ཆེན་མོ་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༩/༢༥
EU trade chief Valdis Dombrovskis speaks at the Bund Summit in Shanghai on Saturday. Photo: Reuters
Mobile App

འཛམ་གླིང་གི་ཚོང་ཤག་ཆེ་ཤོས་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་འགྲོ་ཉེན་འདུག 

༢༠༢༣/༠༩/༢༥

མཆན། 2

  1. ཤིང་ལོ། says:
    ལོ་ 9 སྔོན།

    དངོས་གནས་ཞི་རྒོལ་རེད། ཁོང་ཚོ་རྒྱ་ནག་གི་ཁྲིམས་ཡིག་དང་། སྐད་ཡག་པོ་ཤེས་མཁན་དག་དག་ཡིན་ན་ཅི་མ་རུང་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 9 སྔོན།

    རང་ལུས་མེར་སྲེག་ལས་མཉམ་འཛོམས་ཀྱིས། འཕྲེད་དར་བཟུང་ནས་ཞི་བའི་ངོ་རྒོལ་དེ་དག་བཟང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist