མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༢༠༠ ཐུགས་དམ་ལ་བཞུགས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་སོག་ཡུལ་ནས་གསར་རྙེད་བྱུང་བའི་དགེ་འདུན་པ་དེའི་ཕུང་པོར་བརྟག་དཔྱད་བྱས་པ་བརྒྱུད་ཁ་སང་ཐུགས་དམ་ལ་བཞུགས་ཡོད་ཚུལ་བསྒྲགས་འདུག

ཁ་སང་སོག་པོའི་ (MongolBeat) ཞེས་པའི་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༧ ཉིན་སོག་ཡུལ་རྒྱལ་ས་ཨུ་ལཱན་བྷ་ཌར་ (Ulan Bator) མངའ་ཁོངས་སུང་གྷེ་ཎོ་ཁཱར་ཁཱན་ (Songinokhairkhan) གྱི་ས་ཁུལ་ནས་ལོ་ ༢༠༠ གོང་སྐུ་གཤེགས་པའི་ནང་པའི་ཆོས་པ་ཞིག་གི་ཕུང་པོ་སྒོ་ཕྱུགས་སེམས་ཅན་གྱི་པགས་པས་བཏུམས་ཏེ་དཀྱིལ་དཀྲུང་དུ་བཞུགས་ཡོད་པ་ཞིག་རྙེད་སོན་བྱུང་རྗེས། ཉིན་ཤས་རིང་སོག་ཡུལ་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་ཡོངས་ལུས་ཁམས་བརྟག་ཞིབ་ལྟེ་གནས་ཁང་གིས་ཐབས་ལམ་འདྲ་ཐོག་ནས་བརྟག་དཔྱད་བཏང་མཐར། ཁ་སང་དགེ་འདུན་པ་དེ་གྲོངས་མེད་པར་ད་དུང་ཐུགས་དམ་ལ་བཞུགས་ཡོད་ཚུལ་ཕྱིར་བསྒྲགས་བྱས་འདུག

སྙན་གྲགས་ཅན་གྱི་ནང་པའི་དགེ་འདུན་པ་བྷ་རེ་ཀཱར་འཛིན་ (Dr Barry Kerzin) ཞུ་བ་ཞིག་གིས་སོག་པོའི་གསར་ལམ་ཐོག “དེ་སྔོན་ང་རང་ཐུགས་དམ་དུ་བཞུགས་ཡོད་པའི་སྒོམ་ཆེན་པ་མང་པོ་ཞིག་ལ་ལྟ་ཞིབ་བྱེད་པའི་གོ་སྐབས་ཐོབ་མྱོང་ཡོད། གལ་ཏེ་མི་ཞིག་འདས་གྲོངས་སོང་རྗེས་ཐུགས་དམ་ནང་བདུན་ཕྲག་གསུམ་ལྷག་བཞུགས་ཚེ། ཁོང་གི་སྐུ་ཕུང་འཁུམ་མགོ་བཙུགས་ཏེ་མཐའ་མ་སྐྲ་དང་སེན་མོ། གྱོན་གོས་མ་གཏོགས་ལྷག་གི་མེད། ཐེངས་འདིར་གསར་རྙེད་བྱུང་བའི་དགེ་འདུན་པའི་སྐུ་ཕུང་འཁྲིས་སུ་སྡོད་མཁན་ཚོས་ཉིན་ཤས་རིང་ནམ་མཁར་འཇའ་ཤར་བའི་རྟགས་མཚན་མཐོང་ཡོད་སྟབས། ཁོང་ལ་གཉུག་མ་འོད་གསལ་ངང་དུ་བཞུགས་ཡོད་པ་རེད། གལ་སྲིད་ཁོང་གིས་མུ་མཐུད་སྒོམ་བརྒྱབ་ཚེ་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ་སེམས་ཅན་ལ་ཕན་བདེ་བསྐྲུན་ཐུབ་པ་ཞིག་རེད”ཅེས་སོགས་བརྗོད་འདུག

བྷེ་རི་ཡའི་དུས་བབ་ (Siberian Times) ཐོག་སོག་ཡུལ་རྒྱལ་སར་རྟེན་གཞི་བྱས་པའི་སོག་པའི་ནང་བསྟན་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཆེན་མོ་པུ་རེབ་བྷ་ཌ་ (Ganhugiyn Purevbata) ཡིས། “བླ་མ་ཁོང་དཀྱིལ་དྲུང་དུ་བཞག་ལ་བཞུགས་ཡོད་པ་མ་ཟད། ཕྱག་གཡོན་པ་ཁ་ཕྱེ་བ་དང་གཡས་པས་ཆོས་སྟོན་བཞིན་ཡོད་པའི་ཚུལ་བསྟན་ཡོད་སྟབས། ཁོང་ཐུགས་དམ་ངང་བཞུགས་ཡོད་པ་ལས་འདས་གྲོངས་སོང་མེད་པ་གསལ་པོ་རེད”ཅེས་བརྗོད་འདུག

ཟླ་ ༡ ཚེས་ ༢༧ ཉིན་གསར་རྙེད་བྱུང་བའི་ནང་པའི་དགེ་འདུན་པའི་ཕུང་བོ་དེ་ནི། ༡༨༥༢ ལོར་ཨུ་རུ་སུའི་བྷུར་ཡཱ་ཌི་ཡཱ་ (Buryatia) མངའ་ཁུལ་དུ་སྐྱེས་ཤིང་། ༡༩༢༧ ལོར་འདས་གྲོངས་སོང་བའི་བོད་ཀྱི་ནང་ཆོས་དོན་གཉེར་བ་བླ་མ་ཌཱ་ཤི་ཌོར་ཛོ་ (Dashi-Dorzho Itigilov) ཡི་སློབ་དཔོན་ཡིན་པའི་ཚོད་དཔག་བྱས་ཡོད་ཅིང་། བླ་མ་ཌཱ་ཤི་ཌོར་ཛོ་འཚོ་བཞུགས་སྐབས་ཕུང་པོ་མ་རུལ་བར་ཉར་ཚགས་བྱེད་ཕྱོགས་ཀྱི་སྒོམ་སྒྲུབ་ཉམས་ལེན་གནང་མཁན་ཞིག་ཡིན་པ་མ་ཟད། ཁོང་མ་གྲོངས་སྔོན་དགེ་ཕྲུག་ལ་ཁོང་གྲོངས་རྗེས་ཕུང་པོ་དཀྱིལ་དཀྲུང་བྱས་ནས་སར་སྦེད་དགོས་པའི་ཁ་ཆེམས་བཞག་པ་ལྟར་བྷུར་ཡཱ་ཌི་ཡཱ་མངའ་ཁུལ་གྱི་རྒྱལ་ས་ཨུ་ལན་ (Ulan Ude) ཉེ་འདབས་སུ་སྦས་རྗེས། ༢༠༠༢ ལོར་ཁོང་གི་ཕུང་པོ་སྔོག་ནས་རྒྱལ་སའི་དགོན་པ་ཞིག་ཏུ་རུལ་ཡོད་མེད་བརྟག་དཔྱད་བྱས་པར། ཁོང་ད་དུང་འདས་གྲོངས་སོང་མེད་པ་མ་ཟད་གཟུགས་པོར་ཚ་དྲོད་རྒྱས་བཞིན་ཡོད་ལུགས་བརྗོད་འདུག

ནང་པའི་དགེ་འདུན་པ་དེའི་སྐུ་ཕུང་དེ་ཉེ་ལམ་ཨན་ཌོར་ (Enhtor) ཟེར་བ་ཞིག་གིས་ཁཱོབ་ཌི་སེ་ཁེ་ (Kobdsk) ས་ཁུལ་གྱི་བྲག་ཕུག་ཅིག་བརྙེད་དེ། རྒྱལ་ས་ཨུ་ལན་བྷ་ཌར་(Ulaanbaatar)གྱི་རང་ཁྱིམ་དུ་སྦས་ཏེ། རྒྱལ་ཁབ་གཞན་ལ་རིན་གོང་མཐོ་པོ་བྱས་ཏེ་བཙོང་གྲབས་ཡོད་སྐབས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག

ད་ལྟ་དགེ་འདུན་པ་དེའི་ཕུང་པོ་སོག་ཡུལ་རྒྱལ་སར་ཡོད་པའི་རྒྱལ་ཡོངས་ཁྲིམས་དོན་སྨན་སྦྱོར་དཔྱད་ཞིབ་བསྟི་གནས་ཁང་ནང་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 1

  1. ཤིང་ལོ། says:
    ལོ་ 11 སྔོན།

    རཱ་ཤཱི་ཡའི་མངའ་སྡེ་རྦི་རི་ཡ་ཐའི་ནང་དུའང་འདི་འདྲ་ཞིག་ཡོད་རབས་ཡོད། དངོས་གནས་བྱས་ན་འདིའི་རིགས་འོད་གསལ་ལམ་འགོག་སྙོམས་ལས་བཞེངས་ཏེ་སེམས་ཅན་གྱི་དོན་བྱེད་ཐུབ་པ་དང་། ད་དུང་ལོ་དེ་དག་རིང་གི་ཁོང་ཚོའི་མྱོང་བ་ང་ཚོར་གསུངས་ཐུབ་རྒྱུ་ནི་དུས་རབས་འདིར་མཚོན་ན་ཧ་ཅང་གི་གལ་ཆེན་རེད། དེ་མིན་ཚན་རིག་པས་བཤད་པ་དང་། ཉམས་མྱོང་ཅན་ཚོས་བཤད་ན། ཟ་མ་དང་། རྫས་སྦྱོར་འདྲ་མིན་ཁ་ལ་སོང་བའི་དབང་གིས་ལུས་ཕུང་འདི་འདྲ་འབྱུང་རབས་ཀྱང་འདུག་པས་ནང་གི་ཉམས་རྟོགས་དང་། ཕྱི་ཡི་རྫས་དབང་གཉིས་འཁྲུལ་ནས་དད་ལྡན་པ་ཚོ་མི་རྨོངས་པར་འཇུག་རྒྱུ་གལ་ཆེ་བར་ཡང་སེམས་སོ།། ༼རང་ཁྱིམ་དུ་སྦས་ཏེ། རྒྱལ་ཁབ་གཞན་ལ་རིན་གོང་མཐོ་པོ་བྱས་ཏེ་བཙོང་གྲབས་ཡོད་སྐབས་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་འདུག༽ ཧ་ཧ་ཧ་ཧ་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese