མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་དགོངས་དཀྲུགས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༡ སྟེང་གི་རྩོམ་སྒྲིག་པའི་གཏམ།

                  མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཀླ་ཀློའི་ཆོས་ལུགས་ནི་མཚོན་ཆ་ཐོགས་པའི་དམག་དཔུང་གིས་ཁྱེར་ཏེ་ཁྲག་གི་རྫིང་བསྐྱིལ་ནས་འཇིག་རྟེན་དུ་དར་བར་བྱས་ཤིང་། དེ་བཞིན་ཡེ་ཤུ་པའི་ཆོས་ལུགས་ཀྱང་ཡང་དག་པའི་དམག་ཅེས་བྱ་བའི་དཔུང་ཆེན་པོ་བཤམས་ཏེ་སྔར་བཞིན་སྤེལ་བ་སྔོན་གྱི་ཚེ་བྱུང་ལ། རང་རེའི་གནས་བརྟན་སྙིང་རྗེ་ཅན་དེའི་བསྟན་པ་ནི་དགེ་སློང་སྲིན་བུ་མི་གསོད་པ་དག་གིས་ཁྱེར་ཏེ་ཤར་ནུབ་ཀྱི་རྒྱ་མཚོ་ཆེན་པོ་ཡང་བརྒལ་ནས་དར་བ་ཡིན་ནོ། ཞེས་པའི་གསུང་འདི་ལ་བསྐྱར་དུ་གདེང་འཇོག་ཅིག་བགྱིས།་་་་་་་་་་་་་་་་་་་་་་་་་་་་་

ཉིན་འདི་འགར་རྒྱལ་སྤྱིའི་ཐོག་གི་གནས་ཚུལ་ཆེ་ཤོས་དེ། ཟླ་འདིའི་ཚེས་མགོར་ཧྥ་རན་སིའི་རྒྱལ་སའི་ཤཱག་ལུ་གསར་ཁང་གི་ཚགས་ཤོག་སྟེང་ཁ་ཆེ་སྟོན་པར་ཟུར་ཟའི་རི་མོ་སྤེལ་བར། ཁ་ཆེ་དྲག་སྤྱོད་པ་གཉིས་ཀྱིས་གསར་ཁང་དེར་འཇབ་རྒོལ་བྱས་ཏེ་རྩོམ་སྒྲིག་པ་དང་གསར་འགོད་པ་སོགས་མི་བཅུ་གཉིས་དམར་གསོད་བཏང་བ་དང་། དེ་ལ་ཧྥ་རན་སི་དང་འཇར་མན་སོགས་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་སྲིད་བློན་མཉམ་ཞུགས་ཀྱིས་མི་མང་ས་ཡ་གསུམ་ལྷག་གིས་འདས་པོར་མྱ་ངན་དང་། ཁ་ཆེ་དྲག་སྤྱོད་པར་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ།

དེ་བཞིན། གནས་ཚུལ་འདི་བྱུང་བའི་བདུན་ཕྲག་གཅིག་གི་རྗེས་སུ་གསར་ཁང་དེས་སླར་ཡང་ཚགས་པར་དེ་འདོན་མགོ་བརྩམས་ཏེ། སྔོན་ཆད་ཚགས་པར་ངོ་བཤུས་ཁྲི་དྲུག་དཔར་འགྲེམས་བྱེད་བཞིན་པ་དེ་ས་ཡ་དྲུག་ལ་ཇེ་མང་དུ་བཏང་བ་དང་། ཚགས་པར་མདུན་ངོས་སུ་སླར་ཡང་ཁ་ཆེ་སྟོན་པའི་ལག་ཏུ་ཤཱག་ལུ་ཚགས་པར་བཟུང་ནས་ངུ་བཞིན་པའི་རི་མོ་ཞིག་བཀོད་པར། ཨབ་གྷན་དང་པཱ་ཀི་སི་ཐན། ཨལ་ཇི་རེ་ཡ་སོགས་ཁ་ཆེ་རྒྱལ་ཁབ་མང་པོའི་ནང་ངོ་རྒོལ་ཤུགས་ཆེན་བྱུང་བ་དེ་དག་གསར་འགྱུར་ཆེ་ཤོས་དང་གནས་ཚུལ་ཛ་དྲག་ཤོས་དེ་ཆགས་ཡོད།

དོན་རྐྱེན་འདི་བརྒྱུད་ནས་འཛམ་གླིང་མི་མང་གིས་ཆོས་ལུགས་དང་ཆབ་སྲིད། དམངས་གཙོ་དང་རང་དབང་ཟེར་བ་འདི་དག་ལ་བསྐྱར་དུ་བསམ་གཞིགས་དང་གླེང་སློང་བྱེད་མགོ་བརྩམས་ཤིང་། འདི་དག་གིས་འགྲོ་བ་མིར་བདེ་སྐྱིད་དང་ཞི་བདེ་སྐྲུན་གྱི་འདུག་གམ། ཡང་ན། འཇིགས་སྐྲག་དང་སྡུག་བསྔལ་གྱི་འོབས་ནང་ལ་གཡུག་གི་འདུག དོན་རྐྱེན་འདིའི་ནག་ཉེས་ཀྱི་འབྱུང་རྩ་སྨྲ་བརྗོད་རང་དབང་ཆེ་དྲགས་པར་ཐུག་འདུག་གམ། ཡང་ན། ཆོས་ལུགས་དད་མོས་ཤུགས་དྲགས་པས་ལན་པ་རེད།

ཁ་ཆེ་ཆོས་ལུགས་ལ་ཤིས་ཡཱ་དང་སའུ་ནེ་ཞེས་གྲུབ་མཐའ་གཉིས་ཡོད་པ་ལས། ཤིས་ཡཱ་གུ་ཡངས་པ་དང་སའུ་ནེ་མཁྲེགས་འཛིན་ཆེ་ན་ཡང་། ད་རེབ་ཀྱི་དོན་རྐྱེན་འདི་གཙོ་བྱས་པའི་ཁ་ཆེ་འཇིགས་སྐུལ་བ་ཚོའི་བཤད་སྤྱོད་དེ་དག ཁ་ཆེ་ཆོས་ལུགས་ཀྱི་དགོངས་དོན་ངོ་མ་ཡིན་ནམ། ཡང་ན། སྤྱོད་པ་ལོག་མཁན་ཚོས་ཁ་ཆེ་ཆོས་ལུགས་ལ་ལོག་འགྲེལ་བརྒྱབ་པའི་ཐལ་སྤྱོད་ཀྱི་ནག་ཉེས་ཤིག་ཡིན། རྩོད་གཞི་འདི་ཆོས་ལུགས་པ་དང་ཆབ་སྲིད་པའི་བར་དུ་ཐག་གཅོད་མ་ཐུབ་པའི་གནད་དོན་དེ་ཆགས་ཡོད།

བོད་མིའི་སྐྱབས་གནས་༧གོང་ས་མཆོག་གིས་གསར་འགོད་པའི་དྲི་བའི་ལན་དུ། ནང་པའི་ཕྱོགས་ནས་བྱ་སྤྱོད་ངན་པ་བྱེད་མཁན་གྱི་གང་ཟག་ལ་ངན་ཁག་གཡོག་གི་མ་རེད། ཡིན་ནའང་གང་ཟག་དེའི་མཐོང་རྒྱ་ཆུང་དྲགས་པ་དང་ཁོང་ཁྲོ། མ་ཤེས་རྨོངས་པ་བཅས་ལ་ངན་ཁག་དཀྲི་གི་རེད། ཅེས་གསུངས་པ་དང་། ཡེ་ཤུའི་བླ་ཆེན་པོབ་མཆོག་གིས། ང་ཚོས་མི་གཞན་གྱི་དད་ཞེན་ལ་དམའ་འབེབས་དང་ཁོང་ཁྲོ་སློང་གཞིའི་བྱ་སྤྱོད་དང་ཀུ་རེ་སོགས་རྩེད་མི་རུང་། སྨྲ་བརྗོད་རང་དབང་ལ་ཚད་གཞི་ཞིག་ཡོད་དགོས། ཞེས་གསུངས་འདུག

དམངས་གཙོ་དང་རང་དབང་ལོངས་སུ་སྤྱོད་བཞིན་པའི་སྤྱི་ཚོགས་ཤིག་གི་བརྒྱུད་ལམ་ལ་དྲག་རྒོལ་བྱས་ཏེ། ཉེས་མེད་མི་སེར་མང་པོ་དམར་གསོད་བྱས་པ་དེས་ཁ་ཆེ་སྟོན་པ་མཆོག་གི་དགོངས་པ་དཀྲུགས་ཡོད་ལ། འཛམ་གླིང་གི་ཆོས་ལུགས་ཁྱབ་ཆེ་ཤོས་ཨང་གཉིས་པ་དང་སྟོན་པ་རི་མོར་འབྲི་མི་ཆོག་པའི་བཀའ་ལུང་ཡོད་པ། དོན་རྐྱེན་ཆེན་པོ་ཞིག་གི་འུར་སྒྲ་ཞི་འཇགས་མ་བྱུང་སྔོན་ལ། སླར་ཡང་ཤཱག་ལུ་ཚང་གི་ཚགས་པར་སྟེང་ཁ་ཆེ་སྟོན་པར་ཟུར་ཟའི་རི་མོ་བཀོད་དེ་ཁ་ཆེ་བ་ས་ཡ་མང་པོར་ཁོང་ཁྲོ་བསླངས་པ་དེས་རང་དབང་གི་ལྷ་མོའི་དགོངས་པ་དང་ཡང་འགལ་ཡོད་དོ།།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist