མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་བཅོས་ལྟ་སྐྱོང་གི་བཀག་རྡོ།

བོད་ཀྱི་དུས་བབ།
༢༠༡༥/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

ཉེ་ལམ་འཕྲོད་བསྟེན་ལས་ཁུངས་ཀྱིས་སྨན་བཅོས་ལྟ་སྐྱོང་ལས་གཞིར་ལེགས་བཅོས་བཏང་ཡོད་ཅེས་ས་གནས་མགོ་འཛིན་ཁག་དང་འཕྲོད་བསྟེན་ལས་བྱེད་ཚོར་ཟབ་སྦྱོང་ཞིག་སྤྲད་སོང་། ལས་གཞི་འདིར་བསྐྱར་ཞིབ་དང་ལེགས་བཅོས་བྱེད་དགོས་པ་གལ་ཆེན་རེད། འདས་པའི་ལོ་གཉིས་གསུམ་ནང་ལས་གཞི་འདིར་གྱོང་རག་ཡོད་པ་མ་ཟད། མང་ཚོགས་ལ་ཕན་ཐོགས་ཀྱིན་ཡོད་པའི་སྐད་ཆ་ཡང་གོ་ཐོས་མི་འདུག

རྒྱལ་ཁབ་དང་སྤྱི་ཚོགས་གཞན་པའི་ནང་དུ། ལས་གཞི་འདི་ཁེ་ཕན་ཆེན་པོ་ཡོད་པའི་ཚོང་ལས་ཤིག་ཡིན་པ་མ་ཟད། མི་མང་གི་འཕྲོད་བསྟེན་ལའང་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འུ་ཅག་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མ་ནས་ཚོང་ཁེ་ཡི་ཆེད་དུ་མིན་པར། མང་ཚོཊ་ཀྱི་འཕྲོད་བསྟེན་འགན་སྲུང་ཆེད་ཡིན་ཞེས་ཡང་ཡང་གསུངས་ཡོད་ཀྱང་། ད་ལྟ་ད་དུང་ལས་གཞི་འདིའི་ནང་ཞུགས་མཁན་ཉུང་ཉུང་རེད་ལ། གང་ཞུགས་པ་དག་གིས་ཁེ་ཕན་ལོངས་སུ་སྤྱོད་ཕྱོགས་ཀྱང་ཚུལ་མཐུན་མིན་པའི་སྐད་ཆ་འདུག

ལས་གཞི་འདི་དེང་སྐབས་ནུབ་ཕྱོགས་སུ་དར་ཁྱབ་ཆེན་པོ་ཡིན། ཨ་རི་དང་ཡུ་རོབ་ལྟ་བུར་མཚོན་ན་རྒྱལ་ཁབ་ཀྱི་སྤྱི་འབངས་ཤིག་ཡིན་པའི་ཚུན་ལ་ཁྲིམས་ཐོག་ནས་ལས་གཞི་འདིའི་ནང་ཞུགས་དགོས་པ་བཟོས་ཡོད། འུ་ཅག་གི་ལས་གཞི་འདི་ཡང་བཀའ་ཤག་གསར་རྙིང་གཉིས་ཀས་རྣམ་དཔྱོད་དཀྲོག་པའི་མར་ལོ་དང་། སྤྱི་འཐུས་གྲོས་ཚོགས་ནང་རྩོད་གླེང་མང་པོ་བྱས་པའི་ལས་འཆར་ཞིག་ཡིན། བོད་ཀྱི་དུས་བབ་གསར་ཁང་གིས་ཀྱང་རྒྱབ་སྐྱོར་ཆེད་དོགས་འདྲི་གཏིང་སྔོག་བྱས་ཏེ་གནས་ཚུལ་ཐེངས་མང་སྤེལ་ཡོད།

ལོ་གསུམ་འདས་པའི་ད་ལྟ་ད་དུང་ལས་གཞི་འདིར་རྔོ་འཐོག་གི་མེད་པར། ལོ་རེ་ནས་ལོ་རེར་གྱོང་འབོར་ཇེ་ཆེ་དང་ཚོགས་མི་ཇེ་ཉུང་གི་རྣམ་པ་འཐོན་ཡོད། ལས་གཞི་འདི་ལམ་ལྷོངས་འབྱུང་གི་མེད་པའི་གནད་དོན་གཙོ་བོ་འཆར་འགོད་དང་ལག་བསྟར་གནང་ཕྱོགས་ལ་ཐུག་ཡོད་ལ། འུ་ཅག་བོད་པ་ཚང་འདི་སྤྱི་བར་ཁེ་ཕན་བསྐྲུན་རྒྱུ་ལས་སྒེར་གྱི་ཁེ་བཟང་ལེན་རྒྱུར་དགའ་བ་དང་། སྤྱི་བའི་ལས་འགན་བསྒྲུབ་པ་ལས་སྒེར་གྱི་ཐོབ་ཐང་རྩོད་རྒྱུར་མོས་པའི་གཤིས་ཀ་ཞིག་ཡོད་པ་དེས་ཀྱང་ལན་ཡོད།

སྨན་བཅོས་ལྟ་སྐྱོང་ལས་གཞི་འདིའི་ཁྲོད་དུ། མི་རེ་ཟུང་གིས་མགོ་སྨན་སོ་སྨན་ལའང་བྱུང་འཛིན་རྫུན་མ་བཟོ་བ་དང་། ན་ཚ་གང་ཡང་མེད་ཀྱང་འབྲེལ་ཡོད་སྨན་ཁང་ནས་རྒྱབ་གཉེར་བླངས་ཏེ། རྒྱ་གར་སྨན་ཁང་དྲག་རུ་དྲག་ཚད་ནང་ཕྱིན་ཏེ་མགོའི་སྐྲ་ནས་རྐང་པའི་སེན་མོའི་བར་བརྟག་དཔྱད་ཡང་ཡང་གཏོང་གི་ཡོད་པའི་གནས་ཚུལ་ཡང་འདུག ངའི་མིག་གི་མཐོང་སར་ཡང་མི་ཞིག་གིས་རྒྱལ་ཁ་ཆེན་པོ་བླངས་མདོག་དང་། ཧ་ཅང་གྲུང་པོ་ཡིན་མདོག་གིས་ཁོས་དེ་ལྟར་བྱས་སྐོར་བརྗོད་སོང་ལ། མི་གཞན་ལའང་དེ་ལྟར་བྱ་དགོས་པའི་སྐུལ་སློང་བྱས་བྱུང་།

བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞི་འདི་ལམ་ལྷོངས་དང་། ཐེངས་འདིའི་ཨ་སྒོར་ས་ཡ་གསུམ་དེ་ཆུད་ཟོས་སུ་མ་སོང་བ་ཞིག་བྱེད་དགོས་ན། འབྲེལ་བ་ཡོད་མེད་གཉིས་ཀར་ཟབ་སྦྱོང་སྤྲོད་པ་དང་། ས་གནས་མང་ཚོགས་ཁྲོད་དུ་གོ་རྟོགས་སྤེལ་རྒྱུ་ལས་ཀྱང་། སྔོན་ལ་བསྒྲུབ་དགོས་པ་དེ་དབུས་ཀྱི་ལས་གཞི་འཆར་འགོད་དག་སྒྲིག་ལེགས་བཅོས་དང་། ལག་བསྟར་གོ་རིམ་ཁྲོད་ཀྱི་གནད་དོན་དེ་དག་གཏན་འགོག་བྱེད་དགོས།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༡ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese