མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསུམ་ཚན་གསུམ་གྱི་རྒོལ་རྡུང་།

བོད་ཀྱི་དུས་བབ།
༢༠༡༥/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༣ སྟེང་གི་རྩོམ་སྒྲིག་པའི་གཏམ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་ལྐོག་ཟ་རུལ་སུངས་རྒོལ་རྡུང་ལས་འགུལ་འདི་རིམ་པ་གསུམ་ལ་བགོས་ན། དུམ་བུ་དང་པོ་སྟག་དང་སྦྲང་མ་མཉམ་རྡུང་གི་རིམ་པ་དང་། དུམ་བུ་གཉིས་པ་མཐའ་དང་དབུས་གཉིས་མཉམ་བཅུན་གྱི་རིམ་པ། དུམ་བུ་གསུམ་པ་གཞུང་དང་དམངས་གཉིས་མཉམ་སྡེབ་ཀྱི་རིམ་པ་བཅས་རེད། འདི་ཞི་ཅིན་ཕིན་གྱི་ཀྲུང་གོའི་རྨི་ལམ་ལ་གོས་དང་རྒྱན་ཆས་མ་སྤུད་པའི་གཅེར་གཟུགས་དེ་ཡིན་ལ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་ཞི་ཅིན་ཕིན་གྱི་སྲིད་ལོ་མ་རྫོགས་བར་གྱི་བགྲོད་ལམ་དེ་ཡང་ཡིན། 

དུམ་བུ་གསུམ་ཀའི་གཞུང་ཤིང་དེ་ “ལྐོག་ཟ་རུལ་སུངས་དང་དབང་ཆ་སྒེར་སྤྱོད་ལ་རྒོལ་རྡུང་གཏོང་བ་” ཟེར་བ་འདི་ཡིན། རྩ་བ་ཀླུ་ཡུལ་དུ་ཟུག་ཅིང་ལོ་འདབ་མི་ཡུལ་དུ་རྒྱས་ཏེ། རྩེ་མོ་ལྷ་ཡུལ་དུ་སྙེག་པའི་གཞུང་ཤིང་འདིའི་སྟེང་དུ། ཡལ་ཀ་མང་པོ་ཕྱོགས་བཞི་མཚམས་བརྒྱད་དུ་བསྐྱེད་ཅིང་རྒྱས་ཏེ། ཡལ་ཀ་དང་ལོ་མ་རབ་ཏུ་སྟུག་པའི་དགོས་འདོད་ཀུན་འབྱུང་དཔག་བསམ་འཁྲི་ཤིང་འདིའི་འོག་ནས། ཞི་ཅིན་ཕིན་གྱིས་མ་འོངས་པའི་ལོ་ལྔ་ནས་བཅུ་ལ་སྲིད་ཀྱི་འཁོར་ལོ་རྩིབ་སྟོང་ལྡན་པ་ཞིག་བསྐོར་རྒྱུ་རེད།

སྔོན་ཆད་མའོ་ཙེ་ཏུང་གིས་ལིའུ་ཧྲོ་ཆི་ཡི་སྟོབས་ཤུགས་ཉམས་རྨས་སུ་གཏོང་ཆེད། ༡༩༦༦ ནས་ ༡༩༧༦ ལོའི་བར་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་ལྟར། ཞི་ཅིན་ཕིན་གྱི་བགྲོད་ལམ་འདི་ལ་ཡང་མངོན་ལྐོག་གཉིས་ཡོད་ཅིང་། མངོན་དུ་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་བཏང་སྟེ། ལྐོག་ནས་ཅང་ཙེ་མིན་ཤོག་ཁག་ལ་ཁྱོད་ཤི་ང་གསོན་གྱི་དབང་ཆའི་འཐབ་རྩོད་བྱེད་ཀྱིན་ཡོད།

གཡུལ་འཐབ་འདིར་འཕྲལ་ཕུགས་ཀྱི་དམིགས་ཡུལ་གཉིས་ཡོད། འཕྲལ་དུ་སྒེར་གྱི་དབང་ཆ་སྲ་བརྟན་དང་ཕུགས་སུ་དམར་ཤོག་ཚོགས་པ་རྒྱུན་གནས་ཡོང་ཆེད་ཡིན། དམར་ཤོག་ཚོགས་པ་རྒྱུན་གནས་ཡོང་ན་ཁོའི་སྲིད་ཇུས་ཀྱི་ཐལ་སྐྱོན་ནོར་འཁྲུལ་རིགས་འགེབ་ཐུབ་པ་མ་ཟད། ལོ་རྒྱུས་ཀྱི་ནག་ཉེས་དག་ཀྱང་ཡོ་སྲང་བྱེད་ཐུབ་ལ། ཁོ་དང་ཁོའི་ཤོག་ཁག་གི་བུ་རབས་ཚ་རྒྱུད་ཀྱི་མདུན་ལམ་ཡང་འོད་སྟོང་ལྡན་པ་ཞིག་ཡིན།

ཞི་ཅིན་ཕིན་གྱི་བགྲོད་ལམ་འདི་ལོ་གསུམ་ཚན་གསུམ་ལ་བགོས་ན། ༢༠༡༢ ནས་ ༢༠༡༥ ལོའི་བར་གྱི་སྟག་དང་སྦྲང་མ་མཉམ་རྡུང་གི་དུས་རིམ་དེ་རྫོགས་ཏེ། ད་ཆར་རིམ་པ་གཉིས་པ་ ༢༠༡༥ ནས་ ༢༠༡༨ ལོའི་བར་གྱི་མཐའ་དང་དབུས་གཉིས་མཉམ་བཅུན་གྱི་རིམ་པར་སླེབ་ཡོད། རིམ་པ་འདིར་ཞི་ཅིན་ཕིན་སྔོན་ཆད་བོད་ཁུལ་དུ་བསྐྱོད་སྐབས། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་བརླིང་ཡོང་དགོས།” ཞེས་བརྗོད་པ་དེ་གཙོ་གནད་དུ་བཟུང་སྟེ། བོད་གཙོས་པའི་གྲངས་ཉུང་མི་རིཊ་ཀྱི་གནད་དོན་ཐོག་ལག་པ་འཆིང་ངེས་ཡིན།

ཉེ་ལམ་བོད་རང་སྐྱོང་ལྗོངས་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་བོད་རིགས་ཏང་ཡོན་ལས་བྱེད་ཁག་ཅིག་ལ་༧གོང་ས་མཆོག་དང་བོད་རང་བཙན་ལ་འབྲེལ་བ་ཡོད་པ་དང་གསང་བའི་གནས་ཚུལ་ཕྱིར་བསྐྱལ་བ་སོགས་ཀྱི་ནག་ཉེས་བཙུགས་པ། དེ་བཞིན། དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀའོ་ཡིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་མཉམ་དུ་གོ་སྒྲིག་དང་མཉམ་དུ་དོན་འཁྱོལ། མཉམ་དུ་ཞིབ་བཤེར་བྱེད་དགོས། ཞེས་གཏམ་བཤད་སྤེལ་བ་སོགས་ནི་ཞི་ཅིན་ཕིན་གྱི་བགྲོད་ལམ་དུམ་བུ་གཉིས་པའི་ཆ་ཤས་ཡིན།

རིམ་པ་གསུམ་པ་ ༢༠༡༨ ནས་ ༢༠༢༡ ལོའི་བར་གྱི་གཞུང་དང་དམངས་གཉིས་མཉམ་བསྒྲིལ་གྱི་རིམ་པ་དེ་ནི། མང་ཚོགས་ལ་གོ་བསྐོན་བློ་འགུག་གི་དུས་རིམ་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྟེང་ཞི་ཅིན་ཕིན་གྱིས། ཀྲུང་གོའི་རྨི་ལམ་མངོན་འགྱུར་བྱེད་ན་ངེས་པར་དུ་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་དགོས། འདི་ནི་ཀྲུང་གོའི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་ཆེན་པོ་བྱེད་པའི་སྟོབས་ཤུགས་ཡིན་ཞེས་བརྗོད་པ་ལྟར། རིམ་པ་འདིའི་ནང་ཁོས་ལག་པ་དམར་པོ་དེ་གཙང་བཀྲུས་བྱས་ཏེ། རྒྱ་ནག་མི་མང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྣང་བརྙན་གསར་པ་ཞིག་བཞེངས་ཐུབ་བྱ་ངེས་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༠ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese