མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་དར་བེད་སྤྱོད་གཏོང་སྟངས་ལ་གཟབ་གཟབ་བྱོས།

བོད་ཀྱི་དུས་བབ།
༢༠༡༥/༠༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་དྷ་ས་མེག་གྷན་ཉིན་སློབ་ཏུ་བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་གནང་བའི་ཉིན་མོ་སྲུང་གཙི་དང་འབྲེལ། བོད་ཀྱི་རྒྱལ་དར་དང་རྒྱ་གར་གྱི་རྒྱལ་དར་བེད་སྤྱོད་གཏོང་སྐབས་གཟབ་གཟབ་བྱེད་དགོས་སྐོར་བརྗོད་སོང་།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣།༣༠ ཙམ་ལ་དྷ་ས་མེག་གྷན་ཉིན་སློབ་ཀྱི་ཚོགས་ཁང་དུ། བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ཕྱི་ལོ་ ༡༩༡༣ ལོའི་ཟླ་ ༢ ཚེས་ ༡༣ ཉིན་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས། བོད་རང་བཙན་བསྐྱར་དུ་གསལ་བསྒྲགས་གནང་བའི་ཉིན་མོ་སྲུང་གཙི་བྱས་ཏེ་བགྲོ་གླེང་ཞིག་ཚོགས་སོང་བ་དང་།  ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དང་། བོད་མི་མང་སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཞོན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོན་དཀར་ལགས། དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་བཅས་ཀྱིས། བོད་ཀྱི་རྒྱལ་དར་གྱི་བྱུང་རིམ་དང་མཚོན་དོན། དེ་བཞིན་བེད་སྤྱོད་གཏོང་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་སོང་།

གཞན་ཡང་། སྐབས་དེར་ལོ་ངོ་ ༡༠༠ ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་གངས་སེང་དམག་དར་ཞིག་དབུ་འབྱེད་དང་པར་རིས་འགྲེམས་སྟོན། དེ་བཞིན་གཞས་པ་ཁག་ཅིག་གིས་གཞས་སྣ་འཁྲབ་སྟོན་སོགས་བྱས་སོང་ལ། དྷ་ས་ཁུལ་གྱི་བོད་རིགས་སེར་སྐྱ་མི་མང་དང་ཕྱི་རྒྱལ་ཁག་ནས་ཡོང་བའི་བོད་དོན་དོ་སྣང་ཅན་བཅས་མི་གྲངས་ ༡༠༠ ཡས་མས་ཤིག་འཛོམས་འདུག

བགྲོ་གླེང་ཐོག་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བོད་ཀྱི་རྒྱལ་དར་གྱི་བྱུང་རིམ་དང་མཚོན་དོན་ངོ་སྤྲོད་གནང་སྐབས། བོད་ཀྱི་རྒྱལ་དར་གྱི་ཐོག་མའི་བྱུང་རིམ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་བྱུང་ཡོད་པ་དང་།  ཕྱིས་སུ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་མཆོག་སྐུ་དངོས་ནས་བོད་ཀྱི་དམག་དར་དེ་ད་ལྟའི་རྒྱལ་དར་གྱི་ངོ་བོར་ ལྗགས་བཀོད་གནང་བའི་ལོ་རྒྱུས་ཡོད་སྐོར་གསུངས་པ་དང་འབྲེལ། བོད་ཀྱི་རྒྱལ་དར་གྱི་མཚོན་དོན་རྣམས་ངོ་སྤྲོད་གནང་སོང་།

དེ་རྗེས་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་དབྱིན་སྐད་ཀྱི་ཐོག་ནས་འཛམ་གླིང་ཐོག་རྒྱལ་དར་མང་པོ་ཡོད་པའི་ཁྲོད་ནས་བོད་ཀྱི་རྒྱལ་དར་ནི་ལོ་རྒྱུས་གང་འཚམ་ཡུན་རིང་ལྡན་པ་ཞིག་ཡིན་ཡང་། རྒྱ་གཞུང་གི་དབང་བསྒྱུར་འོག་ད་ལྟའི་ཆར་བོད་ནང་དུ་བོད་ཀྱི་རྒྱལ་དར་བསྒྲེང་འཕྱར་བྱས་ན་ཁྲིམས་འགལ་ཆགས་ཀྱི་ཡོད་པ་མ་ཟད། བོད་ཀྱི་རྒྱལ་དར་འཕྱར་བའི་ནག་ཉེས་འོག་བོད་མི་མང་པོ་འཛིན་བཟུང་གཅར་རྡུང་དང་། མནར་གཅོད་འོག་ཚེ་སྲོག་ཤོར་གྱི་ཡོད་པ་རེད། ཡིན་ནའང་།  གཞིས་ལུས་བོད་མི་ཚོས་འཛེམས་ཟོན་མེད་པར་མ་སྐུལ་དང་བླངས་ཀྱིས་རང་ཁྱིམ་དུ་བོད་དར་སྒྲིག་ཤོམ་དང་། བོད་མིའི་རང་དབང་འཐབ་རྩོད་བྱེད་པའི་ཆོད་སེམས་ནམ་ཡང་འདོར་གྱི་མེད་སྐོར་སོགས་བརྗོད་སོང་།

དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བོད་ཀྱི་རྒྱལ་དར་བེད་སྤྱོད་གཏོང་ཕྱོགས་ཐད་ཁྲིམས་སྲོལ་གཏན་འབེབས་མེད་པར་བརྟེན། སྤྱི་ཚོགས་ཐོག་གང་བྱུང་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། བེད་སྤྱོད་བཏང་རྗེས་བདག་པོ་མ་བརྒྱབ་པར་རྒྱལ་ཁབ་ཅིག་གི་རྒྱལ་དར་གྱི་ཆེ་མཐོང་བརླག་འགྲོ་ཡི་ཡོད་སྐོར་དང་། དེ་བཞིན། རྒྱ་གར་གྱི་རྒྱལ་དར་བེད་སྤྱོད་གཏོང་སྐབས་གཟབ་གཟབ་མ་བྱས་ན།  དེ་སྔོན་བོད་མིས་ལས་འགུལ་སྤེལ་སྐབས་དང་ཚོགས་འདུ་སོགས་སུ་རྒྱ་གར་གྱི་རྒྱལ་དར་ཁྲིམས་སྲོལ་ལྟར་སྒྲེང་འཕྱར་མ་བྱས་པའི་དཀའ་རྙོག་བྱུང་མྱོང་ཡོད་སྟབས། གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཚུལ་བཞིན་སྲུང་དགོས་ལུགས་བརྗོད་ཀྱི་ཡོད་པ་ལྟར། མ་འོངས་པར་ལས་འགུལ་སོགས་སྤེལ་སྐབས་ངེས་པར་དུ་བེད་སྤྱོད་མ་ནོར་བ་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་སོགས་བརྗོད་པ་དང་འབྲེལ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་དར་དང་རྒྱ་གར་གྱི་རྒྱལ་དར་བེད་སྤྱོད་བྱེད་སྟངས་ཚུལ་མཐུན་མིན་པའི་པར་རིས་མང་པོ་བརྙན་རས་བརྒྱུད་འགྲེམས་སྟོན་གནང་སོང་།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་གནང་སྐབས། དེ་རིང་ནི་བོད་རང་བཙན་གསལ་བསྒྲགས་གནང་བའི་ཉིན་མོ་སྲུང་གཙི་བྱས་པ་ཐེངས་གསུམ་པ་དེ་ཆགས་ཡོད། ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༢ ཚེས་ ༡༣ ཉིན་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་བསྐྱར་གནས་གསལ་བསྒྲགས་གནང་སྟེ་ལོ་ངོ་ ༡༠༠ འཁོར་ཡོད་སྟབས། ང་ཚོས་དྷ་རམ་ས་ལ་རུ་ཉིན་མོ་དེ་སྲུང་གཙི་བྱས་ཡོད་ལ། སྐབས་དེར་དྷ་ས་ཙམ་མ་ཡིན་པར་འཛམ་གླིང་གི་རྒྱལ་ཁབ་ཁག་ ༣༠ ལྷག་གི་རྒྱལ་ས་དག་ཏུ་ཉིན་མོ་སྲུང་གཙི་བྱས་ཏེ་ལས་འགུལ་དཔེ་མི་སྲིད་པའི་ཚགས་ཚུད་པོ་བྱུང་ཡོད་པ་རེད། ལས་འགུལ་འདིའི་དམིགས་ཡུལ་ནི་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་དེ་དངོས་ཡོད་ཡིན་ནའང་། རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ ལྷག་གི་རིང་གནོན་ཤུགས་སྤྲོད་པ་དང་ཁྱབ་བསྒྲགས་བྱེད་པ་སོགས་ཨ་སྒོར་ས་ཡ་མང་པོས་འགྲོ་སོང་བཏང་སྟེ། ང་ཚོའི་ལོ་རྒྱུས་དེ་གསུབ་ཐབས་བྱེད་ཀྱི་ཡོད་སྟབས། དེ་ལ་ཁ་གཏད་བཅག་སྟེ་ང་རང་ཚོ་བོད་པ་དང་རྒྱལ་སྤྱིའི་ཐོག་ང་ཚོའི་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་བྱེད་པའི་དམིགས་ཡུལ་བཟུང་ཡོད། ཅེས་སོགས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

 

 

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༧ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༢ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་་་་་ ལས་འགུལ་འདིའི་དམིགས་ཡུལ་ནི་ལོ་རྒྱུས་ནང་བོད་རང་བཙན་ཡིན་པ་དེ་དངོས་ཡོད་ཡིན་ནའང་།
    རྒྱ་ནག་གཞུང་གིས་ལོ་ངོ་ ༦༠ ལྷག་གི་རིང་གནོན་ཤུགས་སྤྲོད་པ་དང་ཁྱབ་བསྒྲགས་བྱེད་པ་སོགས་ཨ་སྒོར་ས་ཡ་མང་པོས་འགྲོ་སོང་བཏང་སྟེ། ང་ཚོའི་ལོ་རྒྱུས་དེ་གསུབ་ཐབས་བྱེད་ཀྱི་ཡོད་སྟབས།
    དེ་ལ་ཁ་གཏད་བཅག་སྟེ་ང་རང་ཚོ་བོད་པ་དང་རྒྱལ་སྤྱིའི་ཐོག་ང་ཚོའི་ལོ་རྒྱུས་ཀྱི་བདེན་པ་ར་སྤྲོད་བྱེད་པའི་དམིགས་ཡུལ་བཟུང་ཡོད། ཅེས་སོགས་བརྗོད་སོང་། ་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese