མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་འཐབ་རྩོད་པ་ཞིག་གི་བཞུད་ལམ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

གླིང་ཚ་ཚེ་བརྟན་རྡོ་རྗེ་ལཊ་ཀྱི་དཔེ་དེབ་དབུ་འབྱེད་སྟེང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གླིང་ཚའི་བློས་གཏོང་དང་མི་རིགས་ཀྱི་ལར་ཞེན་ལ་བོད་མི་ཚང་མས་ཡིད་སྨོན་དང་རྗེས་སུ་ཡི་རངས་བྱེད་དགོས་གསུངས།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དྷ་ས་མེག་གྷན་གྱི་དབུས་གཙང་ཆོལ་ཁའི་མགྲོན་ཁང་དུ། སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་བརྩམས་པའི་རི་ངོགས་གཏམ་རྒྱུད་དེབ་ཕྲེང་གཉིས་པ་སྟེ། ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐོར་༼ ཞི་བའི་འཐབ་རྩོད་པ་ཞིག་གི་བཞུད་ལམ།༽ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་དབུས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ་བཅས་ཕེབས་ཡོད་འདུག

དཔེ་དེབ་དབུ་འབྱེད་དང་འབྲེལ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འཐབ་རྩོད་པ་ཞིག་གི་བཞུད་ལམ་ཞེས་པའི་ནང་གི་ཞི་བའི་འཐབ་རྩོད་པ་དེ་གླིང་ཚ་ཚེ་བརྟན་རྡོ་རྗེ་ཆགས་ཡོད་པ་རེད། ཁོང་ཡིན་ན་དངོས་གནས་དྲང་གནས་སོ་སོའི་མི་རིགས་ལ་ལ་རྒྱ་དང་ཞེན་རྒྱ་ཆེན་པོ་ཡོད་པ་ཙམ་དུ་མ་ཟད། སྙིང་སྟོབས་ཆེན་པོ་དང་ནམ་རྒྱུན་ནས་བློ་ཐག་ཆོད་པོ་ཞེ་དྲག་ཞིག་ཡིན་པ་དེ་ཤེས་གསལ་རེད། ད་ལྟའི་གནས་སྟངས་འདི་མ་ཆགས་གོང་ལ་ཁོང་གིས་ལས་འགུལ་སྤེལ་སྐབས་ང་ཡོང་རོགས་བྱོས་གསུངས་ནས་ཁོང་མཇལ་བའི་གོ་སྐབས་བྱུང་། ཁོང་ཀ་ལིན་སྤུང་སྲད་རྒྱུད་དགོན་པ་བར་བསླེབས་ཡོད་པ་ང་ཚོ་ཚང་མས་ཤེས་ཀྱི་ཡོད་ཀྱང་། དེའི་རྗེས་ལམ་ཀ་ག་འདྲ་ཞིག་ལ་ཕྱིན་པ་དང་ག་བར་འབྱོར་ཡོད་པ་སོགས་ཀྱི་གནས་སྟངས་ང་ཚོ་སུ་གཅིག་གིས་ཀྱང་ཤེས་ཀྱི་ཡོད་པ་མ་རེད། ང་ཚོས་ཚོད་དཔག་བྱས་པ་ཡིན་ན། ཁོང་རྒྱ་གར་གྱི་ས་ཐོག་ཏུ་མེད་པ་དེ་གསལ་བོ་འདྲ་བོ་ཆགས་ཡོད། གཅིག་བྱས་ན་ཁོང་ལམ་ཁ་གཞན་ཞིག་ནས་འགྲོ་ཐབས་བྱས་ཏེ་ལམ་བར་ནས་འདས་གྲོངས་སུ་ཕྱིན་སྲིད་ལ། ཡང་ན་ས་མཚམས་ནས་རྒྱའི་མཐའ་སྲུང་བས་འཛིན་བཟུང་བྱས་ཏེ་ད་ལྟ་བཙོན་ཁང་ཞིག་ཏུ་ལྷག་ཡོད་ཀྱང་སྲིད་པ་རེད། གང་ལྟར་སུ་གཅིག་གིས་ཞུ་ཤེས་ཀྱི་མ་རེད། གང་ལྟར་ཁོང་རང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་བློས་གཏོང་གནང་བ་དེར་ང་ཚོ་བོད་མི་ཚང་མས་ཡིད་སྨོན་དགོས་པ་ཞིག་རེད། སྤྱི་པ་དང་སྒྲིག་འཛུགས་ཁག་གིས་ལས་འགུལ་སྤེལ་བའི་རིམ་པ་མང་པོ་ཞིག་ཡོང་གི་ཡོད་ཀྱང་། གང་ཟག་མི་སྒེར་གཅིག་གི་ཐོག་ནས་སོ་སོའི་བཟའ་ཟླ་དང་ཕྲུ་གུ། ཕ་མ་སྤུན་མཆེད་བཅས་ཚང་མ་བློས་བཏང་ནས་ལས་འགུལ་སྤེལ་ཐུབ་པ་དེ་ཚང་མས་བྱེད་ཐུབ་པ་ཞིག་མ་རེད། ཁོང་གིས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཞི་བའི་ལས་འགུལ་སྤེལ་བ་དེར་ང་ཚོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མི་ཡོད་དོ་ཅོག་གིས་ཡིད་སྨོན་དགོས་པ་ཞིག་དང་། ཁོང་ལ་རྗེས་སུ་ཡི་རངས་ཞུ་དགོས་པའི་གནས་སྟངས་ཤིག་རེད་བསམ་གྱི་ཡོད། ཅེས་གསུངས།

ཡང་ཁོང་གིས། རྒྱ་ནག་ལ་དམག་དང་དཔལ་འབྱོར། ཆབ་སྲིད་བཅས་ཀྱི་སྟོབས་ཡོད་ཀྱང་། མེད་པ་གཅིག་པུ་དེ་བཟང་སྤྱོད་ཀྱི་སྟོབས་ཡོད་པ་མ་རེད། བཟང་སྤྱོད་ཀྱི་སྟོབས་ཡོང་ཐབས་བྱེད་པར་རྒྱ་མི་རིགས་ཙམ་དུ་མ་ཟད། བོད་དང་ཡུ་གུར། སོག་པོའི་མི་རིགས་བཅས་ཚང་མའི་བདེ་སྡུག་ལ་བལྟས་ཏེ་ཁོང་ཚོའི་མངོན་འདོད་འགྲུབ་པ་བྱས་ཚེ། རང་བཞིན་གྱིས་རྒྱལ་ཁབ་གཅིག་གྱུར་ཡོང་གི་རེད་ལ། རྒྱལ་ཁབ་སྲུང་སྐྱོབ་དང་བདེ་འཇགས་ལའང་དེས་ཕན་ངེས་རེད། བོད་མིའི་མངོན་འདོད་དེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་ཐོག་ནས་སེལ་པར་ད་ལྟ་ནས་གོམ་པ་མདུན་སྐྱོད་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་བསྡད་ཡོད་ལ། དེའི་ཐོག་རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་ཀྱང་དགོངས་པ་ཞིག་བཞེས་དགོས་ཀྱི་འདུག་ཞུ་རྒྱུ་ཡིན། ཞེས་གསུངས་པ་དང་འབྲེལ། རྒྱ་ནག་གཞུང་གིས་བསམ་ཤེས་ཡོད་པའི་ཐོག་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ། དེ་བཞིན་བྱ་བྲལ་རིན་པོ་ཆེ་སོགས་བཙོན་འོག་ཏུ་ཡོད་པ་ཚང་མ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

གསར་འགོད་པས་དཔེ་དེབ་རྩོམ་པ་པོ་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་སུ་བཅར་འདྲི་ཞུས་པར། རི་ངོགས་གཏམ་རྒྱུད་གཉིས་པ་ཞི་བའི་འཐབ་རྩོད་པ་ཞིག་གི་བཞུད་ལམ་སྟེ། གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་བཞུད་ལམ་ཞེས་པའི་ནང་གླིང་ཚ་ཁོང་གིས་སྔ་ཕྱི་གཉིས་ཀྱི་ཞི་བའི་གོམ་བགྲོད་ཀྱི་བརྒྱུད་རིམ་གླེང་ཡོད་ལ། ཁོང་གི་ཞི་བའི་གོམ་བགྲོད་ལས་འགུལ་དང་འབྲེལ་བའི་སྐོར་གྱི་ལྟ་ཚུལ་བརྗོད་ཡོད། ངས་གླིང་ཚ་གླེང་དོན་ནི་ཕ་ཡུལ་གཅིག་པ་དང་གྲོགས་པོའི་འབྲེལ་ལམ་གྱི་ཆེད་དུ་མིན་ལ། ཁོང་རང་གི་ལས་འགུལ་དེ་ཆབ་སྲིད་ལྟ་གྲུབ་ག་གེ་མོ་དང་འབྲེལ་བ་ཡོད་པའི་དབང་གིས་ཀྱང་མིན། རི་ངོགས་འདི་ནས་ཡོད་ཚད་བློས་གཏོང་ཐུབ་པའི་ཁོང་ལྟ་བུ་ཞིག་བྱུང་བ་དངོས་བྱུང་གི་ལོ་རྒྱུས་ཡིན་ལ། ལོ་རྒྱུས་འདི་འབྲི་དགོས་པ་ལས་འགན་ཞིག་ཏུ་བསམ་གྱི་ཡོད། ཅེས་དང་། ཁོང་གིས་མུ་མཐུད་དུ། གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ལོ་རྒྱུས་ལ་རིན་ཐང་ཅི་ཙམ་ཡོད་མེད་ངེད་ཀྱིས་ཁ་ཚོན་གཅོད་དཀའ་ནའང་། གླིང་ཚའི་དཀའ་སྡུག་གི་ཟིན་ཐོ་ནི་ས་ལེ་བར་སྟོང་ཕྲག་མང་པོར་རྒྱང་བསྐྱོད་བྱས་པའི་གཏམ་རྒྱུད་ངོ་མ་ཞིག་ཡིན་སྟབས། གཏམ་རྒྱུད་འཚོལ་མཁན་གྱི་ཕྱི་རབས་པ་ཚོར་སྟབས་བདེ་ཡོང་ཕྱིར་གསར་ལམ་ཁག་ཅིག་ནས་དྲི་བ་དྲིས་ལན་སོགས་འདྲེན་འགོད་བྱས་པ་དང་། རྩོམ་པ་པོ་རང་གི་གང་མཐོང་བ་དང་ཤེས་པ་དག་བཀོད་ཡོད། ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༢༣ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཨ says:
    ལོ་ 11 སྔོན།

    སྤྱི་འཐུས་རྨོག་རུ་བསྟན་པར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ། ཚང་མ་ཁུ་སིམ་པོའི་སྐབས་འདིར་ཉིད་ཀྱིས་གླིང་ཚ་གླེང་བ་ནི་བདེན་པའི་གཟི་བརྗིད་རེད། གླིང་ཚས་ཞི་བའི་འཐབ་རྩོད་ཅེས་པ་ཞིག་བརྩམས་ཡོད་ཟེར་བ་དེ། ད་ལག་པར་མ་རྙེད་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese