ཁ་སང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༦ པ་དང་བསྟུན་ཏེ། རྒྱ་གར་རྒྱལ་ས་ལྡི་ལིར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལགས་གཙོ་བྱས་པའི་ལྡི་ལི་ཁུལ་གྱི་མཐོ་རིམ་སློབ་ཕྲུག་བུ་དང་བུ་མོ་ ༡༡༠ ཙམ་གྱིས་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་ནང་དུ་མཆོངས་ཐབས་བྱས་སྐབས། རྒྱ་གར་སྐོར་སྲུང་བ་མང་པོ་འབྱོར་ཏེ་བཀག་འགོག་བྱས་ཡོད་པ་དང་། ལས་འགུལ་བ་ཚོས་གཟུགས་པོའི་སྟེང་རི་མོ་འདྲ་མིན་བྲིས་ཤིང་ལག་ཏུ་བོད་ཀྱི་རྒྱལ་དར་དང་འབོད་ཚིག་སྣ་ཚོགས་འཁོད་པའི་འཕྲེད་དར་བཟུང་སྟེ། རྣམ་པ་འདྲ་མིན་ཐོག་ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་པར། ཉེན་རྟོག་པ་མང་པོས་ཁོང་ཚོ་རེ་རེ་བཞིན་འཛིན་བཟུང་གིས་རླངས་འཁོར་ནང་བཅུག་སྟེ་ཁྲིད་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
ཉིན་མོ་དེར། རྒྱུ་རྐྱེན་ཞིག་གིས་དབང་གིས་ང་རང་ལས་འགུལ་ནང་འཛུལ་བཞུགས་བྱས་མེད་།
འོན་ཀྱང་མི་རིགས་ཀྱི་ལར་ཞེན་མཐོ་རུ་བཏེགས་ནས་རང་དབང་གི་ཆེད་དུ་འབད་འབུངས་བྱེད་མཁན་ཡོངས་ལ་ངས་ནམ་ཡང་གུས་འདུད་ཞུ་བཞིན་ཡོད། གང་ལྟར་རང་བཙན་ཡིན་རུང་འདྲ། དབུ་མེད་ལམ་ཡིན་རུང་། ངེད་བོད་པ་ཚོས་ཕན་ཚུན་གུས་ཞབས་བྱས་ནས་རིང་ནས་སྙིང་དུ་བསྣག་པའི་དོན་རྣམས་འགྲུབ་པར་འབད་བརྩོན་བྱེད་དགོས། ཁྱེད་རྣམས་རླུང་རྟ་དར་བའི་སྨོན་འདུན་དང་ལྷག་པར་གཞིས་བྱེས་གཉིས་མཉམ་འཛོམས་ཡོང་བའི་རེ་སྨོན་ཞུ་བཞིན་ཡོད། བོད་རྒྱལ་ལོ།