མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་དུས་མིན་དུ་གྲོལ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་དང་འབྲེལ་ཏེ་ལྐོག་ཟ་རུལ་སུངས་སྐོར་གྱི་གླེང་སློང་ཞིག་དང་འབྲེལ་ཏེ་སྤྱི་འཐུས་ཚོགས་གཙོས་དགོངས་པ་ཞུས་སོང་།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཞིའི་པའི་སྔ་དྲོ་སྟེ། ད་ལྟ་རྒྱ་གར་གྱི་ཆུ་ཚོད་ ༡༢།༢༠ པའི་སྟེང་གྲོས་ཚོགས་ནང་། བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྔོན་རྩིས་གཏན་འབེབས་གནང་བཞིན་པའི་ལས་རིམ་འགྲོ་བཞིན་པའི་སྐབས། གྲོས་ཚོགས་ཀྱི་ལས་ཉིན་གཉིས་པར་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྤྱི་རྒྱུ་སྒེར་བདག་བྱེད་མཁན། ལྐོག་ཟ་རུལ་སུངས་བྱེད་མཁན། མི་གསོད་ཁྲག་སྤྱོར་བྱེད་མཁན་སོགས་བོད་པའི་སྤྱི་ཚོགས་ནང་དུ་ཡོད་པ་མ་ཟད། སྤྱི་འཐུས་གྲོས་ཚོགས་ནང་དུའང་ཡོད་པ་རེད་ཟེར་བའི་བཀའ་མོལ་ཞིག་དང་འབྲེལ་ཏེ། དེ་རིང་བསྐྱར་དུ་སྤྱི་འཐུས་ཁག་ཅིག་གིས་གནད་དོན་དེ་གླེང་སློང་གནང་བ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་ནས་ཀྱང་བསྐྱར་དུ་གླེང་བར་བརྟེན་ཏེ།  སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་ཅིག་གནང་བ་དང་འབྲེལ་ཏེ་ཚོགས་གཙོའི་ལས་གནས་ནས་དགོངས་པ་ཞུས་ཡིན་ཞེས་གསུངས་ཏེ་ཚོགས་འདུ་དུས་མིན་དུ་གྲོལ་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 27

  1. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    དྲྭ་གྲོགས་བློ་འཕེལ་ལགས་ཁམས་བཟང་།
    ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དབར་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ཡོད། རྒྱུ་མཚན་དེ་འདྲ་ལ་བརྟེན་ནས་བློ་བསྐྱེད་ཀྱི་ནུས་པས་སྟོང་ཞིང་ཀླད་མེད་རེ་ཤས་ནས། རྟེན་ཆོས་བརྒྱུད་ཀྱི་དབུ་ཁྲིད་དེ་ཉམས་དམས་སུ་གཏོང་བར་བརྟེན་པ་ཆོས་བརྒྱུད་དེའི་དགེ་འདུན་པ་དང་དད་ལྡན་གྱི་རྗེས་འཇུག་རྣམས་ལ་རང་བཞིན་གྱིས་འཁང་ར་བྱེད་ཅིང་། ད་དུང་ཆོས་བརྒྱུད་དེའི་བླ་མ་དང་སེར་མོ་བ་རྣམ་པས་དོ་ཁུར་མ་བྱས་ནས་རང་འཚམ་གྱིས་འོས་ཤོག་བླུག་ནས་བསྐོས་སྐོར་སྣ་ཚོགས་བཤད་ནས་ཕྱོགས་མཚམས་ཀུན་ཏུ་བཀྲམ། རྒྱུ་མཚན་དེར་བརྟེན་ཆོས་སྲིད་ཀྱི་རྣམ་དཔྱོད་དབེན་ཞིང་འུར་འདྲོགས་ཅན་གྱི་ང་ཚོ་བོད་པ་རྣམས་ཀྱི་རྒྱུད་ལ་དོགས་པའི་སྐྱེད་ཆེན་པོ་ཞིག་སྦྱིན་ཏེ་གནས་སྐབས་བོད་མི་ནང་ཁུལ་ཁ་བྲལ་དང་། མཐར་ཐུག་ངན་སོང་དུ་བསམ་བཞིན་དུ་བཅུག་དང་འཇུག་བཞིན་པའོ།
    རྒྱ་ལོའི་བྱས་ཉེས་བཤད་ན་བཀའ་འགྱུར་ཆུང་ཆུང་ཞིག་ཡོང་བར་དོགས་ནས་གནས་སྐབས་ཁྱེད་ལ་མི་ཞུ། ཡིན་ནའང་མ་འོངས་པར་གཞིས་བྱེས་བོད་མི་ཡོངས་ནས་མཁྱེན་དགོས་རྒྱུར་གལ་ཆེན་ཡིན་པས་འབྲི་ཡང་སྲིད།
    ཆུ་སྒང་གི་བརྙན་འཕྲིན་ནང་ཐོག་མར་ཆིངས་ཡིག་མ་བཞག་སྒང་ནས་༧སྐྱབས་མགོན་རིན་པོ་ཆེར་སྙན་སེང་ཞུས་ནའང་ཚ་ལོང་དང་གྲང་ལོང་མེད་པར་ལམ་སང་བཀའ་བཀྱོན་ཕེབས་ནས་གནས་དབྱུང་བཏང་བྱུང་བའི་སྐོར་བཤད་འདུག་པས་དེ་ལྟར་ཡིན་ན་བསམ་བློ་གཏོང་ཡུལ་ཞིག་ཆགས་མི་འདུག་གམ།
    ཐུགས་རྗེ་ཆེ་གྲོགས་པོ་ལགས། བོད་རྒྱལ་ལོ།

    Reply
  2. བློ་འཕེལ། says:
    ལོ་ 11 སྔོན།

    དྲྭ་སྨྱུག་གི་གྲོགས་པོ་འབྲོང་བུ་སོག་ཚ་ལགས་འཚམས་འདྲི་ཞུ། དང་པོ། ཆོས་བརྒྱུད་ཁག་གི་མཛད་གཙོ་རྣམ་པའི་མཛད་རྗེས། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་བྱས་རྗེས་སུ་བརྩིས་ན་འགྲིག་གམ། དེ་ལས་གཞན་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་བྱས་རྗེས་བགྲང་རྒྱུ་ཟད་དམ།
    གཉིས་པ། ཁྱོད་ཀྱིས་རྒྱ་ལོའི་སྐོར་ལ་ཞིབ་འཇུག་གང་མཚམ་གནང་ཡོད་པ་འདྲ། འོན་ཀྱང་ཉིད་ཀྱི་རྩོམ་ཡིག་ལ་གཞིག་ན་གཟུར་གནས་ཀྱི་ཞིབ་འཇུག་པ་ཞིག་མ་མཐོང་། ངའི་དེའི་སྐོར་ཤེས་ཀྱི་མེད་ལགས།
    གསུམ་པ། གློག་བརྙན་སྒྲིག་སྦྱོར་གནང་མཁན་སུ་རེད་བསམ་བློ་གཏོང་གལ། ཡང་དེ་དག་གི་ཇི་མཛད་ལེགས་མཐོང་ལས་དྲང་བདེན་གྱི་ཞིབ་འཇུག་སྐུ་ཉིད་ཀྱི་བློ་ཡུལ་ལས་འདས།
    བཞི་པ། བློ་དཀར་གཞུང་དྲང་ལ་དཔའ་དར་དང་བླ་བཙོང་ལ་རྣ་རྟགས་གལ་ཆེ།
    ཐལ་ཆ་ཆེ་བའི་ཚིག་འགའ་ཤོར་བས་གྲོགས་པོ་ལགས་ལ་དགོངས་དག་ཞུ།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    གུས་ཤིང་བརྩེ་བའི་དྲྭ་གྲོགས་བློ་འཕེལ་ལགས། ཁྱེད་ཀྱིས་ལྗགས་ལན་དང་སྦྲགས་བཀའ་འདྲི་ཁག་ཅིག་གནང་བར་བཀའ་དྲིན་ཆེ། དང་པོ་ཆོས་བརྒྱུད་སྤྱི་འཐུས་མེད་ན་བཟང་ཕྱོགས་ཀྱི་རྣམ་པ་ཞིག་སྟོན་གནང་འདུག་པར། ༡༩༥༩ ནས་ད་བར་བོད་ཕྱི་ནང་གཉིས་གཙོས་ཡུལ་ལུང་འདྲ་མིན་མང་པོ་ནས་བོད་མིར་གདུང་སེམས་མཉམ་བསྐྱེད་དང་རྣོ་ངར་ལྡན་པའི་ཚོར་བ་དྲག་པོ་སྟོན་པ་འདི་༧སྐྱབས་མགོན་རིན་པོ་ཆེས་དབུས་ཆོས་བརྒྱུད་ཁག་གི་མཛད་གཙོ་རྣམ་པས་ཐུགས་ཁུར་མཉམ་བཞེས་གནང་བའི་ཉེར་ལེན་ཁོ་ནས་བྱུང་བ་ཞིག་ཡིན། རྒྱུ་མཚན་དེའི་ཕྱིར་ན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་བོད་མི་ཆིག་སྒྲིལ་གྱི་ནུས་པ་གཙོ་བོ་འདོན་མཁན་ཞིག་ཡིན་ཞེས་བརྗོད་ན་མ་འགྲིགས་པ་མེད།
    དོན་ཚན་གཉིས་པའི་འགྲེལ་བཤད་བསྡུས་ཙམ་ཞུས་ན། ༡༩༦༠ ནས་འགོ་འཛུགས་ཀྱིས་རྒྱ་ལོ་དོན་གྲུབ་ལགས་ནས་ཐོག་མར་ཁམས་རིགས་ཀྱི་འགོ་དམངས་ཁག་ཅིག་ལ་འབྲེལ་བ་དམ་ཟབ་ཀྱིས་བོད་ནས་གསར་དུ་འབྱོར་བའི་སྐུ་དྲག་རེ་ཤས་ལ་སྒེར་གྱི་འཁོན་འཛིན་གྱིས་ཕལ་ཆེར་སྲོག་དང་བསྡོ་བའི་ལས་འགུལ་སྤེལ་བར་སྐུ་དྲག་དེ་རྣམས་ཐེ་ཝན་དང་ཨ་རིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས་བྱོལ་ལ་འགྲོ་དགོས་པ་བྱུང་ཡོད། ངས་བཤད་པར་མ་བདེན་ན་སྐབས་དེའི་དུས་ཀྱི་མི་རྣམས་ལ་བཀའ་འདྲི་གནང་ན་ཁྱེད་ཀྱི་ཐུགས་དོགས་སེལ་ཐུབ།
    ཆུ་བཞི་སྒང་དྲུག་གིས་ཁྲིམས་འགལ་གྱི་མཆིང་ཡིག་བཞག་པའི་ལོ་རྒྱུས་ཁྱེད་ཀྱིས་གསུང་འདུག་པ་དེ་སྐབས་དེ་དང་འབྲེལ་བའི་གནས་ཡོད་རྣམས་ཀྱིས་བྲིས་པའི་ལོ་རྒྱུས་དང་། གློག་བརྙན་ཁག་ནང་གསལ་པོ་འདུག་པས་དེར་གཟིགས་ན་ནམ་མཁའ་གཡའ་དག་ཏུ་འགྱུར་རྒྱུ་གདོན་མི་ཟ།
    དོན་ཚན་གསུམ་པ་ཁྱོད་ཀྱིས་ཉེས་ཅན་དུ་བགྲང་བ་དེ་བོད་ཕྱི་ནང་གཉིས་སུ་གནས་རིམ་དང་པོའི་ནང་ཡོད་པ་ཟུར་བསྟན་ལེབ་མཐོང་རེད་གསུང་འདུག་པར། ཁྱེད་ཀྱིས་གསུངས་པ་དེ་གཏན་གཏན་རེད་ཡིན་ནའང་དེ་ནི་སྤྱང་ཀི་ལ་ཚེ་ཐར་དང་། རྐུན་པ་དཔའ་དར་ཞེས་པའི་དཔེ་ལྟར་སོང་བ་ལས་གཞན་གང་ཡང་མིན།
    གྲོགས་པོ་ཁྱེད་ཀྱི་བོད་ཡིག་ཡག་པོ་ཞིག་བྲིས་གནང་འདུག་པར་ཡིད་སྤྲོ་བརྟས།

    Reply
  4. བློ་འཕེལ། says:
    ལོ་ 11 སྔོན།

    འབྲོང་བུ་སོག་ཚ་ལགས། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཀྱི་བཟང་ཕྱོགས་ཀྱི་བྱས་འབྲས་སྣ་གཅིག་སྟོན་དང་ཁོང་ཚོ་གྲོས་ཚོགས་སུ་མེད་ན་བོད་སྤྱི་ལ་ཕྱོགས་གང་ནས་གྱོང་གུད་འདུག་ཡང་གཅིག་ཤོད་དང་།

    ཡང་ཁྱོད་ཀྱིས་ཉེས་ཅན་དུ་བགྲང་བ་དེ་དག་བོད་སྤྱི་ནང་གཉིས་སུ་བྱས་རྗེས་ཅན་གྱི་གནས་རིམ་དང་པོར་སླེབས་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན་མོད། ཁྱོད་ཀྱི་མིག་ལམ་དུ་ཁྱེད་རང་མ་གཏོགས་སེར་པོ་སྣང་བ་སུའི་སྐྱོན་ཡིན་པ་ཡང་ལེབ་མཐོང་རེད།

    ཡང་ཁྱེད་ལ་ཐུགས་དྲན་གསོ་ཡ་ལ། རང་རློམ་ཅན་འགའ་རེས་ཐེ་ཝན་བོད་སོག་ལས་ཁུངས་སུ་ཆང་ཡིག་བཞག་པ་དྲན་གྱི་འདུག་གམ། དེ་བྱས་རྗེས་ཡིན་ནམ། བྱས་ཉེས་ཡིན། ཡང་ན་ཉིད་ཀྱི་མཆན་བུའི་ནང་འགོད་རྒྱུ་བརྗེད་པ་ཡིན་ནམ།

    Reply
  5. ཚ་ཤོད་ཤེས་རབ། says:
    ལོ་ 11 སྔོན།

    སྤྱི་འཐུས་ཚོགས་གཙོར་མི་གསོད་ཁྲག་སྦྱོར་བྱེད་མཁན་གྱི་བསྙོན་འཛུགས་བྱས་འདུག དེ་ནི་སྤྱི་འཐུས་མང་ཆེ་བར་བསྙོན་འཛུགས་བྱས་པ་དང་ཁྱད་མེད། གང་ཡིན་ཟེར་ན། སྤྱི་འཐུས་ཚོགས་གཙོར་འོས་འདེམས་གནང་མཁན་གྲོས་ཚོགས་ར་བའི་ནང་གི་སྤྱི་འཐུས་མང་ཆེ་བ་ཡིན། སོང་ཙང་། གནས་ཚུལ་འདི་གསལ་ཐག་མ་ཆོད་པར་འགྲོ་ལུགས་བྱས་ན། སྤྱི་འཐུས་སྤེན་པ་ཚེ་རིང་མཆོག་ཚོགས་གཙོར་འོས་འདེམས་མཁན་གྲོས་ཚོགས་ར་བ་ནང་གི་སྤྱི་འཐུས་ཚང་མ་ལ་འགན་ཁུར་ཡོད། སོང་ཙང་། གནད་དོན་འདི་ཉིད་ཁྲུན་ཐག་མ་ཆོད་པར་བཟང་སྤྱོད་ཀྱི་ལམ་ནས་ཟེར་ན་འདྲ། འགན་འཁྱེར་བའི་བྱ་སྤྱོད་ཟེར་ན་འདྲ། གང་ལྟར་གྲོས་ཚོགས་ར་བ་ནང་གྲོས་ཚོགས་འཐུས་མི་དེ་དག་མཉམ་ཞུགས་བྱེད་སྟངས་མེད་པ་ཞིག་ཆགས་ཡོད།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    ངའི་དྲྭ་གྲོགས་བློ་འཕེལ་ལགས། སྙོགས་གྲ་རྩག་ཙིག་བཟོ་མཁན་ཆོས་ལུགས་སྤྱི་འཐུས་ཡིན་སྲིད། ཡིན་ནའང་སྙོགས་གྲ་ཆེན་པོ་བཟོ་མཁན་ནི་གཅིག་སྦྲིལ་ཚོགས་པ་དང་། ལྷ་སྲས་རྒྱ་ལོ་དོན་གྲུབ་མཆོག་ལགས་རེད། དཔེར་ན་སྐུ་དྲག་དང་འབྲེལ་བའི་གནས་ཚུལ། གློ་ཆུ་བཞི་སྒང་དྲུག་གི་གནད་དོན། གཅིག་སྦྲིལ་ཚོགས་པའི་བྱས་ཉེས། འཇོན་རྒྱུ་མེད་པའི་ཏིང་ཞའུ་ཕིང་དང་སྐད་ཆ་བཤད་ནས་གྲུབ་འབྲས་མ་མཐོན་པ་མ་ཟད། ད་དུང་ཡང་མགོ་ལས་རྨ་ཁ་ཆེ་བ་བཟོས་བཞག་པ་འདི་ལ་བལྟོས་དང་། བཤད་ཤེས་ན་དྲང་པོ་བཤོད། དེ་མིན་ན་སྐྱིད་པོ་སྡོད།

    Reply
  7. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    སྤྱི་མཐུས་བསྟན་པ་ཡར་འཕེལ་མཆོག་ནས་དངོས་ཡོད་གནས་ཚུལ་ཁུངས་སྐྱེལ་ཡིན་གཅིག་གནང་རོགས་ཞུ་བཞིན་ཡོད།

    Reply
  8. བོད་དགའ། says:
    ལོ་ 11 སྔོན།

    འདི་དག་ཆབ་སྲིད་པ་ཚོའི་གར་སྟེགས་ཐོག་འཁྲབ་སྟོན་ཞིག་རེད། འཁྲབ་སྟོན་འདི་མ་འོངས་སྐབས་རྗེས་མའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དེ་དབུ་རང་གཉིས་སུས་བསྐྱང་རྒྱུར་འགྲན་རྩོད་ཀྱི་སྔོན་བརྡ་ཡིན་པ་འདྲ། གལ་སྲིད་སྤྱི་འཐུས་སྤེན་པ་ཚེ་རིང་བཀའ་ཁྲིའི་འོས་འཐོབ་ཚེ་དབུ་མའི་ལམ་རང་འཇག་ཟེར་ནའང་འདྲ། ཁོང་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པར་ཤར་སྐྱོད་གནང་མཁན་ཞིག་ཡིན་ས་ཡོད།

    Reply
  9. བདེ་རྒྱལ། says:
    ལོ་ 11 སྔོན།

    དངོས་ནས་བྱས་ན་སྐད་ཆ་འདི་ཚོ་གླེང་བའི་དུས་མ་རེད། ད་ལྟ་༸གོང་ས་མཆོག་གི་སྐུ་དབང་མི་མང་ལ་རྩིས་སྤྲད་རྗེས་སྒྲིག་འཛུགས་འདི་སྲ་བརྟན་གནས་རྒྱུར་བསམ་བློ་གཏོང་དགོས་པ་དེ་ཡིན། བོད་ནང་གི་རང་སྲོག་མེ་འབུལ་ཐུབ་པའི་དཔའ་བོ་དང་དཔའ་མོ་ཚོ། ཁྱེད་ཚོས་སུ་ཞིག་ལ་རེ་བཞིན་ཡོད། སྙིང་རྗེ། དངོས་ནས་ཁྱེད་ཚོར་སྙིང་རྗེ།་་་་་་་་་་་

    Reply
  10. བཛྲ་སུ་མ་ཏི། says:
    ལོ་ 11 སྔོན།

    གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་ཁང་ལ་འགྲོ་མ་ཆོག་པ་ག་དུས་བཟོས་པ་རེད། འོན་ཀྱང་སྐྱོན་འཛུགས་དང་ཉེས་མེད་ཡིན་ན་གྲོས་ཚོགས་ནང་གསལ་བཤད་མ་བྱས་པར་བློ་ཁོག་ཡོད་ལ་ཕྱི་ལ་ཤོག་ཟེར་དོན་གང་ཡིན་ནམ་་ཨ་མའི་བུ་སྐད་ཆ་ལ་བདེན་དཔངས་ཡོད་ན་ད་བཏོན་དགོས་རེད་་་དངོས་ནས་ཡག་པོ་གཙང་མ་བཟོ་དགོས་རེད་ད་་་རེ་བ་ཡོད་་་

    Reply
  11. ཁྱུང་རང་སྒྲ། says:
    ལོ་ 11 སྔོན།

    སྤྱིར་བཏང་གོང་འོག་སུ་ཞིག་ལ་སྐྱོན་བརྗོད་དང་ཐེར་འདོན་བྱས་ཀྱང་མི་ཆོག་པ་མེད་པ་རེད། ཡིན་ནའང་། ཕྱོགས་རེས་འཐེན་འཁྱེར་གྱི་དུག་མཚོན་སྣ་ཚོགས་འཁུར་ཡོང་སྟེ་གྲོས་ཚོགས་ནང་ནས་རྫིག་ཉམས་སྟོན་པ་དང་དཔའ་རྟགས་ངོམ་པའི་ལྐུགས་ལ་དེ་མཐོང་བ་ཙམ་གྱིས་ངོ་གནོང་བ་ཞིག་རེད། དཔའ་བོ་ཡིན་ན་གྲོས་ཚོགས་ར་བའི་རྐུབ་སྟེགས་སོབ་སོབ་དེའི་སྟེང་ནས་སྟོན་དགོས་པ་མ་རེད། ང་ཚོའི་སྤུན་ཟླ་ཁྲི་སྟོང་མང་པོ་རྒྱ་དམར་པོའི་བཙོན་གནོན་དང་བཙོན་འཇུག་འོག་ན་མནར་གཅོད་མྱོང་དང་མྱོང་བཞིན་པ་ཡིན་ཙང། ང་ཚོས་ཀྱང་ཁ་ཆེའི་དཔའ་རྒོད་ཚོ་ནང་བཞིན་དཔའ་ངོམ་ན་ཕྱི་དྲགས་མེད་ན་སྔ་ཁྱོན་ནས་དྲགས་མི་འདུག དེ་འདྲ་ཡིན་ཙང་གྲོས་ཚོགས་ར་བའི་ནང་སྐད་ཆ་རྫིག་པོ་བཤད་མཁན་གྱི་འཐུས་མི་ཚོས་དཔའ་ངོམ་ས་དེ་མ་ནོར་བ་གནང་རོགས། མིག་ཅེར་ཞིང་མོར་རྩིག་བསྡམས་ནས་འདར་སིག་སིག་གིས་ངར་ས་དེ་མ་ནོར་བ་གནང་རོགས། བོད་བསྟན་སྲིད་ཆེད་ལུས་སྲོག་བློས་བཏང་བའི་སྤུན་ཟླ་ཁྲི་སྟོང་གི་ཞལ་ཆེམས་དང་རེ་འབོད་ལ་ཐུགས་བསམ་རེ་བཞེས་ནས་ཁྲིམས་བཟོ་མཁན་ཞིག་གི་མིང་འཁུར་ཏེ་ཁྲིམས་ལ་མགོ་རྨོངས་ཤིག་ཁྲིམས་ལ་རྡོག་རོལ་མ་གཏོང་རོགས། སྤྱི་བའི་སྡིངས་ཆ་ཞིག་གི་སྒང་ནས་མི་སྒེར་གྱི་ཁེ་ཕན་ཁོ་ན་རྩོད་ལེན་ཆེད་བོད་འདི་ཁྲག་དཀྲིག་པ་ནང་བཞིན་མ་དཀྲིག་རོགས་གནང་སྐུ་མཁྱེན་་་་་་་་་་་་་་་་། ཁྲིམས་ཀྱི་འགྲོ་སྟངས་མི་ཤཻས་ལ་ཁྲིམས་བཟོ་བའི་ནུས་པའང་མེད་ན་དགོངས་པ་ཞུས་དང་། རྐུབ་སྟེགས་སྒང་ལ་འདུག་མཁན་མང་དྲགས་པ་རེད། སྐུ་མཁྱེན་་་་་་་་ ཚང་མ་དཀྲིག་མ་ཡོང་རོགས་གནང་།

    Reply
  12. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    bangchen.net/དྲ་བྱང་འདི་ལ་གཟིགས་རོགས།

    Reply
  13. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    དྲ་གྲོགས་རེ་གཟུང་ལོ་རྗེས་མའི་བཀའ་སྤྱི་གཉིས་འོས་ཤོག་སྐོར་འབྲེལ་བ་ཡོད་སྟངས་བཤད་ནས་འབྲེལ་ལོག་བརྒྱབ་པ་དེ་ནི། ཕྱོགས་ཞེན་ཆེ་བའི་སྐད་ཅོག་ཙམ་ལས་གནས་ལུགས་དང་རྒྱུ་མཚན་གང་ཡང་མ་མཐོང་།

    Reply
  14. ཇོ་རུ་ཚེ་རིང་། says:
    ལོ་ 11 སྔོན།

    ཆབ་སྲིད་ལྟ་གྲུབ་དང་འཐབ་རྩོད་ཐབས་ལམ་བརྩད་ནས་གྲོས་ཚོགས་སྒོ་རྒྱག་དགོས་བྱུང་ཡང་། དེ་ངོ་གནོང་དགོས་པའི་གནད་དོན་ཞིག་མ་རེད། ཡིན་ནའང་། མི་སྒེར་བར་གྱི་འཁོན་སེམས་དང་གནད་དོན་བརྩད་དེ་གྲོས་ཚོགས་མཚམས་ཆད་པ་དང་། སྒོ་རྒྱག་མ་ཐུབ་པ་སོགས་བྱུང་བཞིན་པ་འདི་རིགས་ནི། ཡིད་སྐྱོའི་གནས་སྟངས་རང་རེད། ད་ནི་བོད་རིགས་མི་དམངས་རང་ངོས་ནས་བསམ་བློ་བཏང་དང་རིག་པ་སྒྲིམ་ནས། སོ་སོས་བདམས་པའི་གྲོས་ཚོགས་འདིར་བདག་ཡག་པོ་རྒྱག་དགོས་ཀྱི་འདུག སྤྱིར་ཆོས་རྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་མི་འདུག བོད་ཀྱི་ལོ་རྒྱུས་ལ་ཕྱིར་མིག་ལྟོས་དང་། ༼ཆོས་རྒྱུད༽དང་༼ཆོལ་ཁ༽ཟེར་བའི་ཐ་སྙད་འདི་གཉིས་ཀྱིས་བོད་ལ་ཕན་རྐང་གཅིག་ཀྱང་ཐོག་མྱངས་མེད་པར། བོད་ཉམས་ཉེས་ཁ་འཐོར་དང་གཞན་འོག་ཚུད་བཅུགས་ཡོད་པ་དེ་ནམ་ལངས་ལངས་ཉི་མ་ཤར་ཤར་རེད། ད་ནི་ཆབ་སྲིད་ཀྱི་རྩེད་ཆས་འདི་རིགས་གད་སྙིགས་ཁྲོད་གཡུག་རན་རེད།

    Reply
  15. རྔ་བའི་ལོ་སྐྱུར། says:
    ལོ་ 11 སྔོན།

    ཕྱི་ནང་གི་གོ་རྟོག་དྲི་མ་ཙམ་ཡང་མེད་པའི་གླང་རྒན་ཚོས་བྱེད་སྟངས་ནི་དགྲ་དགའ་གཉེན་སྡུག་རང་རེད།

    Reply
  16. x00hacktivist says:
    ལོ་ 11 སྔོན།

    གནས་ཚུལ་ཡག་སྡུག་གང་འདྲ་ཞིག་ཡིན་རུང་། ཚོགས་གཙོའི་ངེས་མེད་དགོངས་ཞུ་བྱེད་དགོས་པའི་རྒྱུ་མཚན་སོགས་མི་དམངས་ལ་གསལ་བཤད་བྱེད་རོགས། སྔོན་ཆད་རང་བཙན་མ་ཤོར་གོང་བོད་སྤྱི་འབངས་སྐུ་དྲག་གིས་བཙན་དབང་འོག་སྡུག་པོ་གང་མང་མྱང་ཚར་བ་ཡིན་པས། ཕྱིས་སུ་ཡང་དེ་འདྲ་མྱོང་དགོས་བྱུང་བ་རེད། ད་ལྟ་༧རྒྱལ་བའི་བཀའ་དྲིན་འོག་གནས་སྟངས་བཟང་དུ་འགྲོ་དུས་ཁྱེད་རྣམས་པས་གང་ཟབ་བྱས་ནས་ངེད་མི་དམངས་དཀྱུས་མ་ཚོ་སྡུག་ལ་མི་སྦྱར་བའི་རེ་བ་ཡོད།

    Reply
  17. རྡོ འཇམ་ཚུལ། says:
    ལོ་ 11 སྔོན།

    གསར་འགྱུར་འདི་ཁ་གསལ་མེད་པ་དང་གསར་འགོད་པའི་མིང་མེད་པ་སོགས་སྐྱོན་གང་ཞིག་མཐོངས་སོང་། རེ་སྐུར་ཞིག་ལ། གསར་འགྱུར་འདི་སྣང་ཆུང་དུ་མི་གཏོང་བར་ཁ་གསལ་ཞིང་དོན་དངོས་ཤིག་སྐྱར་དུ་འགོད་རོགས།

    Reply
  18. གསལ་ལེ་རྒྱལ། says:
    ལོ་ 11 སྔོན།

    སང་ཉིན་ཚོགས་གཙོའི་ཁྲོ་དངས་ན་ཡོང་གི་རེད། སེམས་ཁྲལ་མ་བྱེད།

    Reply
  19. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    འཇིགས་མེད་སེང་གེས་བཤད་པ་བཞིན་དངོས་གནས་སྐབས་རྗེས་མའི་སྲིད་སྐྱོང་གི་འོས་བསྡུ་དང་འབྲེལ་བ་ཡོད་ན། ད་ཡང་ཡག་རྟགས་ཤིག་མི་འདུག་ཏ།

    Reply
  20. བློ་འཕེལ། says:
    ལོ་ 11 སྔོན།

    རྒྱ་མིས་ལག་པ་བསྐྱངས་སོང་ང་། བཀའ་བརྒྱུད་སྤྱི་འཐུས་འཇུས་སོང་ང་། ཚོགས་གཙོ་ཁྲི་ལས་གཡུག་སོང་ང་། རྒྱ་དམར་གྱི་བསམ་དོན་འགྲུབ་སོང་ང་། དྲ་གྲོགས་ཚོ། གྲོས་ཚོགས་སུ་རྙོགས་གྲ་གང་བཟོས་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་རེད།

    Reply
  21. ཨ་མའི་བུ། says:
    ལོ་ 11 སྔོན།

    དགྲ་དགའ་གཉེན་སྡུག་ག་ལ་ཡིན། མི་དཀར་པོར་ཞྭ་མོ་ནག་པོ་གཡོག་ན་ཁག་ག་ལ་ཡོད། བོད་པའི་གཏམ་དཔེར། ནར་ནར་ལྕེ་ལ་བདག་པོ་མ་རྒྱབ་ན། རིལ་རིལ་མགོ་ལ་འོ་རྒྱལ་བཟོས་ཡོང་ངོ་ཟེར་བ་བཞིན། བཀའ་བརྒྱུད་སྤྱི་བསྟན་པ་ཡར་འཕེལ་ཟེར་བས་འགན་ཁུར་མེད་པར་གྲོས་ཚོགས་ཟང་ཟིང་བཟོས་དོན་ཅི་ཡིན་ནམ། དེང་སྐབས་སྤྱི་ཚོགས་ནང་སྐབས་གཉིས་པའི་སྲིད་སྐྱོང་སྤྱི་འཐུས་ཚོགས་གཙོ་སྤེན་ཚེ་ལགས་ལས་ལྷག་པ་མེད་སྐོར་གླེང་བཞིན་དུ་མི་དཀར་ལ་ཞྭ་ནག་གཡོག་ཏེ་ཟུར་ཟ་བྱེད་དོན་ནི་ཆབ་སྲིད་གཙོག་པ་ཞིག་འཁྲབ་ཏེ། ཁོང་སྐབས་གཉིས་པའི་སྲིད་སྐྱོང་དུ་ལངས་མི་ཐུབ་པ་བཟོ་སེམས་དེ་རེད།

    Reply
  22. བདེ་རྒྱལ། says:
    ལོ་ 11 སྔོན།

    ༸གོང་ས་མཆོག་གི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་ཟིན་རྗེས། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་མི་རབས་གསར་བའི་ནང་ཕྱི་ལ་ངོམས་ཆོག་པ་ཞིག་ཡོད་པ་ནི། སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་གཉིས་རེད། དེ་རིང་སྤྱི་འཐུས་ཚོགས་གཙོས་ཚོགས་གཙོ་ནས་དགོངས་པ་ཞུས་པ་ནི་བོད་སྤྱི་པའི་གྱོང་ཆེན་པོ་ཞིག་དང་། རྒྱ་ནག་ལ་མཚོན་ན་ཡི་མགུ་བའི་བྱ་བ་ཞིག་རེད།

    Reply
  23. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    འདི་ནི་སྔོན་རྩིས་ཀྱི་གནད་དོན་མ་ཡིན་ལ། ཁྲིགས་སྒྲིག་གི་རྩོད་གཞི་དེ་བས་མིན།
    འདི་ནི་སྐབས་རྗེས་མའི་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ཁྲབ་སྟོན་ཐོག་མ་དེ་ཡིན་ཞིང་། འབྱུང་འགྱུར་གྱི་ལོ་གཅིག་དང་ཕྱེད་ཀའི་ནང་ང་ཚོས་ལྟད་མོ་འདི་རིགས་མང་པོ་མཐོང་ངེས།

    Reply
  24. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    ཚོགས་གཙོ་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་གང་ཡིན་ནམ། གང་ཡིན་ནམ།???

    Reply
  25. བསྟན་འཛིན་འཕགས་པ། says:
    ལོ་ 11 སྔོན།

    ཡག་པོ་བྱུང་འདུག་་་
    ད་ཡིན་ན་ལྟས་མོ་འདུག་དངོས་གནས་ཡིན། མུ་མཐུད་ནས་ཡིན་དཱ།

    Reply
  26. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    ད་ལྟ་གྲོས་ཚོགས་ནང་བཀའ་བརྒྱད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་ཚོགས་གཙོར་མི་གསོད་ནག་ཉེས་བཙུགས་ཏེ། ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཚོགས་གཙོའི་ལས་སྣེ་གནས་ནས་དགོངས་པ་ཞུས་འདུག འདི་ནི་མ་རུང་ཁོག་བཅངས་ཀྱི་ས་འོག་དར་ཐགས་ཀྱི་གཡོ་ཇུས་ཤིག་རེད། གནས་ཚུལ་འདི་མཇུག་བསྡོམས་གཙང་སེལ་མ་བྱུང་བར་མདོ་སྨད་སྤྱི་འཐུས་ཡོངས་རྫོགས་གྲོས་ཚོགས་ནས་ཕྱིར་འཐེན་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། རྒྱུ་མཚན་གནས་ཚུལ་འདི་མདོ་སྨད་ཡོངས་ལ་གཟས་ནས་རྙོག་གླེང་བཟོས་པ་ཞིག་ལ་ངེས་འཛིན་ཞུ་གི་ཡོད།

    Reply
  27. གསལ་ལེ་རྒྱལ། says:
    ལོ་ 11 སྔོན།

    དེ་འདྲ་མ་གནངས། སྐུ་མཁྱེན། དགྲ་གཉེན་སྡུག་རང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese