མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་བྱས་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༣/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཏུ་ཎེ་ཤཱི་ཡཱའི་འགྲེམས་སྟོན་ཁང་ཞིག་ཏུ་དྲག་སྤྱོད་པ་གཉིས་འཛུལ་ཏེ་ཡུལ་སྐོར་སྤྲོ་འཆམ་པ་ ༡༩ བསད་ཡོད་འདུག

ཁ་སང་དཀྱིལ་ཤར་ཡུལ་གྲུ་ཏུ་ཎེ་ཤཱི་ཡཱའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་ཡོངས་བྷར་ཌོ་འགྲེམས་སྟོན་ཁང་ (Bardo Museum) ཞེས་པར་དྲག་སྤྱོད་པ་གཉིས་འཛུལ་ནས་གང་བྱུང་མེ་མདའ་བརྒྱབ་ཏེ། མི་ ༡༩ བསད་ཡོད་པ་དང་གཞན་མི་ ༤༠ ལྷག་ལ་རྨས་སྐྱོན་བཏང་ཡོད་སྟབས། ཉེན་རྟོག་པས་དྲག་སྤྱོད་པ་དང་འཐབ་མོ་བྱས་ནས་ཁོ་གཉིས་བསད་ཡོད་པ་དང་། ད་ཆར་འཇིགས་སྐུལ་བ་དེ་གཉིས་ཀྱི་ངན་གྲོགས་སུ་ཡིན་མིན་འཚོལ་ཞིབ་བྱེད་བཞིན་ཡོད་འདུག

ཏུ་ཎེ་ཤཱི་ཡཱའི་སྲིད་འཛིན་བྷེ་ཇེ་ (Beji Caid Essebsi) ཡིས་བྷི་བྷི་སི་གསར་ལམ་ཐོག “ང་ཚོར་འཇིགས་སྐུལ་བ་ཉུང་ཤས་ཤིག་གིས་འཇིགས་སྣང་སྐུལ་བཞིན་ཡོད་སྟབས། ང་ཚོས་སྙིང་རྗེ་སྤུ་ཙམ་མེད་པར་གདོང་ལེན་ཁ་གཏད་གཅོག་རྒྱུ་ཡིན། དྲག་སྤྱོད་པས་གཏོར་རྒོལ་ཇི་ཙམ་བཏང་ཡང་རྒྱལ་ཡོངས་ནང་དམངས་གཙོར་རྒྱལ་ཁ་ཐོབ་ནས་སྔར་བཞིན་འཕེལ་རྒྱས་འགྲོ་རྒྱུ་རེད”ཅེས་དང་། སྲིད་བློན་ཧཱ་བྷེབ་ (Habib Essid) ཀྱིས། “ཐེངས་འདིར་དྲག་སྤྱོད་པས་ཏུ་ཎེ་ཤཱི་ཡཱའི་མི་ ༢ དང་ཉི་ཧོང་གི་མི་ ༥། ཨི་ཌ་ལིའི་མི་ ༤། ཀཱོ་ལོམ་བྷེ་ཡའི་མི་ ༢། སི་པན་གྱི་མི་ ༢། ཨོ་སོ་ཌོ་ལི་ཡ་དང་ཕ་རན་སི། པོ་ལན་ཌི་བཅས་ཀྱི་མི་རེ་དང་གཞན་ཞིག་བཅས་བསད་ཡོད། ང་ཚོས་དེ་ནི་ཛ་དྲག་གནས་སྟངས་ཤིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་མ་ཟད། ལོ་རྒྱུས་ཐོག་དཀྱོག་མཚམས་ཀྱི་འཕོ་འགྱུར་གལ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད”ཅེས་བརྗོད་འདུག

དེ་རིང་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་དང་རོའུ་ཌར་གསར་ལམ་ཐོག་དོན་རྐྱེན་དེའི་བྱུང་རིམ་སྐོར་འཁོད་དོན། ༢༠༡༡ ལོར་དཀྱིལ་ཤར་ཡུལ་གྲུ་ནང་དཔྱིད་དུས་གསར་བརྗེ་ཞེས་པ་ལངས་ཏེ། མང་ཚོགས་ས་ཡ་མང་པོས་དབང་ཆ་སྒེར་སྤྱོད་བྱེད་མཁན་གྱི་དཔོན་ངན་དག་གནས་དབྱུང་བཏང་སྟེ། དམངས་གཙོའི་ལམ་ལུགས་ཐོག་བསྐྱོད་དགོས་པའི་ངོ་རྒོལ་རིམ་པ་བྱས་པ་ལྟར། ཏུ་ཎེ་ཤཱི་ཡཱའི་མང་ཚོགས་འབུམ་ ༢༠ ལྷག་གིས་དབང་ཆ་སྒེར་སྤྱོད་བྱེད་མཁན་སྲིད་འཛིན་བྷན་ཨཱ་ལི་ (Zine El Abidine Ben Ali) ལས་གནས་ནས་གནས་དབྱུང་གཏོང་དགོས་པའི་ངོ་རྒོལ་བྱས་རྗེས། བྷན་ཨཱ་ལི་སོ་ཌི་ཨེ་རབ་བྷེ་ཡ་ནང་བྲོས་བྱོལ་བྱེད་དགོས་ཐུག་ཡོད་སྟབས། ཨལ་ཁཱེ་ཌ་དྲག་སྤྱོད་ཤོག་ཁག་གིས་ཉེན་རྟོག་པ་དང་ཡུལ་དམག་ ༡༢ ལྷག་བསད་ཡོད་པ་མ་ཟད། ༢༠༡༢ ལོར་སླར་ཡང་ཨལ་ཁཱེ་ཌ་དྲག་སྤྱོད་པས་ཏུ་ཎེ་ཤཱི་ཡཱའི་ནང་འཇབ་རྒོལ་བྱས་ནས་ཡུལ་མི་ཁག་ཅིག་བསད་ཡོད་སྟབས། ཏུ་ཎེ་ཤཱི་ཡཱའི་མཁའ་དམག་གིས་མཁའ་རྒོལ་བྱས་ཀྱང་རྩ་མེད་གཏོང་ཐུབ་མེད་སྟབས། དྲག་སྤྱོད་པ་ ༣༠༠༠ ལྷག་ཨི་རག་དང་སི་རེ་ཡཱ། ལེབ་ཡཱ་བཅས་ནང་ཉེན་ཡོལ་ཕྱིན་ནས་ཨི་རག་དང་སི་རེ་ཡའི་མཉམ་འབྲེལ་དྲག་སྤྱོད་ཤོག་ཁག་ (ISI) ཞེས་པར་འཛུལ་ཏེ། དྲག་འཛིན་བྱ་སྤྱོད་སྤེལ་བཞིན་ཡོད་པ་མ་ཟད། དྲག་སྤྱོད་པ་ ༥༠༠ ལྷག་ཏུ་ཎཱེ་ཤཱི་ཡཱའི་ནང་ཕྱིར་ལོག་བྱས་ཡོད་སྟབས། ད་ཐེངས་དྲག་འཛིན་བྱ་སྤྱོད་འདི་བྱུང་བ་ཞིག་ཡིན་སྐོར་བཀོད་འདུག

༢༠༠༢ ལོར་ཨལ་ཁཱེ་ཌ་དྲག་སྤྱོད་ཤོག་ཁག་གིས་ཏུ་ཎེ་ཤཱི་ཡཱའི་ཇར་བྷ་ (Djerba) གླིང་ཕྲན་ནང་འབར་རྫས་གས་གཏོར་བྱས་ཏེ། འཇར་མཱ་ཎིའི་ཡུལ་སྐོར་སྤྲོ་འཆམ་པ་ ༡༤ དང་ཕ་རན་སིའི་མི་ ༢། ཏུ་ཎེ་ཤཱི་ཡཱའི་ཡུལ་མི་ ༥ དང་། ཟླ་འདིའི་ཚེས་ ༡༨ ཉིན་བྷར་ཌོ་འགྲེམས་སྟོན་ཁང་ལ་འཇབ་རྒོལ་བྱས་ནས་ཡུལ་སྐོར་སྤྲོ་འཆམ་པ་ ༡༩ བསད་ཡོད་སྟབས། ཁ་སང་གནད་དོན་དེའི་ཐོག་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལྷན་ཚོགས་ཀྱི་གྲོས་ཆོད་ཅིག་བཞག་པ་དང་འབྲེལ་སྤྱི་ཁྱབ་དྲུང་ཆེ་བྷན་ཁཱེ་མོན་མཆོག་གི་མགྲིན་ཚབ་པས་དྲག་སྤྱོད་པས་མི་གསོད་ཁྲག་སྦྱོར་བྱས་པ་དེར་སྐྱོན་འཛུགས་དང་འབྲེལ། ནང་མི་ཉེ་འབྲེལ་ཚོར་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན་ཞེས་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཀེ་རེ་ཡིས་ཨ་རིས་ཏུ་ཎེ་ཤཱི་ཡཱའི་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་དམངས་གཙོའི་ལམ་ལུགས་ཐོག་ཤར་སྐྱོད་བྱ་རྒྱུར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅེས་བརྗོད་འདུག ཡུ་རོབ་མཐུན་ཚོགས་ཕྱི་སྲིད་ལྷན་ཚོགས་ཀྱི་ཚོགས་གཙོ་ཕ་ཌེ་རེ་ཁཱ་ (Federica Mogherini) ཡིས། ཡུ་རོབ་མཐུན་ཚོགས་ཀྱིས་ཏུ་ཎེ་ཤཱི་ཡཱའི་གཞུང་གིས་འཇིགས་སྐུལ་རིང་ལུགས་པར་ཁ་ གཏད་གཅོག་རྒྱུར་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

སྐར་མ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese