མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཉི་ཧོང་ཀོ་རི་ཡ་གསུམ་གྱི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ལྷོ་ཀོ་རི་ཡའི་རྒྱལ་སར་རྒྱ་ནག་དང་ཀོ་རི་ཡ་ཉི་ཧོང་བཅས་ཀྱི་ཕྱི་སྲིད་བློན་ཆེན་འཛོམས་ཏེ་རྒྱལ་ཁབ་ཕན་ཚུན་གྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ལ་གྲོས་བསྡུར་བྱས་ཡོད་འདུག

དེ་རིང་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ནང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཕུ་མའེ (Fumio Kishida)དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ (Wang Yi)། ལྷོ་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཡུང་བྷེ་ཡུང་ (Yun Byung-se) བཅས་འཛོམས་ཏེ། ཞི་བདེ་རྒྱ་མཚོའི་མཚོ་གླིང་རྩོད་ཉོག་དང་ལྷོ་ཤར་རྒྱ་ནག་རྒྱ་མཚོའི་བདག་དབང་གནད་དོན། ཉི་ཧོང་གི་སྲིད་བློན་ཤིང་ཛོ་ཨ་བྷེ་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྐྱེན་འདས་སུ་སོང་བའི་ཉི་ཧོང་གི་དམག་མིའི་དྲན་རྟེན་ལྷ་ཁང་དུ་མཆོད་འབུལ་ཕྱིན་པ་བཅས་ཀྱི་ཐོག་གླེང་སློང་བྱས་ཡོད་པ་མ་ཟད། མ་འོངས་པར་གནས་ཚུལ་དེ་རིགས་མི་འཐོན་པ་བྱས་ནས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བཅས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཁོ་ཚོས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་། “རྒྱལ་ཁབ་གསུམ་ཞི་འགྲིག་མཉམ་ལས་བྱེད་རྒྱུ་ནི་ཉི་ཧོང་ལ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས། ད་ཐེངས་ཀྱི་ལྷན་ཚོགས་འདི་བརྒྱུད་མ་འོངས་པའང་ཞི་མོལ་འདི་རིགས་འཚོགས་རྒྱུར་འབད་བརྩོན་བྱེད་དགོས”ཞེས་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡིས། “ང་ཚོས་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་སྔར་ལྷག་འཕེལ་རྒྱས་གཏོང་ཐབས་ཐོག་གྲོས་མོལ་བྱས་ཡོད་པ་མ་ཟད། མ་འོངས་པར་རྒྱ་ནག་དང་ཉི་ཧོང་གི་མགོ་ཁྲིད་བར་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་ཀྱི་ཐག་གཅོད་བྱས་པ་ཡིན། རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་ཡག་པོ་ཡོད་ཀྱང་། ཉི་ཧོང་དང་རྒྱལ་ཁབ་གཉིས་བར་ལོ་རྒྱུས་དང་མངའ་ཁུལ་གྱི་བདག་དབང་ཐད་དཀའ་རྙོག་འཕྲད་བཞིན་ཡོད་སྟབས། ད་ཐེངས་དཀའ་རྙོག་དེ་དག་ཞི་འགྲིག་དང་འབྲེལ་མཉམ་ལས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུའི་ཐོག་གོ་བསྡུར་བྱས་པ་ཡིན”ཞེས་བརྗོད་འདུག

༢༠༡༣ ལོར་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་མཚོ་གླིང་ཐོག་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པ་དང་འབྲེལ། སིང་ཁཱ་ཁའོ་མཚོ་གླིང་ (Senkakus) གི་བདག་དབང་གནད་དོན་ཐད་ཉི་ཧོང་དང་རྒྱ་ནག་བར་རྩོད་རྙོག་བྱུང་རྗེས། རྒྱ་ནག་གི་མཚོ་དམག་གིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་སྐོར་གཡེང་བྱས་ནས་ཉི་ཧོང་ལ་ཁོང་ཁྲོ་བསླངས་ཡོད་པ་དང་། ཉི་ཧོང་གིས་དམག་དོན་རྩ་ཁྲིམས་ལ་བསྐྱར་བཅོས་བྱས་ནས་རྒྱལ་ཁབ་ཀྱི་བརྟན་ལྷིང་ ཆེད་རྒྱལ་ཁབ་གཞན་དང་དམག་འཐབ་བྱ་རྒྱུ་ཐག་གཅོད་བྱས་ཡོད་པ་མ་ཟད། ལྷོ་ཀོ་རི་ཡ་དང་རྒྱ་ནག་གིས་ནག་ཉེས་བརྩི་བཞིན་ཡོད་པའི་འཛམ་གླིང་དམག་ཆེན་གཉིས་པའི་དྲན་རྟེན་མཆོད་ཁང་དུ་མཆོད་འབུལ་ཕྱིན་ཡོད། ན་ནིང་རྒྱ་ནག་རྒྱལ་ས་པེ་ཅིན་ཨེ་ཤ་ཡའི་དཔལ་འབྱོར་གླེང་སྟེགས་སྐབས། ཞི་ཅིན་ཕིན་གྱིས་ཤིང་ཛོ་ཨ་བྷེ་དང་ཐུག་སྐབས་མ་དགའ་བའི་རྣམ་འགྱུར་བསྟན་ཡོད་པ་མ་ཟད། རྒྱ་ནག་ནན་ཅིན་གྲོང་ཁྱེར་དུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཉི་ཧོང་གོང་དམག་གིས་ནན་ཅིན་སོགས་རྒྱ་ནག་བྱང་ཤར་ཁུལ་དུ་བཙན་འཛུལ་བྱས་སྐབས་རྐྱེན་ལམ་དུ་ཕྱིན་པའི་དམག་དམངས་ལ་རྒྱལ་ཡོངས་མྱ་ངན་འདས་མཆོད་སོགས་བྱས་ཡོད་སྟབས། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད།

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ཐེངས་ཀྱི་གྲོས་མོལ་འདི་བརྒྱུད་ཉི་ཧོང་དང་ལྷོ་ཀོ་རི་ཡའི་འབྲེལ་ལམ་ཡག་ཏུ་འགྲོ་སྲིད་པ་ཞིག་ཡིན་ཡང་། རྒྱ་ནག་དང་ཉི་ཧོང་བར་དཀའ་རྙོག་འདྲ་མིན་འཕྲད་བཞིན་ཡོད་སྟབས། མ་འོངས་པར་འབྲེལ་ལམ་ཡག་ཏུ་འགྲོ་རྒྱུ་ཁག་པོ་ཆགས་ཡོད་སྐོར་བརྗོད་འདུག༢༠༠༨ ལོ་ནས་བཟུང་ལོ་རེར་རྒྱལ་ཁབ་གསུམ་པོའི་ཕྱི་སྲིད་བློན་ཆེན་བར་ལྷན་ཚོགས་བསྡུས་ཡོད་ཀྱང་། ༢༠༡༢ ལོར་འབྲེལ་ལམ་ཆད་དེ་ད་བར་ཚོགས་ཐུབ་མེད་ཀྱང་། ད་ཐེངས་ལྷོ་ཀོ་རི་ཡའི་མགོ་ཁྲིད་འོག་ལྷན་ཚོགས་ཐེངས་དྲུག་པ་དེ་ཚོགས་ཡོད།

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese