མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གུང་ཁྲན་ཏང་རྩ་གཏོར་གཏོང་དགོས།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་གྲོང་ཁྱེར་ཁ་ཤས་ནང་གུང་ཁྲན་ཏང་ལ་ངོ་རྒོལ་རང་བཞིན་གྱི་གསང་བའི་གསར་བརྗེ་ལས་འགུལ་གྱི་སྨྱུ་གུ་ཞིག་འབུས་བཞིན་ཡོད་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་དུ། སྲིད་དབང་འཐབ་རྩོད་ཀྱི་གཡུལ་འགྱེད་ཁྲོད་ཞི་ཅིན་ཕིན་གྱིས་ཅང་ཤོག་ཁག་ལ་ཁ་གཏད་དེ་རུལ་སུངས་རྒོལ་རྡུང་གི་ལས་འགུལ་ཚ་ཚ་འུར་འུར་དུ་སྤེལ་བཞིན་ཡོད་ཀྱང་། རྒྱ་ནག་གི་མང་ཚོགས་ནང་གུང་ཁྲན་ཏང་ལ་དགའ་མོས་མེད་པའི་རྣམ་འགྱུར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཉེ་ལམ་ཞིག་ནས་རྒྱ་ནག་ནང་ “གསར་བརྗེ་” རུ་ཁག་ཅིག་གི་སྨྱུ་གུའང་འབུས་མགོ་ཚིགས་ཏེ། རྒྱ་ནག་གི་དངུལ་སྒོར་སྣ་ཚོགས་སྟེང་ “གུང་ཁྲན་ཏང་རྩ་གཏོར་གཏོང་དགོས།” ཞེས་པའི་ཐམ་ཀ་དམར་པོ་བརྒྱབ་སྟེ་རྒྱ་ནག་ནང་ཁུལ་དུ་འགྲེམ་བཞིན་ཡོད་འདུག

དེ་རིང་ཀྲུང་གོ་ལྟ་བ་ཞེས་པའི་དྲ་བའི་སྟེང་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༡༦ ཉིན་ཨ་རིའི་སན་ཧྥརན་སེ་ཁཱོ་རུ་ “རྒྱ་ནག་མི་སེར་རྒྱལ་ཁབ་སླར་གསོའི་ལས་དོན་ཚོགས་འདུ་(光复民国(大陆)工作委员会)ཐེངས་དང་པོ།” ཞེས་པ་ཚོགས་པའི་སྟེང་། ཚོགས་འདུ་གཙོ་སྐྱོང་བ་ཞིན་ཧོ་ནན་ (XinHaonan) གྱིས་རྒྱ་ནག་ནང་གསར་བརྗེ་གནས་ཚུལ་ཞིག་འབྱུང་བཞིན་ཡོད་པའི་གནས་ཚུལ་བསྒྲགས་ཡོད་འདུག ཁོང་གིས་བརྗོད་རྒྱུར། རྒྱ་ནག་མི་སེར་རྒྱལ་ཁབ་སླར་གསོའི་ལས་དོན་ཚོགས་འདུ་ཐེངས་དང་པོ་སྐོང་བཞིན་པ་འདི་རྒྱ་ནག་ནང་གི་གྲོགས་པོ་ཚོས་ཇི་ལྟར་ཧ་གོ་བ་ངས་མི་ཤེས་ཀྱང་། ཚོགས་འདུའི་སྔོན་གྱི་ཉིན་ཅིག་ལ་ང་ཚོར་རྒྱ་ནག་ནས་འཕྲིན་ཡིག་དང་པར་མང་པོ་ཞིག་བསྐུར་ནས་འབྱོར་སོང་། འཕྲིན་ཡིག་ནང་གསལ་བཤད་བྱས་པ་གཅིག་ནི་ང་རང་ཉིད་ཀྱིས་ “སླར་གསོའི་ཚོགས་འདུ་” ཐོག་མའི་སྟེང་། རྒྱ་ནག་ལ་ “གསར་བརྗེ་བ་” འབྱུང་བཞིན་ཡོད་པའི་གནས་ཚུལ་ཁྱབ་བསྒྲགས་བྱེད་དགོས་པ་དེ་རེད། འདི་ནི་གུང་ཁྲན་ཏང་ནང་སྔོན་ཆད་བྱུང་མ་མྱོང་བའི་གནད་དོན་ཞིག་རེད། ཅེས་བརྗོད་འདུག

ཁོང་གིས་མུ་མཐུད་དུ། ང་དང་སླར་གསོ་ཚོགས་འདུའི་ལས་གྲོགས་རྣམ་པས་པར་འདི་དག་ལ་བལྟས་རྗེས། ང་ཚོ་ཚང་མར་ལྟ་ཕྱོགས་གཅིག་ཡོད་པ་ནི་རྒྱ་ནག་ནང་ “གསར་བརྗེ་བ་” བྱུང་ཡོད་པ་དེ་རེད། པར་འདི་དག་ལ་ཁྱད་ཆོས་གསུམ་ཡོད་པ་ནི། གཅིག ང་ཚོར་འབྱོར་བའི་དྲིལ་བསྒྲགས་ཀྱི་དངོས་བོའི་སྟེང་དུ་གསར་བརྗེ་བའི་ཐམ་ཀ་གྲུ་བཞིའི་ཡིག་ཆ་དཔར་ཡོད་པ་དང་། དེ་དག་ནི་ “གུང་ཁྲན་ཏང་རྩ་གཏོར་གཏོང་དགོས།”ཞེས་པ་དེ་ནི་མངོན་གསལ་དོད་པོའི་གསར་བརྗེ་ལས་འགུལ་གྱི་ནང་དོན་ལྡན་པ་ཞིག་རེད།

གཉིས། གསར་བརྗེ་བས་ཐམ་ཀ་བརྒྱབ་ཡོད་པའི་དངུལ་སྒོར་འདྲ་མིན་ཡོད་ཅིང་། དེ་དག་སྐམ་ས་ཆེན་མོའི་ས་ཁུལ་མི་འདྲ་བ་ཁ་ཤས་ནས་ཐོན་ཡོད། དཔེར་ན། པེ་ཅིན་དང་ཞི་ཨན། ཀོང་ཀྲུའུ། ཧྲོང་ཧེ། ཅི་ནན། ཝོ་ཧན། པའོ་ཅི། ཁྲོན་ཆིན། ཧོ་མིན། ཀོའི་ལིན། ཡཱོང་ཧྲོ་སོགས་གྲང་ཁྱེར་མི་འདྲ་བ་མང་པོ་ཞིག་ནས་ཐོན་ཡོད་པ་དེ་རེད།

གསུམ། པར་དེ་དག་ཁྲོད་ཀྱི་གཅིག་ལ་གསར་བརྗེ་བས་མི་སེར་དོན་གསུམ་རིང་ལུགས་(三民主义) ཀྱི་ནང་དོན་དངུལ་སྒོར་གྱི་སྟེང་ཐམ་ཀ་བཞིན་བརྒྱབ་ཡོད་སྟབས། རྒྱ་ནག་ནང་ལ་གསར་བརྗེ་བ་འབྱུང་གི་ཡོད་པ་དེ་ནི། སུན་ཀྲོན་ཧྲན་གྱི་རིག་གནས་གསར་བརྗེ་རྒྱུན་འཛིན་དང་། ཀྲུང་ཧྭ་མི་སེར་རྒྱལ་ཁབ་སླར་གསོ་བྱ་རྒྱུའི་བསམ་བློ་དང་བརྩོན་ལེན་བྱེད་བཞིན་པ་མཚོན་ཐུབ།

འདི་དག་གིས་ང་ཚོའི་མི་མང་དང་གཞོན་སྐྱེས་ཚོས། ང་ཚོའི་མི་སེར་རྒྱལ་ཁབ་ཀྱི་ཕུགས་འདུན་ཁྱབ་བསྒྲགས་བྱ་དགོས་ཡོད་པ་ཤེས་རྟོག་བྱུང་ཡོད་པ་དང་། ང་ཚོའི་མང་ཚོགས་རང་ཉིད་ཀྱིས་ཁོ་ཚོ་གནས་ཡོད་པའི་ཁྱབ་བསྒྲགས་བྱེད་པ་དང་། གསར་བརྗེ་རྩ་འཛུགས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད། གུང་ཁྲན་ཏང་ལ་གསར་བརྗེ་བྱེད་མཁན་འབྱུང་འོས་པ་ཞིག་ཡིན། དཔེར་ན། ཆིན་རྒྱལ་རབས་མཇུག་བསྒྲིལ་བ་དེ་ཡང་སྲིད་དབང་རུལ་སུངས་དང་དཔོན་ངན་རུལ་སུངས་ཆགས་སྟབས། སྤྱི་ཚོགས་ཁྱོན་ཡོངས་རུལ་སུངས་ཅན་དུ་གྱུར་བ་དང་བསྟུན་ཏེ་གསར་བརྗེ་བྱུང་པ་རེད། ད་ལྟའི་གུང་ཁྲན་ཏང་གིས་རུལ་སུངས་བྱེད་པ་དང་། ཆིན་རྒྱལ་རབས་ཀྱིས་རུལ་སུངས་བྱས་པ་གཉིས་བསྡུར་ན། ད་ལྟའི་གུང་ཁྲན་ཏང་གི་སྲིད་དབང་རུལ་སུངས་དང་དཔོན་རིགས་རུལ་སུངས། སྤྱི་ཚོགས་རུལ་སུངས་སོགས་ལྡབ་སྟོང་ཕྲག་ལྷག་གིས་ཤུགས་ཆེ་བ་ཡོད་སྟབས། གུང་ཁྲན་ཏང་ལ་གསར་བརྗེ་བྱེད་མཁན་བྱུང་པ་དེ་ནི། འབྱུང་འོས་པ་ཞིག་དང་ངེས་པར་དུ་འབྱུང་དགོས་པ་ཞིག་རེད། ཅེས་བརྗོད་འདུག

ཞིན་ཧོ་ནན་གྱི་རེ་བར། ད་ལྟའི་གསར་བརྗེ་བ་དེ་དག་ལ་རྩ་འཛུགས་ཡོད་མེད་གང་ལྟར་ཡང་། དེ་དག་ནི་རྒྱ་ནག་རང་གི་ས་ཆར་བསྡད་དེ་སྙིང་སྟོབས་ཆེན་པོས་གུང་ཁྲན་ཏང་གི་གདོང་དུ་ལངས་ཡོད་པ་དང་། མི་ལོ་ ༦༥ ཡི་ནང་གསར་བརྗེ་བ་ཞེས་པའི་འབོད་ཚིག་ཐོག་མ་བྱུང་སྟེ། གསར་བརྗེ་བས་བསྒྲུབ་དགོས་པའི་ལས་དོན་ཞིག་རྩོམ་བཞིན་ཡོད་སྟབས། ང་ཚོས་གསར་བརྗེ་གཞོན་སྐྱེས་འདི་དག་ལ་རྒྱབ་སྐྱོར་བྱེས་དགོས་པ་དེ་རེད།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

ཆུ་ཚོད་ ༢༡ སྔོན་ལ།
Mobile App

སེངྒ་ལའི་ནང་༸གོ་སྟོན་སྲུང་གཙིའི་སླད་ཆོས་རྒྱལ་མྱ་ངན་མེད་ཀྱི་རྡོ་རིང་གསར་བཞེངས་མཛད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

༢༠༢༥/༡༡/༠༣
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་སོང་།

༢༠༢༥/༡༡/༠༣

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    གུང་ཁྲན་ཏང་རྩ་གཏོར་མྱུར་དུ་འགྲོ་བར་ཤོག
    སྡིག་ཆེན་ཚེ་ཐུང་བར་ཤོག
    མའོའི་རོ་ཁོག་མྱུར་དུ་བཏོན་པར་ཤོག
    གཞིས་བྱེས་མཉམ་འཛོམས་མྱུར་དུ་འོངས་བར་ཤོག

    Reply
  2. གནམ་བུ་ལྷ་དཀར། says:
    ལོ་ 11 སྔོན།

    མེ་སྟག་གིས་རི་བོ་སྲེག་ཐུབ་པའི་ཡིད་ཆེས་ཡོད། དམར་ཕྱོགས་བདུད་གཞུང་མྱུར་དུ་ཕམ་པར་རྒྱག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  3. འབྲོང་བུ་སོག་ཚ། says:
    ལོ་ 11 སྔོན།

    དུས་ལ་ཏག་ཏག་སླེབ་འདུག དམར་ཤོག་ཚོགས་གཡུག་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese