མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་སྟོན་པ་མ་བསྐོས་ཐབས་མེད་ཆཊ་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

བཀའ་ཤག་གིས་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁང་ཁག་ཅིག་དང་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་ཅིག་བཅས་སུ་གྲོས་སྟོན་པ་ ༩ བསྐོ་བཞག་བྱས་ཡོད་འདུག

དེ་རིང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ཉིན་བཅུ་བའི་སྔ་དྲོར་གྲོས་ཚོགས་ནང་སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན་གནང་སྐབས། སྤྱི་འཐུས་འཇིགས་མེད་འབྱུང་གནས་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་ལོ་ ༢༠༡༥ དང་ ༢༠༡༦ ལོའི་སྔོན་རྩིས་ནང་ཕོགས་འབབ་ཞུ་དགོས་པའི་ཁོངས་སུ། གྲོས་འདྲི་བའམ་གྲོས་སྟོན་པ་ཟེར་བའི་ལས་བྱེད་ཁག་ཅིག་བསྐོ་བཞག་གནང་བཞིན་ཡོད་པ་ལྟར། དེ་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བསྐོ་བཞག་གནང་ཕྱོགས་ཀྱི་ཁྲིམས་སྒྲིག་དོན་ཚན་གང་གི་འོག་ནས་བསྐོ་བཞག་བྱས་པ་དང་། དེ་དག་ལ་ལས་བྱེད་ཡོད་བཞིན་པ་དང་མི་འདྲ་བའི་གྲོས་སྟོན་དང་གྲོས་འདྲི་བྱ་རྒྱུའི་དམིགས་བསལ་གྱི་ཁྱད་ཆོས་གང་ཡོད་བཀའ་འདྲི་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། གྲོས་འདྲི་བྱ་ཡུལ་དང་གྲོས་སྟོན་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དང་། ལས་བྱེད་དེ་རིགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༠ པ་དང་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དོན་ཚན་ ༧ པ་གཉིས་ཀྱི་འོག ༢༠༠༤ ཟླ་ ༡༢ ཚེས་ ༢ ཉིན་བཀའ་ཤག་གིས་གནང་བའི་རྩ་འཛིན་བཀོད་ཁྱབ་དང་། ༢༠༡༤ ཟླ་ ༧ ཚེས་ ༢༩ ཉིན་བཀའ་ཤག་གིས་གནང་བའི་རྩ་འཛིན་བཀོད་ཁྱབ་གཉིས་ཀྱི་དགོངས་དོན་གཞིར་བཟུང་བསྐོ་བཞག་གནང་བ་ཞིག་ཡིན་པ་དང་། རྩ་འཛིན་བཀོད་ཁྱབ་ནང་ཁ་གསལ་འཁོད་ཡོད་པ་ལྟར། དམིགས་བསལ་གནས་སྟངས་དང་དགོས་གལ་གྱི་འོག་ནས་བསྐོ་ཉར་མི་བྱེད་ཐབས་མེད་བྱུང་བ་རེད། ཅེས་སོགས་གསུངས་སོང་།

དེའི་རྗེས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱི་འཕྲོས་དོན་དྲི་བར། ལས་བྱེད་དེ་ཚོ་ལས་བྱེད་འདེམས་བསྐོ་ལྷན་ཁང་ནང་ཞབས་གཡར་དང་ཆོད་གན་གྱི་ས་མིག་ཡོད་བཞིན་དུ་ལོགས་སུ་བསྐོ་དགོས་པའི་རྒྱུ་མཚན་ཅི་ཡིན་དང་། བཀའ་ཤག་གིས་ལས་བྱེད་དེ་ཚོ་རྒྱུན་རིང་པོར་འཇོག་འཆར་ཡོད་མེད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། འཛིན་སྐྱོང་གི་ངོས་ནས་ལས་བྱེད་འདེམས་བསྐོ་ལྷན་ཁང་བརྒྱུད་དེ་ཆོད་གན་བསྐོ་བ་དང་ཞབས་གཡར་ཡོད་པ་རེད། དཔེར་ན། སྦལ་ཛིལ་དོན་གཅོད་ཁང་ལ་མཚོན་ན། ཆོད་གན་ལ་བསྐོ་བཞག་བྱས་པ་ཞིག་ཆོད་གན་དུས་ཡུན་རྫོགས་ཚར་ཡོང་དུས་ཁོ་རང་ནས་བློ་ཕམ་གནང་གི་འདུག་ལ། སྦལ་ཛིལ་དོན་གཅོད་ནས་ཀྱང་ང་ཚོར་ཧྥ་རན་སིའི་སྐད་ཤེས་མཁན་ཞིག་མེད་པ་ཡིན་ན། དོན་གཅོད་ནང་ཕྱག་ལས་གནང་བར་ཁག་པོ་ཡོང་གི་འདུག་ཅེས་གསུངས་ཡོད་ཀྱང་། སྒྲིག་གཞིའི་དགོངས་དོན་ལྟར་ཕྱིན་པ་རེད། ཡིན་ནའང་མཐའ་མ་དེར་སྦལ་ཛིལ་དོན་ཁང་གིས་གསལ་བསྒྲགས་བྱས་ཀྱང་ལས་བྱེད་མ་རག་པ་རེད། དེ་བཞིན། སུད་སི་དོན་གཅོད་ཡིན་ནའང་སུད་སིར་རྒྱུས་མངའ་ཡོད་པའི་ལས་བྱེད་ཅིག་དགོས་ཀྱི་འདུག་ཅེས་གསལ་བསྒྲགས་བྱས་ཡོད་ཀྱང་ལས་བྱེད་མ་རག་པར་དྷ་རམ་ས་ལ་ནས་ལས་བྱེད་ཅིག་ཕར་གཏོང་དགོས་བྱུང་བ་རེད།

ལས་བྱེད་བསྐོ་བ་དེ་ཕུགས་རྒྱང་རིང་པོའི་ཐོག་ནས་བསྐོ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་ཡིན་སྟབས། བོད་མིའི་སྒྲིག་འཛུགས་ནང་དུའང་ད་ལྟ་ཡོད་པའི་ལས་བྱེད་ཀྱི་བརྒྱ་ཆ་ ༩༥ ཕུགས་རྒྱང་རིང་པོར་བསྐོ་ཡི་ཡོད་པ་རེད། ཞབས་གཡར་དང་ཆོད་གན། དེ་བཞིན་གྲོས་སྟོན་པ་སོགས་བརྒྱ་ཆ་གཉིས་གསུམ་རེ་ལུང་པ་ཚང་མར་དམིགས་བསལ་ཐོག་ནས་བསྐོ་སྟངས་ཡོད་པ་ལྟར། ང་ཚོ་བཀའ་ཤག་ནས་ཀྱང་དམིགས་བསལ་གྱི་གནས་སྟངས་གཞིར་བཞག་ཐོག་གྲོས་སྟོན་པ་བསྐོས་པ་ཡིན། ཞེས་གསུངས་སོང་།

སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས་བཀའ་ཤག་གིས་གནང་བའི་རྩ་འཛིན་བཀོད་ཁྱབ་དེ་ཁྲིམས་དང་སྒྲིག་གཞི་གང་ཡིན་དང་། དེ་དག་ནང་གྲོས་སྟོན་པ་བསྐོ་སྟངས་གསལ་བོ་ཡོད་དམ་ཞེས་སོགས་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བཀའ་ཤག་གི་ངོས་ནས་རྩ་ཁྲིམས་དོན་ཚན་ ༣༠ དང་སྒྲིག་གཞི་དོན་ཚན་ ༧ པའི་ནང་དོན་ལ་གོ་བ་ལེན་སྟངས་དེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་འགན་དེ་བཀའ་ཤག་ལ་ཡོད་པ་དང་། ས་མིག་གཏན་འབེབས་དང་ལས་བྱེད་བསྐོ་བའི་འགན་དེའང་བཀའ་ཤག་ལ་ཡོད་པར་བརྟེན། གྲོས་སྟོན་པ་ཡིན་ནའང་དམིགས་བསལ་རང་གི་གནས་སྟངས་གཞིར་བཞག་ཐོག་ནས་བསྐོ་བར་འབད་བརྩོན་བྱེད་ཀྱིན་ཡོད། བཅའ་ཁྲིམས་དང་སྒྲིག་གཞིའི་ནང་གྲོས་སྟོན་པ་བསྐོ་ཆོག་གི་མ་རེད་ཅེས་འཁོད་མེད་སྟབས་བསྐོས་པ་དང་། བསྐོས་པ་དེའང་ཉུང་ཤས་ཤིག་ཡིན་སྟབས། མ་འོངས་པར་སྐྱོན་གནད་ག་རེ་ཡོང་མིན་ཐོག་བཀའ་ཤག་ནས་བཀའ་བསྡུར་གནང་གི་ཡོད། ཅེས་གསུངས་སོང་།

བཀའ་ཤག་གིས་གྲོས་ཚོགས་ལ་ཕུལ་བའི་ཡིག་ཆའི་ནང་བཀོད་པ་ལྟར་ན། བཀའ་དྲུང་ཡིག་ཚང་གི་དྲུང་འཕར་གནས་རིམ་ཐོག་རང་ལོ་ ༦༦ ཡིན་པའི་གྲོས་སྟོན་པ་ཚེ་རིང་དབང་ཕྱུག་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་གནས་རིམ་ཐོག་རང་ལོ་ ༦༦ ཡིན་པ་ཨ་ཅཱརྱ་བློ་བཟང་། རུ་སོག་དོན་གཅོད་ཁང་དུ་དྲུང་གཞོན་གནས་རིམ་ཐོག་རང་ལོ་ ༤༧ ཡིན་པ་གྲོས་འདྲི་བྱ་ཡུལ་ངག་དབང་རིགས་ལམ། སུད་སི་དོན་གཅོད་ཁང་གི་ལས་དྲུང་གནས་རིམ་ཐོག་རང་ལོ་ ༤༡ ཡིན་པ་གྲོས་སྟོན་པ་བློ་བཟང་ཉི་མ། ཨོ་སི་ཊོ་ལི་ཡ་དོན་ཁང་དུ་རང་ལོ་ ༣༥ ཡིན་པ་གྲོས་འདྲི་བྱ་ཡུལ་ཟླ་སྒྲོན། དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ལས་གནས་རིམ་ཐོག་རང་ལོ་ ༢༩ ཡིན་པ་བསྟན་འཛིན་ནོར་བཟང་། སྦལ་ཛིལ་དོན་ཁང་དུ་དྲུང་གཞོན་གནས་རིམ་ཐོག་རང་ལོ་ ༣༥ ཡིན་པ་གྲོས་འདྲི་བྱ་ཡུལ་རིག་འཛིན་ཆོས་སྒྲོན། དཔལ་འབྱོར་ལས་ཁུངས་ནང་དྲུང་གཞོན་གནས་རིམ་ཐོག་གྲོས་འདྲི་བྱ་ཡུལ་བསྟན་འཛིན་སྟོབས་ཆེན། ཤེས་རིག་ལས་ཁུངས་ནང་ཟུང་དྲུང་གནས་རིམ་ཐོག་གྲོས་འདྲི་བྱ་ཡུལ་ཨ་ཅཱརྱ་ཀརྨ་སྨོན་ལམ་བཅས་བསྐོ་བཞག་གནང་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 3

  1. འགྲུལ་བཞུད་པ། says:
    ལོ་ 11 སྔོན།

    མཁར་སྟོད་ལགས། དེར་དཀའ་ངལ་ག་རེད་འདུག དེ་རང་སྒེར་གྱི་དཀའ་ངལ་རེད་འདུག་མ་གཏོགས་སྤྱི་འབངས་ཀྱི་དཀའ་རྙོག་རེེད་མིན་འདུག སྲིད་སྐྱོང་ལ་དགའ་བསྲུ་ཡོད། གལ་སྲིད་མི་རིགས་ཀྱི་བསྟན་སྲིད་ཆེད་དུ་དམིགས་བསལ་ལས་མི་དགོས་མཁོ་ཡོད་ན་ཡིན་དང་ཡིན། མི་རིགས་ཀྱི་ལས་དོན་ཆེད་དུ་ཡིན་ན་ངས་ནམ་ཡང་དགའ་བསྲུ་ཡོད།

    Reply
  2. མཁར་སྟོད། says:
    ལོ་ 11 སྔོན།

    བཀའ་ཤག་ནས་འགོ་བཙུགས་ཏེ་བོད་མའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ལ་ཁ་གཡར་ནས་སྔར་མེད་ཀྱི་ལུགས་སྲོལ་གསར་བ་བཟོས་པ་དེས་བོད་མི་བཙན་བྱོལ་བ་ཉུང་དུ་འགྲོ་བའི་སྐབས་སུ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་བྱེད་མང་དུ་འགྲོ་བའི་གནས་སྟངས་ཤིག་མཐོང་གིན་འདུག

    Reply
  3. གངས་ཀྱི་བུ་ཕྲུག says:
    ལོ་ 11 སྔོན།

    སྲིད་སྐྱོང་འདི་བ་གྲོས་ཚོགས་ཀྱི་གཅེས་ཕྲུག་ཅིག་རེད་འདུག དེ་མིན་ཙི་ཙི་དང་ཞི་མིའི་འཁྲབ་སྟོན་ལྟ་བུས་བཀའ་ཤག་གི་སྲིད་སྟེགས་མཐོན་པོ་ཇི་ལྟར་ནོན། ཧ་ཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese