མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་གཞིས་བྱེས་གཉིས་ཀྱི་རེ་འདུན་ལྟར་ཞུ་འབོད་བྱེད་དུ་ཡོང་བ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༣/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་ཁར་དཔལ་རྒྱལ་བ་ཇོ་ནང་པའི་རྗེས་འཇུག་སློབ་རྒྱུན་བརྒྱད་ཅུ་ལྷག་འདུ་འཛོམས་གནང་སྟེ། ད་རེབ་སྤྱི་འཐུས་གྲོས་ཚོགས་ནང་ཇོ་ནང་པར་བོད་པའི་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲད་མེད་པར་བོད་གཞིས་བྱེས་གཉིས་ཀྱི་ཚབ་བྱས་ཏེ་ཞུ་འབོད་ལས་འགུལ་ཞིག་སྤེལ་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཅུ་གཉིས་དང་། གྲོས་ཚོགས་ལས་རིམ་གྱི་ཉིན་མཐའ་མར། འཕགས་ཡུལ་སིམ་ལ་ཇོ་ནང་མ་དགོན་རྟག་ཕུན་ཚོགས་ཆོས་གླིང་གི་མཁན་པོ་ཀུན་དགའ་མཚམས་ཆུང་མཆོག་དང་། དྷ་རམ་ས་ལའི་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་གཉིས་ཀྱི་སྣེ་འཁྲིད་འོག བཞུགས་སྒར་དྷ་རམ་ས་ལ་དང་རྒྱ་གར་ལྷོ་ཕྱོགས་གདན་ས་ཁག དེ་བཞིན་བལ་ཡུལ་དང་ལྡི་ལི་སོགས་ནས་ཕེབས་པའི་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་རྗེས་འཇུག་པ་དང་། དྷ་རམ་ས་ལའི་མང་ཚོགས་བཅས་མི་མང་ ༨༠ ལྷག་ཙམ་ཞིག་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་མཁར་འཛོམས་ཏེ། དགོན་འདུན་དོན་ཚན་ ༤ ཡི་འོག་ཏུ་༼བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ཅེས་པ་སོགས་ཀྱི་འཕྲེད་དར་སྣ་ཚོགས་བསྣམས་ཏེ་ཞི་འབོད་ལས་འགུལ་ཞིག་སྤེལ་སོང་།

དེ་ནི་ཁ་སང་ཚེས་ ༢༦ ཉིན་གྲོས་ཚོགས་ནང་། ཇོ་ནང་པར་བོད་པའི་ས་དགེ་དཀའ་རྙིང་བོན་སོགས་ཆོས་བརྒྱུད་སྤྱི་མཚུངས་ལྟར། ཆོས་བརྒྱུད་བྱེ་བྲག་པ་ཞིག་ལ་ངོས་འཛིན་ཐོག་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་ཕྱོགས་ལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་བསླེབས་པའི་ཐོག ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་དགག་པ་བརྒྱབ་པ་དང་འབྲེལ་ཏེ་མང་མོས་ལྟ་སྐབས་རྒྱབ་སྐྱོར་གནང་མཁན་ ༡༧ ལས་མ་བྱུང་སྟབས། སྤྱི་འཐུས་ལྷན་ཁང་གི་ཚོགས་འདུའི་སྒྲིག་གཞིའི་ནང་བཅའ་ཁྲིམས་བསྐྱར་བཅོས་རིགས་ལ་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་དགོས་པ་གསལ་ཡོད་པ་ལྟར། འོས་གྲངས་མ་ལོན་པའི་གནས་སྟངས་འོག་བཅའ་ཁྲིམས་བསྐྱར་བཅོས་དེ་གཏན་འབེབས་གནང་ཐུབ་མེད་ལ། སྐབས་དེར་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱིས་ཇོ་ནང་གི་གནད་དོན་དེ་བོད་གཞིས་བྱེས་གཉིས་ཀྱི་མི་མང་ཧ་ཅང་ཕོན་ཆེན་པོ་ཞིག་ལ་འབྲེལ་བ་ཡོད་སྟབས། གྲོས་ཚོགས་ཀྱི་གཏན་འབེབས་དེ་དམངས་གཙོའི་ལམ་སྲོལ་ལྟར་འགྲོ་དགོས་ཀྱང་བགྲོ་གླེང་ཙམ་ཡང་གནང་མ་ཐུབ་པ་དེ་ནི་འོས་འཚམ་ཞིག་མིན་སྐོར་བརྗོད་ཡོད།

ལས་འགུལ་སྟེང་གསར་འགོད་པས་སིམ་ལ་ཇོ་ནང་མ་དགོན་གྱི་མཁན་པོ་མཆོག་ལ་བཅར་འདིར་ཞུས་པར། ཁོང་གིས་འདི་ལྟར་གསུངས་སོང་། གཞིས་ལུས་བོད་མི་འབུམ་ཕྲག་མང་པོས་ཁྱེད་ཚོས་བོད་མིའི་སྤྱི་འཐུས་ལ་ཞུ་རོགས་གནང་ཞེས་འབོད་སྐུལ་གནང་བ་ལྟར་ང་ཚོ་འདིར་བཅར་བ་ཡིན། ང་ཚོས་ལུགས་དང་མཐུན་པ། ཁྲིམས་དང་མཐུན་པ། འཛམ་གླིང་སྤྱི་ཡོངས་ཀྱི་དམངས་གཙོའི་ཁྲིམས་དང་མཐུན་པའི་ཐོག་ནས་ཡོང་སྟེ་སྐྱབས་འཇུག་ཞུ་དོན་གཙོ་བོ་ནི། ང་ཚོ་༧གོང་མཆོག་གི་ཐུགས་རྗེའི་བཀའ་སློབ་འོག་འཚོ་བསྡད་པ་ཞིག་ཡིན་པ་མ་ཟད། ད་བར་ཁོང་གིས་ང་ཚོ་ཇོ་ནང་བར་ཐུགས་རྗེ་མ་གཟིགས་པ་གང་ཡང་མེད། ཡིན་ཡང་གྲོས་ཚོགས་ར་བ་འདིའི་ནང་ནས་ང་ཚོར་དངོས་གནས་དྲང་གནས་ལན་གསལ་པོ་ཞིག་རག་གི་མི་འདུག ༧གོང་ས་མཆོག་དབུ་བཞུགས་ཐོག་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་ལ་སོགས་པའི་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་ཆོས་བརྒྱུད་ཁག་གི་ཆོས་ཚོགས་ཐེངས་ ༡༡ པའི་སྟེང་། ཇོ་ནང་པ་ནི་ཆོས་བརྒྱུད་རང་རྐྱ་བ་ཞིག་རེད་འདུག དེར་སྤྱི་འཐུས་རྣམ་པས་ཐག་གཅོད་གནང་དགོས་པ་རེད། ང་ཚོའི་ངོས་ནས་ཆོས་བརྒྱུད་རང་རྐང་ཚུགས་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་ཡིན་ཞེས་གྲོས་ཆོད་བཞག་སྟེ་སྤྱི་འཐུས་ལྷན་ཚོགས་ལ་ཕུལ་ཡོད་ཀྱང་། ཁ་སང་གྲོས་ཚོགས་ཀྱིས་སྐར་ཆ་ཁ་ཤས་ནང་རྩིས་མེད་བཏང་བ་དེར། ང་ཚོ་བློ་ཕམ་ཞེ་དྲགས་བྱུང་སོང་། དེ་སྔོན་བོད་གཞིས་བྱེས་གཉིས་ནས་རེ་ཞུ་བརྒྱ་ཕྲག་མང་པོ་ཕུལ་བ་དེ་རིང་འདི་ལྟར་རྩིས་མེད་གཏོང་དགོས་དོན་གང་ཡིན་པ་དང་། གཞིས་ལུས་བོད་མི་འབུམ་ཕྲག་མང་པོས་རེ་བ་བརྒྱབ་པ་དེར། གསལ་བཤད་ཙམ་ཡང་མེད་པར་སྐར་ཆ་ཁ་ཤས་ནང་ཐག་གཅོད་བྱས་ནས་རྩིས་མེད་གཏོང་དགོས་དོན་གང་ཡིན་ནམ། དེར་ང་ཚོར་ཁ་གསལ་ལན་འདེབས་ཤིག་དགོས་ཀྱི་འདུག་ཅེས་གཞིས་བྱེས་གཉིས་ཀྱི་ཇོ་ནང་བའི་ཚབ་བྱས་ཏེ་འདིར་བཅར་བ་ཡིན། ཞེས་བརྗོད་སོང་།

ཁོང་གིས་གཞིས་ལུས་ཇོ་ནང་བའི་ཁྲོད་རྙོག་གྲ་འབྱུང་སྲིད་སྐོར་གསུངས་དོན། ང་ཚོས་ལག་གཉིས་ཐལ་མོ་སྦྱར་ཏེ། ཐུགས་རྗེ་གཟིགས་ང་ཚོ་གཞིས་ལུས་དགོན་པ་བརྒྱ་ཕྲག་དང་ལྷ་སྡེ་འབུམ་ཕྲག་ཡོད་པ་དེ་ཚོ། བློ་ཕམ་གྱི་གནས་སུ་མ་བསྐྱལ་རོགས་གནང་། སྤྱི་འཐུས་ར་བ་འདིའི་ནང་སྤྱི་འཐུས་ཟེར་བ་དེ། བོད་མི་མང་གི་སྐུ་ཚབ་རེད། ཁྱེད་ཚོས་ཐག་གཅོད་དང་གཅིག་སྒྲིལ་མ་བཟོས་ན་སུས་བཟོ་གི་རེད། ང་ཚོ་གཅིག་སྒྲིལ་བཟོ་མཁན་དེ་ཁྱེད་རང་ཚོ་རེད། ཁྱེད་རང་ཚོས་གཏོར་བརླག་བཏང་ན། ང་ཚོ་གཅིག་སྒྲིལ་བཟོ་མཁན་སུ་ཡོད། ཁྱེད་རང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཐོག་མ་ཕྱིན་ན་ང་ཚོ་ཇི་ལྟར་འགྲོ་ཐུབ་ཀྱི་རེད། དེར་བརྟེན། འདིར་ཕེབས་མཁན་གྱི་སྤྱི་འཐུས་ ༤༣ གཙོས་པའི་མི་མང་ཚང་མར་ལག་གཉིས་ཐལ་མོ་སྦྱར་ཏེ། དཔལ་རྒྱལ་བ་ཇོ་ནང་བར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས། ཆོས་བརྒྱུད་གཞན་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཡོད་ན་ང་ཚོར་མེད་པ་གང་རེད། ཅེས་དང་།

ཡང་ཁོང་གིས་མུ་མཐུད་དུ། ལོ་རྒྱུས་ཐོག་ནས་བལྟས་ན་ང་ཚོ་ཇོ་ནང་བར་ལོ་ངོ་ ༡༠༠༠ ནས་བརྒྱུད་པ་ཡོད་པ་དང་། ལོ་ངོ་ ༧༠༠ ནས་ ༨༠༠ བར་གྱི་ལོ་རྒྱུས་ཡོད་པ་མ་ཟད། ཆོས་འབྱུང་ཆ་ནས་ ༡༩༥༩ ཡན་ཆད་ཀྱི་སྐད་གྲགས་ཅན་གྱི་ཆོས་འབྱུང་ཚང་མའི་ནང་ཐོན་བསྡད་མཁན་ཞིག་ཡིན་སྟབས། ང་ཚོར་ག་རེ་བྱས་ནས་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་མ་རག་པ་རེད། ང་ཚོ་བཙན་བྱོལ་ནང་ལ་མི་བརྒྱ་ཕྲག་ཅིག་ལས་མི་འདུག་ཟེར་ནས་མི་དགོས་ལབ་པ་རེད། གཞིས་ལུས་ཀྱི་ཇོ་ནང་བ་འབུམ་ཕྲག་མང་པོ་གང་འདྲ་བྱས་ནས་རྩིས་མེད་གཏོང་གི་ཡོད། དེ་ཡིན་གཅིག་མིན་གཅིག་བོད་མི་མང་དང་སྤྱི་འཐུས་ཡོངས་ཀྱིས་ཐུགས་སྣང་བྱེད་དགོས་ཀྱི་འདུག ང་ཚོ་མི་རིགས་སླར་གསོ་དང་ཆོས་ལུགས་སླར་གསོའི་ཆེད་དུ་བཙན་བྱོལ་ལ་སླེབ་ཡོད་སྟབས། ཇོ་ནང་བ་ཉམས་ཆག་འགྲོ་བའི་སྐབས་འདིར་སླར་གསོ་བྱ་རྒྱུར་རྣམ་པ་ཚོས་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ཏུ་བཀག་འགོག་བྱེད་དགོས་དོན་གང་ཡིན་ནམ། ང་ཚོར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མིང་ཙམ་ཡང་སྤྲོད་མ་ཐུབ་པ་གང་ཡིན་ནམ། ཡིན་གཅིག་མིན་གཅིག་སྤྱི་འཐུས་ར་བ་འདིའི་ནང་ནས་ང་ཚོར་ལན་གཅིག་གནང་རོགས། དེ་མ་གཏོགས་འདིའི་འགན་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་འཁུར་དགོས་པ་མ་ཟད། མ་འོངས་པར་གཞིས་བཞུགས་ནང་རྙོག་གྲ་བྱུང་ན་བཙན་བྱོལ་ནང་ཡོད་མཁན་ཇོ་ནང་བར་འགན་མེད་ཅེས་དེ་རིང་འདིར་ལན་སྐྱེལ་བར་ཡོང་བ་ཡིན། ཞེས་སོགས་བརྗོད་སོང་།

འཕགས་ཡུལ་འགྲོ་ཕན་ཇོ་ནང་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། དེ་རིང་ང་ཚོ་འདིར་མི་བརྒྱ་མན་ཙམ་ཞིག་འཛོམས་ཡོད་པ་རེད། ད་ཐེངས་འདིར་འཛོམས་དགོས་དོན་གཙོ་བོ་ནི་ཡིག་ཆ་བཀྲམ་བཞག་པ་དེ་ཆགས་ཡོད། སྤྱིར་བཏང་ཇོ་ནང་གིས་ ༡༩༩༧ ལོ་ནས་ད་བར་བཙན་བྱོལ་བོད་གཞུང་ཟེར་ནའང་རེད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་སྐོར་བོད་ཕྱི་ནང་གཉིས་ནས་སྙན་ཞུ་བརྒྱ་ཕྲག་གསུམ་མན་ཙམ་ཞིག་བརྒྱབ་སྟེ། ད་བར་མི་ལོ་ ༡༨ ཙམ་འགྲོ་བཞིན་ཡོད་པ་རེད། ཁ་སང་གྲོས་ཚོགས་ནང་ལ་རྩ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་སླེབ་ཡོད་ཀྱང་གྲོས་ཚོགས་ཀྱིས་བགྲོ་གླེང་ཙམ་ཡང་མ་བྱས་པར་དྲང་བདེན་མིན་པའི་ཐག་གཅོད་ཅིག་བྱས་ཡོད་སྟབས། དེར་གཞིས་བྱེས་གཉིས་ཀྱི་ཇོ་ནང་བ་མི་འབུམ་ཕྲག་གཉིས་ལྷག་གིས་ངོས་ལེན་བྱེད་ཐུབ་ཡོད་པ་མ་རེད།

དེ་རིང་བོད་ནང་བོད་མི་ཁྲི་ཕྲག་མང་པོ་དང་གྲྭ་པ་ཁྲི་གཅིག་ལྷག་གིས་ངོ་རྒོལ་བྱས་ན་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པར་བརྟེན། ངོ་རྒོལ་བྱེད་མ་ཐུབ་པའི་གནས་སྟངས་ཆགས་ཡོད་སྟབས། ཚང་མས་ཚོགས་ཚོགས་པ་དང་ཞབས་བརྟེན་བསྒྲུབ་ནས་བསྡད་ཡོད་པ་རེད། ཁོ་ཚོས་ང་ཚོར་འབོད་སྐུལ་ཞུས་ནས་ཁྱེད་ཚོས་གྲོས་ཚོགས་ཀྱི་སྒོ་ཁར་སོང་ནས་འབོད་སྐུལ་ཞུ་རོགས་ཞེས་རེ་འབོད་ཞུས་པ་ལྟར། དེ་རིང་ང་ཚོས་དགོས་འདུན་དོན་ཚན་བཞི་བཏོན་ཏེ། ང་ཚོ་ཇོ་ནང་ཆོས་བརྒྱུད་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་ཞིག་གནང་རོགས་ཞེས་གཞིས་བྱེས་གཉིས་ཀྱི་བོད་མིའི་ངོ་ཚབ་བྱས་ནས་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

དེ་རིང་ལས་འགུལ་བ་ཚོའི་དགོས་འདུན་དོན་ཚན་བཞི་ནི། ༡༽གཞིས་བྱེས་བོད་མི་ཁྲི་ཕྲག་མང་པོའི་ལོ་ངོ་བཅོ་བརྒྱད་ལྷག་གི་རིང་སྙན་ཞུ་བརྒྱ་ཕྲག་ལྷག་ཕུལ་བ་རྩིས་མེད་བཏང་དགོས་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༢༽ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་གཙོས་ཆོས་བརྒྱུད་སྤྱི་འཐུས་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་དང་། བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱིས་ཇོ་ནང་པར་རྒྱབ་གཉེར་སྤྲད་པའི་ཡིག་ཆ། དེ་བཞིན་ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་བཅས་རྩིས་མེད་བཏང་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༣༽ ཐེངས་འདིའི་གྲོས་ཚོགས་སྟེང་དྲང་བདེན་མིན་པའི་ཐག་གཅོད་ལ་ངོས་ལེན་མེད་པ་མ་ཟད། འགྲོ་གླེང་ཙམ་ཡང་མ་བྱས་པའི་དགོངས་དོན་ཅི་ཡིན་གསལ་བཤད་བྱ་དགོས། ༤༽ སྐབས་བཅུ་དྲུག་པའི་འོས་བསྡུའི་ལས་རིམ་མགོ་འཛིགས་མ་གནང་བའི་སྔོན་དུ། ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཕྱོགས་ཐག་གཅོད་གནང་དགོས།

གོང་འཁོད་དོན་ཚན་བཞི་པོར་ཡ་ལན་གསལ་ཁ་མ་བྱུང་བར་དུ། ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་དང་། སིམ་ལ་ཇོ་ནང་མ་དགོན་གྱི་མཁན་རིན་པོ་ཆེའི་དབུས་ལས་སྣེ་རྣམ་པ། བལ་ཡུལ་ཇོ་ནང་དགོན་པའི་ལས་སྣེ། ལྷོ་ཕྱོགས་གདན་ས་ཁག་ཏུ་སློབ་གཉེར་གནང་བཞིན་པའི་ཇོ་ནང་གྲྭ་བ་ཁ་ཤས་དང་། དྷ་ས་དང་ལྡི་ལིར་གནས་བཞུགས་ཇོ་ནང་ཆོས་བརྒྱུད་འཛིན་པ་ཁག་ཅིག་བཅས་ལས་གྲུབ་པའི་ཞི་རྒོལ་འདི་ཉིད་འཚམས་འཇོག་མི་བྱེད་པའི་དམ་བཅའ་ཡིན། ཞེས་འཕགས་ཡུལ་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་གཙོས་ཐེངས་འདིའི་ལས་འགུལ་བ་ཐུན་མོང་ནས། ཞེས་སོགས་འཁོད་འདུག

གསར་འགོད་པ། དོན་གྲུབ།

མཆན། 13

  1. sangkye says:
    ལོ་ 8 སྔོན།

    ག་ཟི་དགེ་བཤེས་ཚེ་རིང་པོ་། ད་རེས་ཁྱེད་ཀྱིས་དཔའ་ཞུམ་
    གཉའ་ཆག་མེད་པར་གྲོས་ཚོགས་རྭ་བ་ནས་སྐད་ཤུགས་ཆེ་
    པོས་ངང་ནས་ཇོ་ནང་བ་ལ་ཆོས་རྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་སྤྲོད་པ་དེ་དགེ་བཤེས་ཁྱེད་ཀྱིས་ལོ་ཉི་ཤུ་ལྷག་ལ་ནང་བསྟན་ཆོས་ལུགས་ལ་སློབ་གཉེར་གནང་བའི་གྲུབ་འབྲས་རེད། དགེ་བཤེས་ཁྱེད་ལྟ་བུའི་བསམ་བློ་བ། ཡོན་ཏན་པ། ཤེས་ཡོན་པ། མཐོང་རྒྱ་ཆེན་པོ་ཅན། དེ་འདྲ་བའི་དགེ་བཤེས་ཟི་ཡོད་པ་དེ་བོད་མི་མང་དང་བོད་སྤྱི་ལ་མཐུན་བསྒྲིལ་ཡོངས་ཆེད་ཁྱེད་ལྟབུའི་དགེ་བཤེས་ཞིག་ཡོད་ནོ་བོད་པ་ཚང་གི་བསོད་ནམས་རེད། ཁྱེད་ལྟབུའི་བོད་སྤྱི་ལ་ཕན་པའི་དགེ་བཤེས་འགའ་རེ་ཡོད་ན་ང་ཚོ་བོད་པ་ཚང་གི་རྒྱལ་ཁ་ཐོབ་ས་རེད། གདོན་འདྲེ་ལགས། ང་ཚོའི་དུས་ཚོད་འདི་ལ་བོད་ནང་བསྟན་ཆོས་ལུགས་ནང་འགལ་བ་དེ་འདྲ་ཞིག་བཟོ་བའི་དུས་ཚོད་མིན་ལགས།

    Reply
  2. མེད་ན་མེད། says:
    ལོ་ 8 སྔོན།

    དངོས་གནས་བཤད་ན། ཇོ་ནང་པ་ཁག་མི་འདུག
    ཇོ་ནང་པ་རྒྱལ་གྱུར་ཅིག

    Reply
  3. གོང་ཐུབ། says:
    ལོ་ 8 སྔོན།

    ད་ལོ་༧ གོང་ས་མཆོག་གིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་གྱ་སྟོན་མཛད་སྒོ་ཡང་ཟབ་རྒྱས་སྤེལ་བར་འདི་དག་བོད་དོན་མིན་པར་དགྲ་དགའ་གཉེན་སྡུག་གི་ལས་ཡིན་པར་ངོས་འཛིན་བྱེད་ཕོད་དམ།???

    Reply
  4. རྔ་བའི་ལོ་སྐྱུར། says:
    ལོ་ 8 སྔོན།

    Sonamལགས་ཇོ་ནང་བས་མིང་ཐོག་ནས་ཆེད་དུ་གཉེར་ཏེ་རྒྱ་གཞུང་ལ་ངོ་རྒོལ་སྤེལ་མེད་ན་ཡང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་འགུལ་ག་འདྲ་ཞིག་སྤེལ་ཡང་སྐབས་དེར་ཁོང་ཚོར་མདུན་དུ་ཐོན་ཡོད་ལ། ད་དུང་བོད་ནང་དུ་ཇོ་ནང་བསེ་དགོན་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། ད་ལོ་༧ གོང་ས་མཆོག་གིས་དགུང་གྲངས་བརྒྱད་ཅུ་བཞེས་པའི་གྱ་སྟོན་མཛད་སྒོ་ཡང་ཟབ་རྒྱས་སྤེལ་བར་འདི་དག་བོད་དོན་མིན་པར་དགྲ་དགའ་གཉེན་སྡུག་གི་ལས་ཡིན་པར་ངོས་འཛིན་བྱེད་ཕོད་དམ།

    Reply
  5. ཨ་མའི་བུ། says:
    ལོ་ 8 སྔོན།

    གྲོས་ཚོགས་ཀྱིས་ཐགས་གཅོད་དེ་མང་གཙོའི་འགྲོ་ལུགས་དང་མཐུན་ན། ཇོ་ནང་བ་ཚོས་གྲོས་ཚོགས་མདུན་དུ་ངོ་རྒོལ་གནང་བ་དེ་ཡང་མང་གཙོའི་ལམ་ལུགས་དང་མི་མཐུན་པ་ག་ལ་སྲིད། ཆོས་རྒྱུད་གཞན་ལ་གྲོས་ཚོགས་འཐུས་མིའི་ཞབས་སྟེགས་ཀྱི་ཐོབ་ཐང་ཡོད་ན། ཇོ་ནང་པར་ཡང་གྲོས་ཚོགས་འཐུས་མིའི་ཞབས་སྟེགས་ཐོབ་ཐང་ལོད་འབུལ་དགོས། གྲོས་ཚོགས་ཀྱི་འཐུས་མི་ཚོ། ཁྱེད་ཚོས་རང་བསྡོད་སར་མི་བཞགས་དགོས་པའི་གནས་ལུགས་དེ་ཡང་མ་ཤེས་པར་ཆོལ་ཞེན་གྱི་སྨྱོ་ནས་ཐགས་གཅོད་དེ་ལྟར་བྱ་དོན་གང་ཡིན་ནམ། བཀའ་ཤག་གི་ཆིག་སྒྲིལ་ཞེས་པ་འདི་རེད་དམ།

    Reply
  6. Sonam says:
    ལོ་ 8 སྔོན།

    ག་ཟི་དགེ་བཤེས་ཁྱེད་ཚེ་རིང་། ད་རེས་ཁྱེད་ཀྱིས་དཔའ་ཞུམ་གཉའ་ཆག་མེད་པར་གྲོས་ཚོགས་རྭ་བ་ནས་སྐད་ཤུགས་ཆེ་པོས་ཇོ་ནང་བ་ལ་ཐོ་ཐང་མ་སྤྲོད་པ་དེ་འགྲིག་འདུག གྲོས་ཚོགས་མ་འཚོགས་སྔོན་ནས་ཇོ་ནང་ལ་ཐོ་ཐང་མ་སྤྲོད་ན་སྤྱི་འཐུས་གྲོགས་ཚོགས་ཁྲིམས་ལ་སྦྱར་རྒྱུ་ཡིན་ཟེར་ནས་ཁྱི་སྤྱང་གྲགས་སོང་། ཁོ་ཚོས་བྱེད་ལུགས་དེ་ཚོ་ལྟོས་དང་། བཙན་བྱོལ་མི་ལོ་ལྔ་བཅུ་ལྷག་གི་ནང་དུ་ཇོ་ནང་བའི་མིང་ཐོག་ནས་ཉིན་གཅིག་སྐར་མ་གཅིག་ལའང་རྒྱ་ནག་ལ་ངོ་རྒོལ་ཟེར་བ་སྤེལ་མྱོང་མེད་པར་ཞིག་ལ་ད་ལེན་གྲོས་ཚོགས་སྒོ་འགྲམ་ངོ་རྒོལ་བྱས་པ་རེད། མི་འདི་ཚོ་དགྲ་བའི་མདུན་ན་སྔ་མ་བརླ་གཉིས་ཕབ་ཏུ་བཞག་ནས་བྲོས་འགྲོ་མཁན་དེ་འདྲ་རེད། ནང་ཕུ་ནུའི་ཐོག་ལ་ངར་ངར་རྫིག་རྫིག་དེ་འདྲ། ག་ཟི་དགེ་བཤེས་ཁྱེད་ཀྱིས་འགྲིག་འདུག ནམ་ཡང་འདི་ཚོ་ལ་གོ་སྐབས་མ་སྤྲོད་རོགས།

    Reply
  7. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 8 སྔོན།

    ཇོ་ནང་བ་ལ་རྒྱབ་སྐྱོར་ཡོད།

    Reply
  8. ལྷ་་སྤྱན་གསུམ་པ says:
    ལོ་ 8 སྔོན།

    ་་་་་་་་་་ང་ཚོས་ལག་གཉིས་ཐལ་མོ་སྦྱར་ཏེ། ཐུགས་རྗེ་གཟིགས་ང་ཚོ་གཞིས་ལུས་དགོན་པ་བརྒྱ་ཕྲག་དང་ལྷ་སྡེ་འབུམ་ཕྲག་ཡོད་པ་དེ་ཚོ། བློ་ཕམ་གྱི་གནས་སུ་མ་བསྐྱལ་རོགས་གནང་། ་་་་་་་་་་་་་་་་་་སྤྱི་འཐུས་ར་བ་འདིའི་ནང་སྤྱི་འཐུས་ཟེར་བ་དེ། བོད་མི་མང་གི་སྐུ་ཚབ་རེད། ཁྱེད་ཚོས་ཐག་གཅོད་དང་གཅིག་སྒྲིལ་མ་བཟོས་ན་སུས་བཟོ་གི་རེད། ང་ཚོ་གཅིག་སྒྲིལ་བཟོ་མཁན་དེ་ཁྱེད་རང་ཚོ་རེད། ཁྱེད་རང་ཚོས་གཏོར་བརླག་བཏང་ན། ང་ཚོ་གཅིག་སྒྲིལ་བཟོ་མཁན་སུ་ཡོད། ་་་་་་་་་་་་་་་་

    Reply
  9. ལྷ་་སྤྱན་གསུམ་པ says:
    ལོ་ 8 སྔོན།

    ར་བཟི་དགེ་ཤི་ཚེ་ཐུང་པོ་སོགས་ལ་བོད་སྤྱི་བའི་མ་འོངས་བར་བསམ་བློ་མེད་པ་འདིས། མ་འོངས་བར་ཆོས་རྒྱུད་ཀྱི་འཐུས་མི་འཐུས་ཚོགས་ནས་ཕྱིར་ལ་འཐེན་མགོ་བཟུང་ཡོད་པ་མནའ་སྐྱེལ་ཆོག བོད་པའི་ན་གཞོན་ཚོ། ང་ཚོས་སྤྱི་ཚོགས་རྙིང་བའི་རྗེས་ལུས་ཀྱི་འཐུས་ཚོགས་འདི་མང་གཙོའི་གྲོས་ཚོགས་དངོས་མ་ཞིག་ཏུ་འབད་དགོས།

    Reply
  10. བདེ་རྒྱལ། says:
    ལོ་ 8 སྔོན།

    དམངས་གཙོ་འགྲོ་སྟངས་ཤིག་རེད། ཡག་པོ་རེད། ཆོས་རྒྱུད་ཐོབ་ཐང་དགོས་ན་ཚང་མར་དགོས་མཉམ་དང་། མི་དགོས་ན་ཚང་མར་མི་དགོས་ན་ལེགས། སྤྱིར་ཆོས་རྒྱུད་ཀྱི་སྤྱི་འཐུས་གྲོས་ཚོགས་ནང་སླེབས། སྐད་ཆ་ཤོད་སྟངས་དང་སྤྱི་སེམས་དེ་ཐ་མལ་ལས་ཀྱང་སྐྱོ་བའི་རྣམ་འགྱུར་དེ་ཡིས། དམངས་ཁྲོད་དུ་གྲྭ་བ་མཐོང་ན་མགོ་ན་ཡ་ཞིག་ཆགས་འདུག དེ་ཚོ་གྲོས་ཚོགས་ནང་གི་གྲྭ་བ་དེ་ཚོའི་བྱེད་སྟངས་ལའང་འབྲེལ་བ་ཆེན་པོ་ཡོད། དགེ་འདུན་སྤྱི་ལ་མཐོང་ཚུལ་ཡོང་གཞི་དེ་བཟོ་མཁན་ཞིག་ཆགས་ན་མི་ལེགས། རྒྱུ་མཚན་དེ་དག་གིས་ཆོས་རྒྱུད་སྤྱི་འཐུས་དེ་དགོས་ཀྱི་མི་འདུག

    Reply
  11. ལྷ་་སྤྱན་གསུམ་པ says:
    ལོ་ 8 སྔོན།

    ཇོ་ནང་བ། བཟང་གི་ཡ། དངོས་ནས་བཟང་གི རང་ཉིད་ལ་གང་དབང་བ་དེ་རང་ཉིད་ཀྱིས་ལེན་དགོས་པ་རེད། ཨ་མའི་བུ། ཡིན་ན་ཡང་ཆོལ་དཔུང་བསྒྲིགས་པའི་གྲོས་ཚོགས་ཟུར་གསུམ་པ་དེའི་བར་ནས། དགོས་དོན་འགྲུབ་དཀའ་རྒྱུ་རེད། ཡིན་ན་ཡང་རྒྱུན་སྐྱོངས་དགོས།

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 8 སྔོན།

    ་་་་་་་་་་་ དེ་བཞིན་བལ་ཡུལ་དང་ལྡི་ལི་སོགས་ནས་ཕེབས་པའི་དཔལ་རྒྱལ་བ་ཇོ་ནང་པའི་ཆོས་བརྒྱུད་རྗེས་འཇུག་པ་དང་། དྷ་རམ་ས་ལའི་མང་ཚོགས་བཅས་མི་མང་ ༨༠ ལྷག་ཙམ་ཞིག་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་སྒོ་མཁར་འཛོམས་ཏེ། དགོན་འདུན་དོན་ཚན་ ༤ ཡི་འོག་ཏུ་༼བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག༽ཅེས་པ་སོགས་ཀྱི་འཕྲེད་དར་སྣ་ཚོགས་བསྣམས་ཏེ་ཞི་འབོད་ལས་འགུལ་ཞིག་སྤེལ་སོང་། ་་་་་་་་་་་་་་་

    Reply
  13. བསྟན་ཆོས། says:
    ལོ་ 8 སྔོན།

    ག་ཟི་ཚེ་རིང་གིས་གོང་མ་རིན་པོ་ཆེ་ཡང་གཞན་གྱི་གཡམ་རྒྱུག་པ་ཞིག་ཏུ་ངོས་འཛིན་གི་ཡོད་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist