མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངུར་སྨིག་རབ་བྱུང་བ་ཨཱེ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༥༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་པ་ཡར་ཚོགས་པ་སུ་དང་གང་གིས་མ་ཤེས། མར་གྲོལ་བ་གཞིས་བྱེས་གཉིས་ནང་སྐད་གྲགས་ཆགས་སོང་། བརྡ་འཕྲིན་བརྒྱུད་ལམ་སྟབས་ཇེ་བདེར་སོང་བ་དང་བསྟུན་ཏེ། ཆབ་སྲིད་པ་ཚོའི་འཁྲབ་སྟོན་ལེགས་འགྲུབ་ཆེ་ཤོས་ཀྱི་སྡིངས་ཆ་དེ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་ཆགས་ཡོད། སྤྱི་འཐུས་ཚོགས་ཁང་དེ་འཁྲབ་སྟེགས་དང་། གྲོས་ཚོགས་འཐུས་མི་ཚོ་འཁྲབ་སྟོན་པ་ཆགས་ཡོད་ལ། འདིའི་རྒྱབ་ན་ཁ་རྗེ་དབང་ཐང་ཅན་གྱི་འཁྲབ་འཁྲིད་པ་དང་། གཡས་གཡོན་མདུན་རྒྱབ་ན་འཁྲབ་གཞུང་རྩོམ་པ་པོ་དང་སྐྱོ་གར་ཧྲིལ་བོའི་སྦྱིན་བདག་སོགས་བང་སྒྲིག་ཡོད།

ཕྱི་ཟླ་གསུམ་པའི་གྲོས་ཚོགས་འདི་འཆར་ཅན་ལྟར་ན་བཙན་བྱོལ་བོད་མིའི་སྔོན་རྩིས་གཏན་འབེབས་ཀྱི་ཚོགས་འདུ་རེད། ཞོར་དུ་དུས་ཀྱི་དགོས་མཁོ་ལྟར་བཅའ་སྒྲིག་བསྐྱར་བཅོས་དང་། གནས་ཚུལ་གལ་ཆེན་ཐོག་གྲོས་ཆོད་སྣོན་འཇོག་བྱེད་པ། བཀའ་ཤག་ལ་ཚ་འདྲི་གཏོང་བ་དང་། སྤྱི་འཐུས་རྒྱུན་ལས་ཀྱི་ཆེད་འཛུགས་ཞིབ་འཇུག་ཚོགས་ཆུང་ཁག་གི་སྙན་ཐོར་བགྲོ་གླེང་གནང་བ་སོགས་ཡིན་ལ། ལས་རིམ་འདི་དག་དང་བསྟུན་ཏེ་སྤྱི་འཐུས་ཤེས་འཇོན་ཅན་ཚོས་རྣམ་དཔྱོད་ངོམ་པ་དང་། བླུན་པོ་གཡག་སྙིང་ཅན་ཚོས་བློ་ཁོག་ངོམ་པ། རྒྱུ་ཆེན་དབང་ཆེན་དག་གིས་དཔུང་ཤུགས་འགྲན་པ་སོགས་ཀྱང་གྲོས་ཚོགས་ནང་གི་ལམ་སྲོལ་ཆགས་ཡོད།

འདས་པའི་ལོ་ཤས་གོང་ནས་གྲོས་ཚོགས་ནང་གི་སྔོན་རྩིས་གཏན་འབེབས་ཐད། དཔལ་འབྱོར་ལས་ཁུངས་ལ་བྱུང་སོང་ཁ་འཐབ་ཀྱི་བསྔཊ་བརྗོད་རག་མེད་ལ། ད་ལོའི་ཚོགས་གཙོའི་མཇུག་བསྡོམས་གསུང་བཤད་ནང་དུའང་སྔོན་རྩིས་སྐོར་ལ་རབ་རུབ་ཅིག་གིས་འཐུས་པ་བྱས་སོང་། ཐེངས་འདིའི་གྲོས་ཚོགས་ཀྱིས་ངོམ་སོ་བྱེད་ཡུལ་ཞིག་ནི། བོད་ནང་གི་ཛ་དྲག་གནས་སྟངས་དང་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་ཆེད་སྤྱི་མོས་གྲོས་ཆོད་གཉིས་བཞག་པ་དེ་རེད་ལ། དེ་མིན་ཨེ་ཤ་ཡ་ཁུལ་དུ་སྤྱི་འཐུས་གཅིག་གི་ས་མིག་གསར་གཏོད་དང་། ཕྱི་རྒྱལ་ཁག་གི་དཔྱ་ཁྲལ་འབུལ་ཕྱོགས་ལ་བཅོས་བསྒྱུར་ཕྲན་ཙམ་བཏང་བ་སོཊ་ཀྱང་རིན་ཐང་གི་རྩིས་ཐང་མེད་ཀྱང་གྲངས་ཀ་ཡི་རྩིས་གྲངས་ཡོད།

བཙན་བྱོལ་སྤྱི་ཚོགས་ནང་དྷ་སའི་གྲོས་ཚོགས་ནང་གི་རྔ་རྡུང་སྟངས་ལ་ཉན་ཏེ། ས་གནས་མང་ཚོགས་ཚོས་འཆམ་འཁྲབ་སྟངས་ཤིག་དར་ཡོད། ལྷག་པར་དུ་ཉིས་སྟོང་དགུ་ལོར་གྲོས་ཚོགས་སྒོ་བརྒྱབ་པའི་གནས་ཚུལ་ལ་བརྟེན་ཏེ། ད་ཆར་བོད་ནང་དུའང་གངས་སྐྱིད་སྤྱི་འཐུས་གྲོས་ཚོགས་ནང་གི་འཁྲབ་སྟོན་ལ་ལྟ་མཁན་དང་ཉན་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་ཚོད་འདུག་ཀྱང་། གྲོས་ལ་དབང་བའི་འཁྲབ་སྟོན་པ་འདི་དག་གིས་ཁ་ཕྱི་ལ་འཁོར་ནས། ཁོ་ཚོ་གཞིས་སྲུང་སྤུན་ཟླའི་མགྲིན་ཚབ་དང་ཕྱི་ནང་གཉིས་ཀྱི་སྐུ་ཚབ་ཡིན་ཚུལ་བརྗོད་ཀྱང་། ཁ་ནང་ལ་འཁོར་ནས་མ་མཐར་སོ་སོའི་ཀུན་སྤྱོད་ཙམ་ལའང་འགན་འཁུར་གྱི་མེད།

འདས་པའི་ལོ་ཤས་རིང་སྤྱི་འཐུས་གྲོས་ཚོཊ་ནང་རྙོག་གླེང་ཆེན་པོ་གཉིས་བྱུང་ཡོད་པ་དང་། རྙོག་གླེང་སྔ་ཕྱི་གཉིས་ཀའི་སྣེ་འདྲེན་པ་དག་རབ་བྱུང་གྲྭ་བའི་གཟུགས་ཀྱི་སྤྱི་འཐུས་ཚོ་ཆགས་ཡོད། ལྷག་པར་དུ་ད་ལོར་ཇོ་ནང་ཚང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་མ་རག་པར་གྲོས་ཚོགས་སྒོ་ཁར་ཞི་འབོད་ལས་འགུལ་སྤེལ་བ་སོགས་ལ་བརྟེན་ཏེ། སྤྱི་ཚོགས་ནང་ངུར་སྨིག་གྲྭ་བའི་སྡེ་ལ་ཁྱོན་ཡོངས་ནས་ལྟ་ཚུལ་ཞིག་ཡོང་གི་ཡོད་ལ། ཡང་སྒོས་ཆོས་སྲིད་བཟུང་འབྲེལ་གྱི་དགེ་སྐྱོན་དང་། སྤྱི་འཐུས་གྲོས་ཚོགས་ནང་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་གྱི་རྩོད་གླེང་ཡང་ལོ་རེ་བཞིན་སྐད་ཤུགས་ཇེ་ཆེ་རེད།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༡ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese