མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེགས་གནང་།

བོད་ཀྱི་དུས་བབ།
༢༠༡༥/༠༤/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སླར་ཡང་བོད་ཨ་མདོ་རྔ་པར་བོད་མི་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་ཡོད་འདུག

མདང་ནུབ་གནས་ཚུལ་འབྱོར་བ་ལྟར་ན། ཁ་སང་བོད་ཨ་མདོ་རྔ་པ་ཁུལ་དུ་སླར་ཡང་བོད་མི་ཞིག་གིས་བོད་པའི་བདེན་དོན་འཐབ་རྩོད་ཆེད་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག འདས་སོན་དང་དེའི་རྗེས་ཀྱི་གནས་ཚུལ་ལག་སོན་མ་བྱུང་ཡང་། གནས་ཚུལ་དང་ལྷན་དུ་པར་འགའ་ཐོན་གསལ་ལྟར་ན་གསོན་རེ་མེད་པའི་གནས་སྟངས་ཆགས་འདུག

ཡང་བརྒྱུད་ལམ་གཞན་ཞིག་ཏུ་གནས་ཚུལ་ཐོན་པར། རང་ལུས་མེར་བསྲེགས་གནང་མཁན་ཁོང་གི་མིང་ལ་གནས་སྐྱབས་ཟེར་ཞིང་རྔ་སྟོད་ཨ་འདུས་ཡུལ་ཚོ་ནས་ཡིན་འདུག ཁོང་ཡག་མགོ་དགོན་པའི་གྲྭ་ཟུར་ཞིག་ཡིན་ཞིང་། ད་ཆར་ནང་དུ་སྐྱེས་དམན་དང་བུ་མོ་གཅིག་བཅས་ཡོད་འདུག  ཁོང་གིས་རང་ལུས་མེར་བསྲེགས་གནང་སྐབས་ “༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། པཎ་ཆེན་རིན་པོ་ཆེ་བཙོན་ནས་ཐར་དགོས།” ཞེས་འབོད་ཚིག་བསྒྲགས་ཡོད་པ་མ་ཟད། ཁོང་གིས་རང་ལུས་མེར་བསྲེགས་མ་གནང་སྔོན་ཙམ་ལ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་གཙོ་བོར་བྱས་ཏེ། མཐའ་ཁོར་དུ་ཁོ་རང་གི་ནང་མིའི་པར་བཅས་བཤམས་ཏེ།  དེའི་མདུན་དུ་མེ་ཏོག་དང་མཆོད་རྫས་འགའ་ཡང་བསྒྲིགས་ཡོད་འདུག

ད་སྔ་ཁོང་གི་མིང་དང་ལོ། ས་གནས་དང་ནང་མིའི་གནས་ཚུལ་སོགས་ཀྱི་གནས་ཚུལ་ཁ་གསལ་རག་ཐུབ་མ་སོང་བས། གནས་ཚུལ་ཐོན་རིམ་བཞིན་ཇེ་རྒྱས་སུ་གཏོང་ངེས་ཡིན།

ཐོན་རིམ་གཉིས་པ། རང་ལུས་མེར་བསྲེགས་གནང་མཁན་ཁོང་དེ་མ་ཐག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

ཐོན་རིམ་གསུམ་པ། རྔ་པ་ཨ་འདུས་ཕྱོགས་ཀྱི་སྐད་འཕྲིན་ཚོགས་པ་ཞིག་ནས་གནས་ཚུལ་ཁ་གསལ་མཁོ་སྤྲོད་གནང་བ་ལྟར་ན། ཁ་སང་རང་ལུས་མེར་བསྲེགས་གནང་མཁན་ཁོང་ནི། རྔ་པ་ཨ་འདུས་རྒྱ་དས་སྡེ་བ་ནས་ཡིན་ཞིང་། དེ་སྔོན་ཨ་འདུས་དགོན་པར་གྲྭ་བ་བྱས་མྱོང་ཡོད་འདུག ཁོང་གི་ཕ་མིང་ལ་གནས་མོ་དང་། མ་མིང་ལ་དཀར་སྒྲེས་མ་ཞུ་བ་དང་ཕ་མ་གཉིས་སྔོན་མ་ནས་འདས་ཚར་ཡོད་འདུག མིང་སྲིང་ལྔ་ཡོད་པ་ལས་ཁོ་རང་གསུམ་པ་དེ་ཡིན་འདུག

ཁོང་ད་ཆར་རང་ལོ་ ༤༥ ཡིན་པ་དང་རྔ་པ་རྫོང་དུ་ཀིརྟིའི་ལྷ་སྡེ་འགབ་མར་སོ་རུ་མའི་བུ་མོ་ཞིག་དང་མཉམ་དུ་བསྡད་ཡོད་ཅིང་། ཁོང་གཉིས་ལ་བུ་དང་བུ་མོ་ ༧ ཙམ་ཡོད་པ་ལས་ཆེ་བ་ཀུན་བཟང་རང་ལོ་ ༢༡ དང་ ཆུང་ཤོས་ནོར་བུ་རང་ལོ་ ༧ ཙམ་ཡིན་འདུག

དམ་དཀར་ལགས་ཀྱིས་དེ་སྔོན་ནས་འཛམ་གླིང་ཞི་བདེ་དང་རྒྱལ་བའི་ཞབས་བརྟན་ཆེད་སྤྱིར་མི་ཡོངས་རྫོགས་དང་། སྒོས་བོད་མི་སུ་ཡིན་ལ་འཁྲུག་རྩོད་སོགས་མི་བྱེད་པའི་དམ་བཅའ་བཞག་ཡོད་པ་དང་། རྔ་པ་དགོན་ཁག་ཞེ་གཉིས་ཐུན་མོང་གིས་གནང་བཞིན་པའི་ཞི་བདེ་དཔུང་རྟགས་ཀྱང་ཐོབ་ཡོད་འདུག

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༦ ཉིན་གྱི་སྔ་དྲོར་ཁོང་གིས་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་སྐུ་པར་བཤམས་ཤིང་། མདུན་དུ་ཡོན་ཆབ་སྲོགས་ཕུལ་རྗེས་རྔ་པ་རྫོང་ལྷ་སྡེ་འགབ་མའི་རང་ཁྱིམ་ར་བར་རང་ལུས་མེར་བསྲེགས་གནང་ཡོད་པ་དང་། དེའི་རྗེས་སྐུ་ཕུང་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་འདུག

གནས་ཚུལ་དེ་བྱུང་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་ཀྱང་བཙན་ཁྲིད་འདྲི་གཅོད་བྱས་ཡོད་འདུག དམ་དཀར་ལགས་ཀྱི་སྐད་འཕྲིན་ཁང་བྱང་ལ་༼ཁ་བའི་དོན་གྲུབ།༽ཞེས་བཏགས་ཡོད་པ་དང་། ཁོང་ནམ་རྒྱུན་འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ། རྒྱལ་བའི་བཀའ་དགོངས་བཅས་ཀྱི་སྐོར་ལ་གླེང་སློང་གནང་མཁན་གྱི་མི་ལ་ཞེན་ཅན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༧ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༨ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༡༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    རང་སྲེག་མ་གཏོང་། བཙོན་ཁང་རྒྱུགས་ཤིག །

    Reply
  2. གནས་ཚང་། says:
    ལོ་ 11 སྔོན།

    དཔའ་བོར་གུས་འདུད་དང་ནང་མིར་གདུང་སེམས་མཉམ་བསྐྱེད་ཡོད། ཡིན་ནའང་། བཙན་བྱོལ་པ་ཚོར་མེར་བསྲེག་ངོ་རྒོལ་ལ་དོ་སྣང་ཡོང་གི་མེད་པ་དང་གདུང་སེམས་མཉམ་བསྐྱེད་ཡོད་པའི་རྣམ་འགྱུར་མེད་པ་འདི་ནི་ཆེས་ཐབས་སྡུག་གི་གྲས་ཤིག་རེད།

    Reply
  3. ཐོག་མེད། says:
    ལོ་ 11 སྔོན།

    གསར་འགྱུར་ཁ་གསལ་ཁུངས་དག་སྤེལ་བར་ཐུགས་རྗེ་ཆེ། འདས་པོ་ཁོང་གི་བསྔོ་བའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ། ཨོཾ་མ་ཎི་པདྨེ་ཧུཾ།
    བོད་ཀྱི་དུས་བབ་ཚང་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ་བོད་ནང་གི་འདི་ལྟ་བའི་ཛ་དྲག་ཆེན་པོའི་གསར་འགྱུར་རྣམས་དབྱིན་ཡིག་ཐོག་ལ་བསྒྱུར་སྟེ་རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་གནང་ན། འདས་པོ་རྒྱལ་གཅེས་པ་ཁོང་གི་དམིགས་ཡུལ་དང་རེ་བ་འགྲུབ་པ་རེད། ད་དུང་རྒྱ་ཡིག་སོགས་སྐད་ཡིག་གཞན་ལའང་གང་ཐུབ་ཐུབ་བསྒྱུར་ཐུབ་ན་ཡག་པོ་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese