མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་དུ་ཀློད་གྲོལ་གཏོང་རོཊ།

བོད་ཀྱི་དུས་བབ།
༢༠༡༥/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དབུས་བོད་མིའི་སྒྲིག་འཛུགས་ནས་རྒྱ་གཞུང་གིས་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ལ་བླ་མ་གོང་མ་རྣམས་ཀྱི་མདུན་ནས་གསན་བསམ་མཛད་པའི་གོ་སྐབས་ཕུལ་ཏེ་འཕྲལ་དུ་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་སོང་།

༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ཧྲིལ་པོ་ ༢༠ འཁོར་གྱི་ཡོད་པའི་སྐབས་དང་བསྟུན་ཏེ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༤༠ ཙམ་ལ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་གཉིས་ལྷན་བཞུགས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་བའི་ཐོག ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཡབ་ཡུམ་གྱིས་དབུས་རྒྱའི་བཙོན་འོག་ཏུ་ཡོད་པའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་སོང་།

གསར་འགོད་ལྷན་ཚོགས་ཐོག དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་བོད་དབྱིན་གཉིས་ཀྱི་ཐོག་ནས་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གི་འབོད་སྐུལ་གསུང་འཕྲིན་སྒྲོག་སྦྱངས་གནང་བའི་ནང་། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༨ ཉིན་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གར་སོང་ཆ་མེད་དུ་གྱུར་བའི་བཙོན་པ་ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཡོངས་བསྒྲགས་གཏམ་ཞིག་སྤེལ་ཏེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༦ སོན་སྐབས་ཏེ་ཕྱི་ལོ་ ༡༩༩༥ ལོར་གར་སོང་ཆ་མེད་དུ་གྱུར་ཡོད་པ་བསྒྲགས་ཡོད། ཕྱོགས་མཚུངས་རྒྱ་གཞུང་ནས་ཀྱང་ཁོང་བཙན་ཁྲིད་བྱས་པར་ངོས་ལེན་བྱས་པ་རེད། འོན་ཀྱང་ད་བར་ཀུན་གཟིགས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་། གནས་སྟངས་ཇི་ཡིན་སྐོར་གསལ་བཤད་གང་ཡང་བྱས་མེད། རྒྱལ་སྤྱིའི་མནར་གཅོད་འགོག་ཐབས་དང་བྱིས་པའི་ཐོབ་ཐང་། དེ་བཞིན་ཆོས་དད་རང་དབང་སྲུང་སྐྱོབ་ཆེད་དམིགས་བསལ་རྟོག་ཞིབ་ཚོགས་ཆུང་བཅས་ཀྱིས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་དུ་ཡོད་མེད་དང་ཁོང་གི་གནས་སྟངས་ཇི་ཡིན་གསལ་བཤད་དགོས་པའི་རེ་འདུན་བཏོན། འོན་ཀྱང་རྒྱ་ནག་གཞུང་གིས་རེ་འདུན་དེ་དག་ལ་ཡ་ལན་གང་ཡང་མ་བྱས་པར་མུ་མཐུད་ནས་ཁོང་དང་ཁོང་གི་ནང་མི་རྣམས་བཀག་ཉར་བྱེད་བཞིན་ཡོད། ཅེས་དང་།

རྒྱ་གཞུང་གིས་ངེས་པར་དུ་ཡང་སྤྲུལ་མཆོག་ལ་གསན་བསམ་མཛད་པའི་གོ་སྐབས་འབུལ་དགོས་པའི་འབོད་སྐུལ་གནང་དོན། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་ཞིབ་བྱ་རྒྱུའི་ལམ་ལུགས་དེར་ཆོས་མེད་སྨྲ་བའི་རྒྱ་ནག་གུང་ཁྲན་ཏང་གིས་བཙན་དབང་འོག་དབང་སྒྱུར་བྱ་ཐབས་བྱེད་བཞིན་ཡོད། ཀུན་གཟིགས་པཎ་ཆེན་ཡང་སྤྲུལ་མཆོག་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་ཡིན་སྟབས་བརྒྱུད་པའི་བླ་མ་གོང་མ་རྣམས་ཀྱི་དྲུང་ནས་དབང་ལུང་ཁྲིད་གསུམ་སོགས་ཀྱི་གདམས་པ་མང་པོ་ཞིག་གསན་བསམ་མཛད་དགོས་པར་བརྟེན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནོན་ཤུགས་གང་ཡང་མེད་པའི་སྒོ་ནས་ཁོང་ལ་གོ་སྐབས་ངེས་པར་དུ་འབུལ་དགོས། ཞེས་གསུངས་སོང་།

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཏེ་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོ་དང་བསྟུན། ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་གོ་སྒྲིག་འོག དྷ་རམ་ས་ལར་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་སྐོར་མང་ཚོགས་ནང་གོ་རྟོགས་སྤེལ་འཆར་ཡོད་པ་ལྟར། འཛམ་གླིང་གི་ཡུལ་ཕྱོགས་གང་སར་ཡོད་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས། ཉིན་མོ་དེ་སྲུང་གཙི་གནང་ཕྱོགས་ལ་འབོད་སྐུལ་དོན་ཚན་གསུམ་གནང་བ་ནི། གཅིག རང་ཉིད་གནས་སྡོད་བྱེད་སའི་ཁུལ་དུ་སྨོན་ལམ་གསུང་འདོན་དང་མཆོད་མེ་ཞལ་ཕྱེ། དེ་བཞིན་བོད་དང་པཎ་ཆེན་རིན་པོ་ཆེའི་རྣམ་ཐར་སྐོར་བགྲོ་གླེང་གནང་རྒྱུ། གཉིས། འབྲེལ་ཡོད་སྲིད་གཞུང་དང་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་རེ་འདུན་ཞུ་སྙན་ཕུལ་བ་བརྒྱུད། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཐུབ་ཐབས་གནང་དགོས། གསུམ། འབྲེལ་ཡོད་གསར་འགོད་པ་རྣམས་དང་འབྲེལ་བ་གནང་ནས་ལས་འགུལ་སྤེལ་བ་དེ་དག་གསར་ཤོག་ཐོག་འདོན་སྤེལ་གནང་ཐབས་བྱ་རྒྱུ་བཅས་རེད།

ཕྱི་ལོ་ ༡༩༩༥ ལོའི་༥ ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གསལ་བསྒྲགས་བསྐྱངས་རྗེས། རྒྱ་གཞུང་གིས་ཁྲིམས་མཐུན་མིན་པའི་སྐྱོན་བརྗོད་ཞུས་ཡོད་པ་མ་ཟད། ཟླ་དེའི་ཕྱི་ཚེས་ ༡༧ ཉིན་ཡང་སྤྲུལ་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་བཅས་བཙན་ཁྲིད་བྱས་ཏེ། སྐུ་འཚོ་བཞུགས་ཡིན་མིན་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལོ་ངོ་ཧྲིལ་པོ་ ༢༠ འཁོར་གྱི་ཡོད་ལ། ཡང་སྤྲུལ་མཆོག་བཙན་ཁྲིད་བྱེད་སྐབས་གུང་གྲངས་ ༦ ལས་སོན་མེད་སྟབས་འཛམ་གླིང་ཐོག་གི་ཆབ་སྲིད་བཙོན་པ་ལོ་ན་ཆུང་ཤོས་དེ་ཆགས་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༡༥ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 1

  1. བདེ་རྒྱལ། says:
    ལོ་ 11 སྔོན།

    གཞུང་འབྲེལ་གྱིས་དུས་ཐོག་གི་ཆར་བའི་ལས་འགུལ་ཞིག་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese