མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་ཙེ་མིན་དང་ཧྲང་ཧེ་ཤོག་ཁག་གི་ཉི་མ་ནུབ་ལ་ཉེ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་ནང་མི་བཞིའི་ཤོག་ཁག་ཕམ་ཉེས་སྐོར་གྱི་ཟིན་ཐོའི་དེབ་ཅིག་དཔར་འགྲེམས་བྱས་པ་དང་བསྟུན་ཏེ་སྤྱི་ཚོགས་ནང་གླེང་སློང་དང་ཚོད་དཔག་སྣ་ཚོགས་ཡོང་གི་ཡོད་པ་དང་། ཁག་ཅིག་གིས་དེ་ནི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་སྲོག་ཤིང་ཡིན་པའི་མི་བཞིའི་ཤོག་ཁག་གསར་པ་རྩ་མེད་གཏོང་རྒྱུའི་སྔོན་བརྡ་ཞིག་ཡིན་སྐོར་གླེང་གི་འདུག

ཟླ་སྔོན་མའི་ཚེས་མགོར་རྒྱ་ནག་གཞོན་ནུའི་དཔེ་སྐྲུན་ཁང་གིས་ ༼ མི་བཞི་ཤོག་ཁག ཧྲང་ཧེ་ངན་རོགས་གཏོར་སྐྱོན་ཟིན་ཐོ། ༽ ཞེས་པའི་དེབ་ཅིག་བཏོན་ཡོད་པ་དང་། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་དེབ་དེ་ཤུགས་ཆེན་པོ་ཁྱབ་བསྒྲགས་བྱེད་བཞིན་ཡོད་ཀྱང་། ཕྱིའི་རང་དབང་གི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་གིས་གནས་ཚུལ་དེ་ཤུགས་ཆེན་པོ་ཁྱབ་བསྒྲགས་བྱེད་པའི་དམིགས་ཡུལ། ཅང་ཙེ་མིན་ལ་ཁ་གཏད་གཅོག་ཆེད་ཡིན་པ་དང་། ཞི་ཅིན་ཕིན་གྱིས་སྟག་རྒན་མཐའ་ནས་སྐོར་བའི་འཐབ་ལུགས་ཤིག་ཡིན་པ་མ་ཟད། ཅང་ཙེ་མིན་གྱི་མལ་ཚང་གཏོར་རྒྱུའི་སྔོན་བརྡ་ཞིག་ཀྱང་ཡིན་ཚུལ་སོགས་རྗོད་བཞིན་འདུག

ཉེ་ཆར་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་བུ་ཆེ་བ་ཅང་མིན་ཧིན་(Jiang Mianheng)གྱི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་དྲ་འབྲེལ་བརྒྱུད་ལམ་སྤྱིའི་འགན་འཛིན་གཞོན་པ་ཟུར་བ་ལིན་རོན་ཆཱན་ (Leng Rongquan)ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་ཡོད་པ་མ་ཟད། ཅང་མིན་ཧིན་གྱིས་བཟོ་སྐྲུན་བྱས་པའི་ ‘གསེར་ཕུབ་ལས་འཆར་’ ཞེས་པའི་སྤྱིའི་འཆར་འགོད་པ་མཱ་ཞོ་ཏོན་ (Ma Xiaodong) འཛིན་བཟུང་བྱས་པའི་ཐད། རྒྱ་ནག་གི་ཆབ་སྲིད་དབྱེ་ཞིབ་པ་ཚོས་ད་ནི་ཅང་མིན་ཧིན་གྱི་འཚོ་བའང་ཡག་པོ་ཡོང་རྒྱུ་མིན་པ་མགོ་བཙུགས་ཟིན་པ་མ་ཟད། ཅང་ཙེ་མིན་གྱི་བདེ་སྐྱིད་ཀྱི་འཚོ་བའང་མཇུག་བསྡུ་རན་བསླེབ་ཡོད་སྐོར་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༢༡ ཉིན་རྒྱ་ནག་གསར་འགྱུར་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞོན་ནུའི་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་པའི་ <<མི་བཞི་ཤོག་ཁག ཧྲང་ཧེ་ངན་རོགས་གཏོར་སྐྱོན་ཟིན་ཐོ།>> ཞེས་པའི་དེབ་དེ་ནི་རིག་གསར་རྗེས་ཀྱི་མི་བཞི་ཤོག་ཁག་གཏོར་སྐྱོན་དང་འབྲེལ་བའི་ཟིན་ཐོ་ཞིག་ཡིན་པ་དང་། དེའི་ནང་ལོ་ངོ་ ༣༩ སྔོན་ཏེ་ ༡༩༧༦ ལོའི་ཟླ་ ༡༠ ཚེས་ ༦ ཉིན་གྱི་དགོང་མོའི་ཆུ་ཚོད་ ༨ པ་ཡས་མས་ལ་ཧྭ་གོ་ཧྥིན་ (Hua Guofen) དང་། ཡད་ཅན་དབྱིན་ (Ye Jiangying) གཉིས་ཀྱིས་ཀྲུང་ནན་ཧེ་ཡི་ཧེད་རིན་ཚོམས་ཁང་དུ། ཅང་ཆིན་(Jiang Qing) དང་། ཀྲང་ཁྲོན་ཆའོ་(Zhang Chunqiao)། ཡའོ་ཝན་ཡོན་ (Yao wenYuan) ཝང་ཧོན་ཝེན་ (Wang Hongwen) སོགས་ལ་ལོགས་སུ་ཞིབ་བཤེར་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་བཀོད་ཡོད་འདུག

ཀོང་མིན་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། དེབ་དེའི་མགོ་ནས་བཟུང་ཧྭ་གོ་ཧྥིན་དང་ཡད་ཅན་དབྱིན་སོགས་ཀྱིས་ཇི་ལྟར་མི་བཞི་ཤོག་ཁག་ཧྲང་ཧེ་རྐང་འཛིན་པའི་གནད་དོན་གསང་བས་ཐག་གཅོད་བྱས་པ་དང་། མི་བཞི་ཤོག་ཁག་ཧྲང་ཧེ་ངན་རོགས་ལྷག་འཕྲོ་རྣམས་ཇི་ལྟར་མཇུག་བསྡུ་བའི་ལམ་ཁར་བསྐྱོད་ཚུལ་སོགས་བྲིས་ཡོད་འདུག་ལ། ཟིན་ཐོ་དེ་རྒྱ་ནག་ཏང་གི་ལོ་རྒྱུས་ཉམས་ཞིབ་པ་རྒན་པ་དང་། སྔོན་ཆད་ <<རྒྱ་ནག་ཏང་གི་ལོ་རྒྱུས་དཀྱོག་མཚམས་ཀྱི་མི་སྣ་དང་དོན་རྐྱེན་>> ཞེས་པའི་རྩོམ་པ་པོ་ལི་ཧེ་ཝིན་ (Li Haiwen) དང་། ༡༩༧༦ ལོར་རྒྱ་གཞུང་གིས་ཧྲང་ཧེ་ལ་བཏང་བའི་གཞུང་དོན་ཚོགས་མི་ཝང་ཧྲོ་ཅཱ་ (Wang Shoujia) གཉིས་ཀྱིས་མཉམ་འབྲེལ་ཐོག་བརྩམས་པ་ཞིག་ཡིན་འདུག

ཆབ་སྲིད་དཔྱད་ཞིབ་པ་ཧྥང་ལིན་ཏཱ་ (Fang Linda) ཡིས། སྲིད་གཞུང་གིས་ཆབ་སྲིད་ལྷན་ཁང་ནང་གི་ལྐོག་ཟ་རུལ་སུངས་ལ་རྒོལ་རྡུང་གཏོང་བཞིན་པའི་སྐབས་འདིར་མི་བཞི་ཤོག་ཁག ཧྲང་ཧེ་ངན་རོགས་གཏོར་སྐྱོན་ཟིན་ཐོ་ཞེས་པ་དཔར་བསྐྲུན་བྱས་ཏེ་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཤུགས་ཆེན་པོ་ཁྱབ་བསྒྲགས་འགྲོ་བཞིན་པ་ནི་སྟབས་འཁེལ་བ་ཞིག་རྩ་བ་ནས་མ་རེད། དེ་ནི་ཚད་མཐོའི་ཆབ་སྲིད་ཀྱི་བརྡ་ལན་ཞིག་དང་། དེའི་ནང་གི་ ‘མི་བཞི་ཤོག་ཁག’ དང་། ‘ཧྲང་ཧེ་ངན་རོགས་ལྷག་འཕྲོ།’ ‘ཤོག་ཚོགས་རྐང་འཛིན།’ ‘མཇུག་བསྡུའི་ལམ་ཁ།’ ཞེས་པའི་ཚིག་དེ་དག་ནི་རྒྱ་ནག་གཞུང་གིས་ཅང་ཙེ་མིན་ཤོག་ཁག་སྐོར་བཅོམ་གཏོང་སྟངས་ཤིག་ཡིན་སྐོར་བརྗོད་འདུག

ད་དུང་འདས་པའི་ལོ་རྒྱུས་ཁྲོད་ཀྱི་མི་བཞི་ཤོག་ཁག་དང་། ད་ལྟའི་མི་བཞི་ཤོག་ཁག་གསར་བ་གཉིས་ལ་འདྲ་བའི་ཆ་ཁག་ཅིག་ཡོད་པ་ནི། ཐོག་མ་ལོ་རྒྱུས་ཀྱི་མི་བཞི་ཤོག་ཁག་དང་། ད་ལྟ་སྲིད་གཞུང་གི་འཛིན་བཟུང་འོག་ཡོད་པའི་ཀྲུའུ་ཡོན་ཁཱང་དང་ཞི་ཚད་ཧོ། པའོ་ཞི་ལེ། ལིན་ཅི་ཧྭ་བཅས་མི་བཞི་ཤོག་ཁག་གསར་བ་གཉིས་ནི་མི་གྲངས་ཀྱི་ཆ་ནས་འདྲ་མཚུངས་ཡིན་པ་དང་། གཉིས་ནས་ད་ལྟ་བརྒྱུད་ལམ་ཁག་ཏུ་འགྲོ་བཞིན་པའི་ནང་། ‘ཧྲང་ཧེ་ངན་རོགས་ལྷག་འཕྲོ’ ཟེར་བའི་མི་བཞི་ཤོག་ཁག་རྙིང་པའི་ལྟེ་གནས་ཧྲང་ཧེ་ཡིན་པ་གང་ཞིག་ལ། ད་ལྟའི་ཅང་ཙེ་མིན་གྱི་ཚང་མལ་ཡང་ཧྲང་ཧེ་ཡིན་པ་མ་ཟད་དེ་གཉིས་ཀྱི་དབང་ཤུགས་ཀྱང་འདྲ་བོ་ཡིན་པ། གསུམ་ནས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ། སྔོན་ཆད་ཀྱི་མི་བཞི་ཤོག་ཁག་གི་གནད་དོན་གསང་བའི་སྒོ་ནས་ཐག་བཅོད་བྱས་ཏེ་ཧྲང་ཧེ་ངན་རོགས་ཇི་ལྟར་མཇུག་བསྡུས་པ་སོགས་ཀྱི་ཚིག་འབྲུ་དེ་དག་ཉེ་ཆར་ཞི་ཅིན་ཕིན་སྲིད་གཞུང་གིས་ཧྲང་ཧེ་དཔོན་རིགས་ཚོའི་གོ་གནས་གཙང་ཕྱག་བྱས་པ་དང་འདྲ་བོ་ཡོད་སྟབས། ད་རེབ་དེབ་དྲིལ་བསྒྲགས་བྱེད་པ་དེ་ཅང་ཙེ་མིན་དང་ཅང་ཤོག་ཁག་གི་དབང་ཤུགས་ཐག་གཅོད་བྱེད་པའི་དུས་ལ་བསླེབ་པ་བསྟན་ཡོད་ཟེར།

ཁོང་གིས་མུ་མཐུད་དུ། ཞི་ཚད་ཧོ་འདས་གྲོངས་སུ་ཕྱིན་རྗེས་ཀའོ་པོ་ཞོན་གོ་གནས་ནས་ལྷུང་གྲབས་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱིས་དམག་དོན་དང་ཆབ་སྲིད། དྲིལ་བསྒྲགས་སོགས་ཕྱོགས་ཡོངས་ནས་དབང་ཆ་སྟངས་འཛིན་ཤུགས་ཆེ་རུ་གཏོང་གི་ཡོད་ལ། དེ་དང་འབྲེལ་ནས་དྲིལ་བསྒྲགས་གཙོ་གཉེར་བྱས་པའི་ཅང་ཤོག་ཁག་གི་ཆབ་སྲིད་རྒྱུན་ལས་ལིའུ་ཡོན་ཧྲན་ (Li Yunshan) ཡང་ཟུར་དུ་འཕུད་བཞིན་ཡོད། ཞི་ཅིན་ཕིན་གྱིས་རུལ་སུངས་ལ་རྒོལ་རྡུང་བཏང་སྟེ་སྟག་ལ་འཐབ་འཛིང་བྱེད་བཞིན་པ་དེ་ནི། ཚིན་ཆིན་ཧོན་དང་ཅང་ཙེ་མིན་གཉིས་ཀྱི་འགྲམ་ལ་བཅར་ནས་བཙིར་བ་དང་འདྲ་ལ། ཉེ་ཆར་ཞི་ཅིན་ཕིན་གྱིས་གོ་རིམ་ལྡན་པའི་ཐོག་ནས་ཕྱི་ཕྱོགས་སུ་ཅང་ཙེ་མིན་ལ་ཁ་གཏད་ཀྱི་གླེང་སློང་སྤེལ་བ་སོགས་ནི། རྗེས་ཕྱོགས་ཅང་ཙེ་མིན་གྱི་གྱོད་དོན་དངོས་སུ་ཁྱབ་སྤེལ་བྱེད་རྒྱུའི་ལམ་ཁ་བཟོས་པ་རེད། ཅེས་བརྗོད་འདུག

ལོ་འདིའི་ཕྱི་ཟླ་ ༡ ཚེས་ ༡༦ ཉིན་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཀྲུའུ་ཡོན་ཁཱང་དང་པོ་ཞི་ལེ་གཉིས་ཀྱིས་བྱ་བ་ཚབ་ཆེན་ཞིག་བཟོ་འཆར་ཡོད་སྐོར་བསྒྲགས་ཡོད་པ་ལས་བྱ་བ་ཚབ་ཆེན་ཅི་ཞིག་བྱས་ཡོད་མེད་ཁ་གསལ་མེད་ཀྱང་། ཕྱི་ཕྱོགས་ཀྱི་བརྒྱུད་ལམ་ཁག་ཏུ་ཀྲུའུ་ཡོན་ཁཱང་དང་པའོ་ཞི་ལེ་གཉིས་ནི་ཅང་ཙེ་མིན་གྱི་མི་ཡིན་པ་དང་། ཁོ་གཉིས་ཀྱིས་རྒྱ་གཞུང་ལ་གྱེན་ལོག་བྱ་འཆར་ཡོད་སྐོར་བཀོད་ཡོད། ཕྱི་ཟླ་ ༢ པའི་ཚེས་ ༢༣ ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་དྲ་ཐོག་ཏུ། ཀྲུའུ་ཡོན་ཁཱང་དང་ཞི་ཚད་ཧོ་སོགས་མཉམ་འབྲེལ་བྱས་པའི་ནག་ཉེས་བཀོད་ཡོད་པའི་ནང་། “མི་ཁ་ཤས་ཤིག་ཀྲུང་གོའི་ཏང་ནང་ཡིབ་ནས་བསྡད་ཡོད་པ་མ་ཟད། ཡིབ་སྟངས་ཀྱང་ཧ་ཅང་གཏིང་ཟབ་མོ་རེད། ཁོ་ཚོས་ཤོག་ཁག་ཡར་འཐེན་དང་ངན་རོགས་དཔུང་སྒྲིག་བྱས་ཏེ། རུལ་སུངས་མཉམ་སྤྱོད་ཀྱི་འབྲེལ་བའི་ར་བ་བཟོས་པ་དང་། ལྐོག་ཟ་རུལ་སུངས་དང་ཆབ་སྲིད་ཀྱི་གནད་དོན་ཕན་ཚུན་ངོ་བོ་འདྲེས་སུ་བཅུག་པ། ཆབ་སྲིད་སྟེང་ལ་ལྐོག་གཡོ་ངན་ཇུས་བྱས་པ།” ཅེས་སོགས་འཁོད་འདུག

ཕྱི་ཟླ་ ༣ ཚེས་ ༡༥ ཉིན་རྒྱ་ནག་ཚད་ཅིན་དྲ་བའི་སྟེང་། མི་དམངས་ཉིན་རེ་གསར་ཤོག་གི་རྩོམ་སྒྲིག་འགན་འཛིན་ཀྲུའུ་རོའུ་ཅིན་ (Zhou Ruijin) ཡིས་ཧོང་ཧྥོ་ཞིན་ཕིན་ (Huangfu Xinping) ཞེས་པའི་སྨྱུག་མིང་འོག་རྩོམ་ཡིག་ཅིག་སྤེལ་བའི་ནང་། ཀྲུའུ་ཡོན་ཁཱང་དང་པའོ་ཞི་ལེ། ཞི་ཚད་ཧོ། ལིན་ཅི་ཧྭ་བཅས་ཀྱི་གྱོད་དོན་ཕན་ཚུན་འབྲེལ་བ་ཡོད་པ་དང་། ཁོ་ཚོའི་རོགས་པ་ལིས་ཏོན་ཧྲིན་ (Li dongsheng) དང་། ཅང་ཅད་མིན་ (Jiang Jiemin) སོགས་དང་འབྲེལ་ཏེ་རུལ་སུངས་ཀྱི་དྲ་བ་ཆེན་པོ་ཞིག་གྲུབ་ཡོད་པ་དེ་གནམ་འོག་ལ་ཤོང་དཀའ་བ་ཞིག་ཆགས་ཡོད་ཅེས་བཀོད་འདུག

ཉིན་དེར་ཧོང་ཀོང་རྨ་བྱ་བརྙན་འཕྲིན་ཁང་གིས་རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་ཟུར་བ་ཧོང་ཅེད་ཧྥོ་ (Huang Jiefu) ལ་བཅའ་འདྲི་ཞིག་བྱས་པའི་ནང་དུའང་། ཀྲུའུ་ཡོན་ཁཱང་གོ་གནས་ཕབ་པ་དང་མཉམ་དུ་རྒྱ་ནག་སྲོག་ཆད་བཙོན་པའི་དབང་བོ་སྤོ་འཛུགས་ཀྱི་ཁེ་ལས་ཀྱང་མེད་པ་བཟོས་ཡོད། ཅེས་བརྗོད་པ་དེ་ནི་རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣ་ཞིག་གིས་ཀྲུའུ་ཡོན་ཁཱང་སྲོག་ཆད་བཙོན་པའི་དབང་བོ་སྤོ་འཛུགས་ཀྱི་ཚོང་ལས་ནང་འཛུལ་ཡོད་པ་རྗོད་མཁན་ཐོག་མ་དེ་ཆགས་ཡོད་འདུག

ཕྱི་ཟླ་ ༣ ཚེས་ ༡༨ ཉིན་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་གིས་ཁྱབ་བསྒྲགས་བྱས་པའི་ནང་། ཀྲུའུ་ཡོན་ཁཱང་དང་པའོ་ཞི་ལེ་སོགས་ཀྱི་ཁྲིམས་འགལ་ཚོགས་པས་ ‘ཆབ་སྲིད་ཀྱི་བྱེད་སྒོ་སྤེལ་པ’ ཞེས་འཁོད་དེ། ཚིག་དེའི་ཟུར་དུ་ཀྲུའུ་ཡོན་ཁཱང་དང་པའོ་ཞི་ལེ་གཉིས་ཕྱོགས་མཐུན་ཡིན་པ་དང་། ཁོ་གཉིས་ཀྱིས་སྲིད་གཞུང་གི་ལས་དོན་གང་རུང་ཐོག་གནོན་སྐྱོན་ཚབ་ཆེན་བཟོ་རྒྱུའི་འཆར་གཞི་སྒྲིག་ཡོད་པ་སོགས་བསྟན་ཡོད། དེ་བཞིན། ཕྱི་ཟླ་ ༣ ཚེས་ ༣༡ ཉིན་རྒྱ་ནག་དམག་དོན་ཕྱོགས་ནས་གནས་ཚུལ་བསྒྲགས་པའི་ནང་། རྒྱ་ནག་དམག་དོན་ལྷན་ཁང་གི་འགན་འཛིན་གཞོན་པ་ཟུར་བ་ཞི་ཚད་ཧོ་ཡིས་ ‘སྒེར་གྱི་ཕྱོགས་ཁག་སྒྲིག་པ’ དང་། ‘དབང་ཆ་ཉོ་ཚོང་བྱས་པ’ སོགས་བརྗོད་དེ། ཞི་ཚད་ཧོ་སྒེར་ལ་ཤོག་ཁག་གི་ཚོགས་པ་ཡོད་ཚུལ་སོགས་བསྟན་ཡོད།

ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཏྭ་ཅི་ཡོན་དྲ་བས་ཀྲོའོ་ཙི་ཡཱང་ (Zhao Ziyang) གི་བཅའ་འདྲི་ཞིག་ལུང་འདྲེན་བྱས་པའི་ནང་། ཀྲོའོ་ཙི་ཡཱང་གིས་ཀྲུའུ་ཡོན་ཁཱང་དང་ལིན་ཅི་ཧྭ། པའོ་ཞི་ལེ། ཞི་ཚད་ཧོ་བཅས་ལས་གྲུབ་པའི་ ‘མི་བཞི་ཤོག་ཁག་གསར་བ’ ཡི་རུལ་སུངས་ཚོགས་ཁག་གི་རྩ་བ་ཅང་ཙི་མིན་ཡིན་པ་དང་། དེང་སྐབས་ཀྲུའུ་ཡོན་ཁཱང་གི་གྱོད་དོན་རྒྱ་ཆེ་རུ་ཕྱིན་པ་དང་བསྟུན་ཏེ། ཞི་ཅིན་ཕིན་གྱིས་ཞིབ་ཚགས་པོས་ཅང་ཤོག་ཁག་གི་གྱེན་ལོག་དང་དབང་བོ་གསོན་ལེན་གྱི་ནག་ཉེས་གཉིས་ཕྱིར་བཏོན་པ་དང་མཉམ་དུ། ནག་ཉེས་དེ་ལ་འབྲེལ་བ་ཡོད་པའི་ཚིན་ཆིན་ཧོན་དང་ཅང་ཙེ་མིན་སོགས་ལའང་སྔོན་བརྡ་བཏང་པ་རེད། ཅེས་བརྗོད་འདུག

ཧྲང་ཧེ་ནི་རྒྱ་ནག་གི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་གྱི་ཚང་མལ་ཡིན་པ་དང་། ཞི་ཅིན་ཕིན་གྱིས་གོ་རིམ་ལྡན་པའི་ཐོག་ནས་ཧྲང་ཧེ་ནང་གི་ཅང་ཤོག་ཁག་གི་དཔོན་ས་བསྐོར་བཅོམ་བྱེད་བཞིན་ཡོད་པ། ད་ཆར་ཧྲང་ཧེ་དཔོན་རིགས་ཚོ་མུ་མཐུད་དུ་གོ་གནས་ནས་ཕབ་པའི་ནང་། ཕྱི་ཟླ་ ༤ ཚེས་ ༡༧ ཉིན་ཧྲང་ཧེ་ཚྭ་རླངས་རྫས་འགྱུར་ལས་ཁུངས་ (上海氯碱化工股份有限公司) ཀྱི་འགན་འཛིན་ཧི་ཀོང་ (He Gang) ལ་ཞིབ་བཤེར་དང་། ཟླ་ ༤ ཚེས་ ༡༦ ཉིན་ཧྲང་ཧེ་གྲོང་ཁྱེར་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་འགན་འཛིན་ཀྲུའུ་ཞོ་ཁྲོ་ (Zhu Xiaochao) གོ་གནས་ནས་ཕབ་པ། ཉིན་དེར། ཧྲང་ཧེ་རྣོ་ལྕགས་ལྷན་ཚོགས་ཀྱི་མཐོ་རིམ་མི་སྣ་ ༣༣ ལ་སྐྱོན་བརྗོད་བྱས་ཏེ། ཞི་ཅིན་ཕིན་གྱི་གཏན་འབེབས་དོན་ཚན་ ༨ ལ་འགལ་བའི་ནག་ཉེས་ཡོད་སྐོར་བསྒྲགས་ཡོད་འདུག

ད་དུང་། ཟླ་སྔོན་མའི་ཚེས་ ༡༠ ཉིན་ཧྲང་ཧེ་སྤུན་གྲོགས་ལས་ཁུངས་ (上海华谊公司) ཀྱི་མགོ་གཙོ་གཞོན་པ་ཟུར་བ་ལི་ཅོན་ (Li Jun) ལ་ཞིབ་བཤེར་དང་། ཕྱི་ཟླ་ ༣ ཚེས་ ༡༧ ཉིན་ཧྲང་ཧེ་གྲོང་ཁྱེར་སྲིད་གཞུང་གི་མགོ་གཙོ་གཞོན་པ་ཏད་ཧེ་པོ་ (Dai Haibo) གོ་གནས་ནས་ཕབ་སྟེ་ཞིབ་བཤེར་བྱེད་བཞིན་པ་གསལ་བསྒྲགས་དང་ ༢༠༡༤ ལོའི་ཟླ་ ༩ ཚེས་ ༢༩ ཉིན་ཁོ་རང་ཧྲང་ཧེ་རང་དབང་ཚོང་འབྲེལ་ཚོད་ལྟའི་རྒྱུན་ལས་འགན་འཛིན་གཞོན་པའི་གོ་གནས་ནས་ཕབ་སོགས་ཀྱི་གནས་ཚུལ་བྱུང་ཡོད།

ཅང་ཙེ་མིན་གྱི་བུ་ཆེ་བ་ཅང་མིན་ཧིན་ཕྱོགས་ཀྱི་ཆབ་སྲིད་དང་དཔལ་འབྱོར་སྡེ་ཚན་གྱི་མཐོ་རིམ་དཔོན་རིགས་ཚོར་གཞུང་གིས་ཞིབ་བཤེར་བྱེད་མགོ་ཚུགས་ཡོད་པ་ནི། ཟླ་སྔོན་མའི་ཚེས་ ༡༧ ཉིན་ལོ་ལྔ་ཡི་སྔོན་ནས་རྒན་ཡོལ་ཞུས་ཟིན་པའི་རྒྱ་ནག་གློག་འཕྲིན་ལས་ཁུངས་ཀྱི་སྤྱི་གཉེར་བ་གཞོན་པ་ཟུར་བ་དང་། ཏང་གི་རྩ་འཛུགས་མགོ་གཙོ་གཞོན་པ་ལིན་རོན་ཆཱན་ཁྲིམས་འགལ་དོགས་གཞིའི་འོག་ཞིབ་བཤེར་བྱེད་པ་ཁྱབ་བསྒྲགས་བྱས་ཡོད་ལ། རྒྱ་ནག་གི་ཚད་ཞིན་དྲ་བའི་གནས་ཚུལ་སྤེལ་བའི་ནང་། ༢༠༠༢ ལོ་ནས་ ༢༠༠༤ ལོའི་བར་དུ་ཅང་མིན་ཧིན་གྱིས་སྟངས་འཛིན་བྱས་པའི་རྒྱ་ནག་དྲ་འབྲེལ་བརྒྱུད་ལམ་གྱི་མགོ་གཙོ་གཞོན་པའི་གོ་གནས་ལིན་རོན་ཆཱན་གྱིས་འགན་ཁུར་ཡོད་པ་དང་། དེའི་རྗེས་ལིན་རོན་ཆཱན་གྱིས་ལིན་ཅི་ཧྭ་ཡི་སྐྱེས་དམན་ཀོ་ལི་ཕིན་དང་ནུ་བོ་ལིན་ཝན་ཁྲིན་སོཊ་ལ་ཚོང་འབྲེལ་བྱས་ཡོད་ཚུལ་བརྗོད་འདུག

ཟླ་སྔོན་མའི་ཚེས་ ༡༦ ཉིན་ལ་རྒྱ་ནག་སྤྱི་བདེ་ལྷན་ཁང་ཚན་རྩལ་བརྡ་འཕྲིན་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་མཱ་ཞོ་ཏོན་འཛིན་བཟུང་བྱས་ཡོད་འདུག མཱ་ཞོ་ཏོན་ནི་ ‘གསེར་ཕུབ་ལས་འཆར་’ ཞེས་པའི་ལས་འཆར་འགན་འཛིན་གཙོ་གྲས་ཤིག་ཡིན་འདུག ‘གསེར་ཕུབ་ལས་འཆར’ ནི་རྒྱ་གཞུང་གིས་མང་ཚོགས་ལྟ་སྲུང་སྟངས་འཛིན་བྱེད་པ་དང་། རྒྱ་ནག་ནང་གི་དྲང་བདེན་གྱི་ངོ་བོ་བཀག་སྡོམ་བྱེད་པའི་གསང་བའི་ལས་འཆར་ཞིག་ཡིན་འདུག་ལ་། དེ་རྒྱ་ནག་གི་མགོ་གཙོ་ཅང་ཙེ་མིན་གྱི་བུ་ཅང་མིན་ཧིན་གྱིས་སྟངས་འཛིན་དང་བཟོ་བསྐྲུན་བྱས་པ་ཞིག་ཡིན་འདུག

ན་ནིང་ནས་བཟུང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གིས། ཅང་མིན་ཧིན་གྱི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་དབུས་ཁ་པར་འབྲེལ་མཐུད་བརྒྱུད་ལམ་དང་རྒྱ་ནག་དབུས་བརྡ་འཕྲིན་ཁ་པར་འབྲེལ་ལམ། རྒྱ་ནག་ཚན་རིག་ལྷན་ཚོགས་སོགས་ཀྱི་མཐོ་རིམ་དཔོན་རིགས་ཚོ་མུ་མཐུད་དུ་གོ་གནས་ནས་ཕབ་ཡོད་ཅིང་། ལོ་འདིའི་ཕྱི་ཟླ་ ༡ ཚེས་ ༣ ཉིན་ཅང་ཙེ་མིན་གྱི་ནང་མི་རྣམས་ཤར་ཕྱོགས་རི་བོར་བསྐྱོད་པའི་གནས་ཚུལ་ཁྱབ་རྗེས་རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་ཅང་ཙ་མིན་གྱི་ནང་མི་ཚོའི་གནས་ཚུལ་ཡོངས་རྫོགས་ནག་གསུབ་བྱས་པ་དང་། ཟླ་དེའི་ཚེས་ ༦ ཉིན་ལ་ཅང་མིན་ཧིན་རྒྱ་ནག་ཚན་རིག་ལྷན་ཚོགས་ཧྲང་ཧེ་ཡན་ལག་ཁང་གི་འགན་འཛིན་གྱི་གོ་གནས་ནས་ཕབ་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཀྲུའུ་ཞའོ་ཧོའུ་ (Zhou Xiaohui) ཡིས། རྒྱ་ནག་དབུས་ཁ་པར་འབྲེལ་མཐུད་བརྒྱུད་ལམ་དང་རྒྱ་ནག་བརྡ་འཕྲིན་ཁ་པར་འབྲེལ་ལམ། རྒྱ་ནག་ཚན་རིག་ལྷན་ཚོགས་སོགས་ཀྱི་ཁེ་ཕན་ས་ཆར་རླུང་འཚུབ་གཡུགས་ཏེ། སྔོན་ཆད་ཀྱི་གྱོད་དོན་རྙིང་པ་དག་ཆུའི་ཁ་རུ་ཐོན་པ་ནི་ཅང་མིན་ཧིན་གྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་མ་ཟད། ཅང་ཙེ་མིན་གྱི་ཉི་མའང་མགྱོགས་པོར་ནུབ་རྒྱུ་ཡིན་པ་མཚོན་ཐུབ། ཅེས་བརྗོད་འདུག

ཕྱི་ཟླ་ ༤ ཚེས་ ༢༠ ཉིན། རྒྱ་ནག་མི་མང་ཉིན་རེ་གསར་ཤོག་སྟེང་༼མགོ་ཁྲིད་ནང་མིའི་འགྲོ་ལུགས་ནི་སྒེར་གྱི་དོན་དག་མིན༽ཅེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པའི་ནང་། སྟག་རྒན་ཀྲུའུ་ཡོན་ཁཱང་དང་ལིན་ཅི་ཧྭ་སོགས་གོ་གནས་ནས་ལྷུང་པའི་རྒྱབ་ཕྱོགས་སུ་ཁོ་ཚོའི་ནང་མི་དང་ཁྱིམ་རྒྱུད་ཀྱིས་ལྐོག་ཟ་རུལ་སུངས་བྱས་པའི་རྟགས་མཚན་ཞིག་ཀྱང་མངོན་འདུག ཅེས་འཁོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཞཱ་ཞོ་ཆང་གིས། “ཀྲུའུ་ཡོན་ཁཱང་ནི་སྟག་རྒན་ཤི་བོ་ཞིག་རེད། ཁོ་ནི་ཞི་ཅིན་ཕིན་གྱིས་སྟག་ལ་འཐབ་པའི་རུལ་སུངས་རྒོལ་རྡུང་གི་དམིགས་འབེན་དེ་མ་རེད། དེང་སྐབས་ཞི་ཅིན་ཕིན་དཔུང་ཁག་གིས་ཀྲུའུ་ཡོན་ཁཱང་ལ་འདྲི་གཅོད་བྱས་པའི་ཐད་ནས་བཤད་ན། དེའི་གོ་དོན་མང་པོ་ཞིག་དང་དམིགས་འབེན་སོགས་ཅང་ཙེ་མིན་རེད། ཞི་ཅིན་ཕིན་དང་ཝང་ཆི་ཧྲན་གཉིས་ཀྱིས་སྟག་ལ་འཐབ་ལུགས་དེ་ནི། མང་ཆེ་བ་ཕྱི་ཕྱོགས་ནས་བསྐོར་བཅོམ་དང་། ནང་མི་ཚོ་ནས་མགོ་འཛུགས་བཞིན་ཡོད་ལ། ད་ལོ་ནས་ཞི་ཅིན་ཕིན་གྱིས་ཅང་མིན་ཧིན་གྱི་སྟེང་ལ་འགུལ་སྐྱོད་བྱེད་མགོ་བཙུགས་ཡོད། ཅང་མིན་ཧིན་ལ་ཞིབ་བཤེར་གཏིང་ཇེ་ཟབ་ནས་ཇེ་ཟབ་ཏུ་བཏང་སྟེ་རིམ་གྱིས་ཅང་ཙེ་མིན་གྱི་གམ་དུ་བཅར་རྒྱུ་རེད།” ཅེས་བརྗོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese