མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞིས་སྤོར་བ་ ༣༢༨ ལ་སྦྱིན་བདག་མ་རག་པའི་དཀའ་ངལ་འཕྲད་འདུག

བོད་ཀྱི་དུས་བབ།
༢༠༡༥/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ནཱ་ཅཱལ་ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོར་གཏོང་བའི་ལས་གཞིའི་འོག་ཁྱོན་བོད་མི་ ༣༦༦ ཁེ་ན་ཌའི་ནང་འབྱོར་ཚར་ཡོད་འདུག

རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅཱལ་མངའ་སྡེའི་ནང་ཡོད་པའི་བོད་མིའི་གཞིས་ཆགས་ཏི་ཛུ་དང་ཀྲུ་ཀྲིང་། མེའོ། བསྟན་འཛིན་སྒང་བཅས་ནས་བོད་མི་ ༡༠༠༠ ཁེ་ན་ཌར་གཞིས་སྤོར་གཏོང་བའི་ལས་གཞི་དེ་དངོས་སུ་ལག་བསྟར་བྱས་ནས་དུས་ཡུན་གང་འཚམ་ཕྱིན་པ་ལྟར། ད་ལྟའི་བར་ཁྱོན་མི་གྲངས་ ༣༦༦ ཁེ་ན་ཌའི་ནང་འབྱོར་ཟིན་པ་དང་། མི་ ༣༢༨ ལ་ཁེ་ན་ཌའི་གཞུང་ཚབ་ཀྱིས་དྲི་བ་དྲིས་ལན་དང་གཟུགས་པོར་བརྟག་དཔྱད་བྱས་ཚར་ཡོད་ཀྱང་། སྦྱིན་བདག་མ་རག་པའི་དཀའ་ངལ་འཕྲད་དེ་ད་དུང་ཕར་འགྲོ་ཐུབ་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་འདི་གའི་གསར་འགོད་པས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་སུ། ད་ལྟ་གཞིས་སྤོར་ལས་གཞི་དེ་གནས་སྟངས་ག་འདྲ་ཆགས་ཡོད་བཀའ་འདྲི་ཞུས་པར་ཁོང་གིས། རྩ་བའི་ཨ་རུ་ན་ཅཱལ་བོད་མིའི་གཞིས་ཆགས་ནས་ཁེ་ན་ཌར་གཞིས་སྤོར་གཏོང་རྒྱུ་དེ་མི་གྲངས་ ༡༠༠༠ གི་འཆར་གཞི་རེད། ཡིན་ནའང་། ལོ་ ༤ ཡི་འཆར་གཞི་ཞིག་ཡིན་དུས་ལོ་ ༤ ཡི་ནང་མི་ཧྲེང་ཧྲེང་ཡོད་པ་ཚོས་ཆང་ས་རྒྱག་པ་དང་། ཕྲུ་གུ་གསར་དུ་སྐྱེས་པ་ཡོང་སྲིད་པས། གནས་ཚུལ་དེ་འདྲ་བྱུང་ན་ནང་མི་ཚང་མ་རིག་རིག་བྱས་ནས་ཕར་འགྲོ་ཐུབ་པའི་ཆེད་དུ་ང་ཚོས་མི་ ༡༠༠ ཡི་ས་མིག་ཟུར་འཇོག་བྱས་ཡོད། བར་ལམ་ང་ཚོས་རྒྱན་བརྒྱབ་སྟེ་མི་ ༩༠༠ གཏན་འཁེལ་ཡོད་པ་དང་། དེའི་ནང་ནས་མི་ ༣༦༦ ཕར་འབྱོར་ཟིན་པ་རེད། འདི་ལོའི་ཕྱི་ཟླ་ ༣ དང་ ༤ ནང་ང་ཚོས་མི་ ༣༢༨ ཞིག་ལ་དྲི་བ་དྲིས་ལན་དང་གཟུགས་པོར་བརྟག་དཔྱད་སོགས་ཀྱི་ལས་གཞི་ཚང་མ་གྲུབ་ཚར་བ་རེད། དངོས་གནས་བྱས་ན་སྨན་ཁང་གི་བརྟག་དཔྱད་དང་དྲི་བ་དྲིས་ལན་ཚར་རྗེས་ལམ་སང་ཕར་འགྲོ་དགོས་ཀྱི་ཡོད་ཀྱང་། ད་ལྟ་ཁོང་ཚོ་འགྲོ་མ་ཐུབ་པར་གནད་འགག་ག་རེ་ཆགས་བསྡད་ཡོད་པ་རེད་ཟེར་ན། ཕར་བསླེབས་རྗེས་སྡོད་ས་དང་སྨན་བཅོས། ལས་ཀ་སོགས་ཚང་མ་གྲ་སྒྲིག་བྱེད་མཁན་གྱི་སྦྱིན་བདག་དགོས་པ་རེད། སྦྱིན་བདག་ཐབས་འཚོལ་བྱེད་པའི་ལས་འགན་གཙོ་བོ་ཕར་ཕྱོགས་ཀྱི་འབྲེལ་མཐུད་པ་ཉི་མ་རྡོ་རྗེ་ལགས་ཀྱིས་འཁུར་གྱི་ཡོད་པ་དང་། ཁོང་གི་འོག་ལ་བོད་ཀྱི་འཆར་འགོད་ཚོགས་པ་(Project Tibet Society)ཡོད་པ་རེད། གཞིས་སྤོར་བ་རྣམས་ཕར་མ་བསླེབ་གོང་ནས་སྦྱིན་བདག་ཐབས་འཚོལ་བྱེད་རྒྱུ་དེ་ཁོ་ཚོའི་ལས་འགན་ཆགས་བསྡད་ཡོད་པ་རེད། རྒྱན་ཐོབ་པ་རྣམས་གཞུང་ཚབ་ཁང་དུ་དྲི་བ་དྲིས་ལན་དང་སྨན་བཅོས་བྱེད་དུ་འཁྲིད་རྒྱུ་དེ་ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ལས་འགན་ཆགས་བསྡད་ཡོད་པ་ལྟར། ད་ལྟའི་བར་ལས་ཀ་དེའི་ཐོག་དམིགས་བསལ་གྱི་དཀའ་ངལ་ཅི་ཡང་འཕྲད་མ་སོང་ལ། མ་འོངས་པར་ཡང་ཐོག་མའི་ལས་འཆར་གཞིར་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་གཞི་ལྟར་འགྲོ་ཐུབ་པའི་ཆེད་དུ། ང་ཚོ་ནང་སྲིད་ལས་ཁུངས་ཀྱི་ངོས་ནས་གཞུང་ཚབ་ལ་ཐུག་འཕྲད་སོགས་ལས་ཀའི་ཐོག་འཐུས་ཤོར་མ་བཏང་བར་གང་ལ་གང་འཚམ་ཚགས་ཚུད་པོ་ཡོང་བཞིན་ཡོད། ཅེས་དང་།

གལ་སྲིད་སྦྱིན་བདག་གཏན་ནས་མ་རག་པ་ཡིན་ན། ཁེ་ན་ཌ་གཞུང་ངོས་ནས་དམིགས་བསལ་གྱི་གཟིགས་རྟོག་ཡོད་མེད་དྲིས་པར། ལས་གཞི་འདིའི་ལོ་དུས་མཐའ་མ་ཕྱི་ལོ་ ༢༠༡༦ ཟླ་ ༥ ཡིན་སྟབས། དུས་ཡུན་དེའི་ནང་མི་ ༡༠༠༠ དེ་ཆ་ཚང་གཏོང་ཐུབ་དགོས་པ་རེད། གལ་སྲིད་གཏོང་མ་ཐུབ་པའི་གནས་ཚུལ་བྱུང་ན་ལྷག་པ་དེ་ལྷག་པ་རང་རེད་མ་གཏོགས། ད་ལྟའི་བར་ཁེ་ན་ཌ་གཞུང་ནས་ལྷག་པ་ཡིན་ན་ཐབས་ལམ་འདི་འདྲ་ཞིག་བརྒྱུད་དེ་རོགས་པ་བྱེད་ཀྱི་ཡིན་ཞེས་བཀའ་མོལ་གང་ཡང་བྱུང་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

གཞིས་སྤོར་བ་གཅིག་ལ་སྦྱིན་བདག་ག་ཚོད་དགོས་མིན་དྲིས་པར་ཁོང་གིས། མི་རེར་སྦྱིན་བདག་གསུམ་བཞི་དེ་འདྲ་མེད་པ་ཡིན་ན། ཕར་ཕྱོགས་ཀྱི་ཁང་གླ་ཞེ་དྲགས་ཆེན་པོ་ཡིན་ལ། གལ་སྲིད་ན་ཚ་འདྲ་བྱུང་བ་ཡིན་ན། རྩ་བའི་ཨ་རི་དང་བསྡུར་ན་སྨན་བཅོས་ཀྱི་མཐུན་རྐྱེན་ཡག་པོ་ཡོད་ཀྱང་སྨན་བཅོས་ཀྱི་འགྲོ་སོང་གང་འཚམ་ཆེན་པོ་རེད། ལུང་པའི་གནས་སྟངས་ཀྱིས་སྤྱི་ཡོངས་ནས་འགྲོ་སོང་གང་ལ་གང་འཚམ་ཆེན་པོ་ཡིན་སྟབས། མི་རེར་སྦྱིན་བདག་གསུམ་བཞི་རེ་མེད་ན་འགྲོ་སོང་ཐོག་རང་བཞིན་གྱིས་དཀའ་ངལ་འཕྲད་སྲིད་པ་ཞིག་ཆགས་བསྡད་ཡོད་ས་རེད། ཡིན་ནའང་། སྦྱིན་བདག་རྒྱུ་ཡག་ལུགས་ཀྱིས་ཁྱད་པར་ཡོད་པ་རེད། སྦྱིན་བདག་རྒྱུ་ཞེ་དྲགས་མེད་མཁན་བཞི་ལྔ་མཉམ་རུབ་ཀྱིས་རོགས་པ་བྱེད་པ་དང་། ཡང་སྦྱིན་བདག་རྒྱུ་ཡག་པོ་ཡོད་མཁན་གཅིག་གིས་དུད་ཁྱིམ་གཉིས་རེར་རོགས་པ་བྱེད་མཁན་དེ་འདྲ་ཡང་ཡོང་གི་འདུག ཅེས་དང་།

ཁེ་ན་ཌའི་ནང་ཡུན་རིང་གནས་སྡོད་བྱས་པའི་བོད་མིའི་ནང་སྦྱིན་བདག་གནང་མཁན་ཡོད་མེད་ཐད་ཁོང་གིས། བོད་པའི་ནང་རོགས་པ་བྱེད་ཀྱི་ཡིན་ཟེར་ནས་སེམས་ཤུགས་ཡོད་མཁན་དཔེ་མང་པོ་འདུག ཡིན་ནའང་། ཁེ་ན་ཌའི་ཁྲིམས་ཀྱི་ནང་ཆ་རྐྱེན་ག་རེ་ཡོད་པ་རེད་ཟེར་ན། སྦྱིན་བདག་བྱེད་མཁན་དེར་དངུལ་ཁང་ནང་དངུལ་གང་འཚམ་ཡོད་པ་དང་། དེ་བཞིན་རང་བདག་གི་ས་ཆ་དང་ཁང་པ་ཡོད་པའི་ཡིག་ཆ་སྟོན་དགོས་ཀྱི་ཡོད་པའི་སྐད་ཆ་གོ་བྱུང་། ཕར་ཕྱོགས་ན་ཡོད་པའི་བོད་མིའི་ནང་ཡིག་ཆ་དེ་འདྲ་ཡོད་མཁན་ཤུགས་ཆེན་པོ་མེད་པའི་རྐྱེན་གྱིས་ཁག་པོ་ཆགས་ཀྱི་ཡོད་ས་རེད། ཡིན་ནའང་། ཕར་བསླེབས་ཚར་བའི་གཞིས་སྤོར་བ་ཚོར་བོད་མི་ཚང་མ་མཉམ་རུབ་ཀྱིས་མཐུན་སྦྱོར་རོགས་རམ་ཧ་ལས་པའི་ཡག་པོ་གནང་གི་འདུག ཅེས་བརྗོད་བྱུང་།

ད་ལྟའི་བར་སྨན་ཁང་གིས་བརྟག་དཔྱད་བྱས་པ་བརྒྱུད་ནད་རིགས་ཚབས་ཆེན་གྱི་རྐྱེན་གྱིས་གཞིས་སྤོར་རྦད་དུ་རྩིས་མེད་བཏང་བ་དེ་འདྲ་བྱུང་ཡོད་མེད་དྲིས་པར་ཁོང་གིས། ལོ་རྒན་པའི་ནང་དེ་འདྲ་ཕྲན་བུ་ཡོང་གི་འདུག དཔེར་ན། གློ་ནད་རིགས་ཡོད་ན་ཁེ་ན་ཌའི་གཞུང་ངོས་ནས་ཅུང་ཉེན་ཁ་ཆེན་པོར་བརྩི་ཡི་འདུག་ལ། ཁོང་ཚོས་ན་ཚའི་རྐྱེན་གྱིས་འགྲོ་མ་ཐུབ་པར་ལྷག་པ་ཡིན་ན་འཕྲོ་བརླག་ཞེ་དྲགས་ཤིག་ཏུ་དགོངས་ཀྱི་ཡོད་པ་ལྟར། ཁེ་ན་ཌའི་གཞུང་ཚབ་དང་ང་ཚོའི་བར་སྔ་རྗེས་སུ་བཀའ་མོལ་བྱུང་སྟེ། ན་ཚ་དེ་རིགས་ཡོད་མཁན་ཚོར་སྔ་ཙམ་ནས་སྨན་བཅོས་བྱས་ཏེ་དྲག་ནས་ཕར་འགྲོ་ཐུབ་ན་ཡག་པོ་འདུག་ཅེས་གསུངས་ཏེ། ད་ལྟ་སྨན་ཁང་གིས་བརྟག་དཔྱད་བྱེད་པའི་དུས་ཚོད་དེ་སྔ་ནུར་བྱས་ཡོད་པ་རེད་ཅེས་ཟེར།

ཁེ་ན་ཌའི་ནང་དུ་འབྱོར་ཟིན་པ་ཚོར་འཚོ་བ་དང་ལས་ཀ་སོགས་ཀྱི་ཐོག་དཀའ་ངལ་འཕྲད་ཀྱི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས། རྩ་བའི་ཁེ་ན་ཌ་གཞུང་རང་གི་ལས་འཆར་ཞིག་ཡིན་པ་དང་། ཕར་བསླེབས་རྗེས་ལས་ཀ་དང་སྨན་བཅོས་ལྟ་སྐྱོང་སོགས་ཀྱི་ཐོག་སོ་སོའི་སྦྱིན་བདག་ཡག་ལུགས་ཀྱིས་ཁྱད་པར་འགྲོ་ཡི་ཡོད་ལ། ཁ་ཤས་ཀྱིས་ཁང་གླ་སྤྲོད་མ་དགོས་པ་དེ་འདྲ་ཡང་ཡོད་པ་རེད། ཕར་འབྱོར་ཟིན་པ་མང་ཆེ་བས་ཨ་རུ་ནཱ་ཅཱལ་གྱི་ནང་དཀའ་ལས་ཤུགས་ཆེན་པོ་བརྒྱབ་ཡོད་དུས། ཁེ་ན་ཌའི་ནང་གི་ལས་ཀ་དེ་ཙམ་གྱིས་དཀའ་ངལ་ཆེན་པོར་རྩི་ཡི་མི་འདུག ཕར་སོང་ནས་སོ་སོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་བརྟེན་ནས་དཔེར་ན། གཞིས་སྤོར་སྡེ་ཚན་དང་པོའི་ནང་ཕྱིན་པའི་དུད་ཁྱིམ་ཁ་ཤས་ཀྱིས། གཞིས་ཆགས་ནང་གནས་སྡོད་བྱས་ཡོད་པའི་ནང་མི་སྤུན་མཆེད་ཚོར་དངུལ་བཏང་ནས་སྡོད་ཁང་གསར་དུ་བརྒྱབ་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་འདུག དེ་བཞིན། གཞུང་གི་ཉམ་ཐག་རོགས་རམ་འོག་བུ་ཕྲུག་སློབ་གྲྭར་གཏོང་མཁན་ཁ་ཤས་ཀྱི་ནང་མུ་མཐུད་གཞུང་ནས་རོགས་རམ་ཞུ་རྒྱུ་མིན། དེང་སང་འགྲིག་འགྲོ་ཡི་འདུག་ཅེས་ཟེར་མཁན་ཡོང་གི་ཡོད་པ་རེད། ཅེས་བརྗོད་བྱུང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་་་ ཕར་སོང་ནས་སོ་སོས་དཀའ་ལས་བརྒྱབ་པའི་གྲུབ་འབྲས་ལ་བརྟེན་ནས་དཔེར་ན། གཞིས་སྤོར་སྡེ་ཚན་དང་པོའི་ནང་ཕྱིན་པའི་དུད་ཁྱིམ་ཁ་ཤས་ཀྱིས། གཞིས་ཆགས་ནང་གནས་སྡོད་བྱས་ཡོད་པའི་ནང་མི་སྤུན་མཆེད་ཚོར་དངུལ་བཏང་ནས་སྡོད་ཁང་གསར་དུ་བརྒྱབ་པ་སོགས་ཀྱི་གནས་ཚུལ་མང་པོ་ཡོང་གི་འདུག དེ་བཞིན། གཞུང་གི་ཉམ་ཐག་རོགས་རམ་འོག་བུ་ཕྲུག་སློབ་གྲྭར་གཏོང་མཁན་ཁ་ཤས་ཀྱི་ནང་མུ་མཐུད་གཞུང་ནས་རོགས་རམ་ཞུ་རྒྱུ་མིན། དེང་སང་འགྲིག་འགྲོ་ཡི་འདུག་ཅེས་ཟེར་མཁན་ཡོང་གི་ཡོད་པ་རེད། ་་་་་་་་་་་་

    Reply
  2. གངས་ལྡོམ། says:
    ལོ་ 10 སྔོན།

    གསར་འབྱོར་བ་ཚོར་ནམ་ཡང་སྐལ་མེད།
    འདི་འདྲ་མཉམ་མ་རེད།
    ཐོབ་ཐང་དང་རང་དབང་ཆེད་དུ་མིའི་ལུང་པར་སྐྱབས་བཅོལ་དུ་ཡོང་།
    འོན་ཀྱང་གསར་རྙིང་གི་དབྱེ་བ་ཕྱེས་ནས།
    གཞིས་ཁང་དང་ས་ཞིང་ཡོད་མཁན་ཚོར་ཡོད་པའི་སྒང་ལ་རོགས་རམ་དང་གོ་སྐབས་མང་།
    གསར་འབྱོར་ཚོར་གང་ཡང་མེད།
    འདི་འདྲ་མཉམ་རེད་དམ།
    ང་ཚོའི་སྒྲིག་འཛུགས་འདིས་གཞིས་ཆགས་རྣམས་ལ་ཕན་འདོགས་པ་ལས། གསར་འབྱོར་ཚོར་ཡ་མེད་རེད།
    ཡིན་དང་ཡིན། འོས་ཤོག་མང་ཆེ་བ་གཞིས་ཆགས་ཁག་ནས་རེག་གི་ཡོད་རེད། བྱས་ཙང་གསར་འབྱོར་བ་རྣམས་གལ་ཆེན་པོ་མ་རེད།

    ཐོབ་ཐང་དང་རང་དབང་རྩོད་པར་འགོ་འཁྲིད་མཁན་ང་ཚོའི་སྒྲིག་འཛུགས་འདིས་འདྲ་མཉམ་མ་བྱས་ན་།
    ད་ང་ཚོས་སུ་ལ་རེ་བ་བཅོལ་དགོས་སམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese