མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགོས་སར་ཆད་མི་དགོས་སར་ལྷག

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༢ སྟེང་གི་རྩོམ་སྒྲིག་པའི་གཏམ།

དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་གི་ལས་བྱེད་ཅིག་ལ་མེ་མདའ་བརྒྱབ་སོང་ཟེར་བའི་གནས་ཚུལ་དེས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་དེ་སླར་ཡང་འུར་ལོང་སེར་བཏང་། མི་ཚང་མས་མིག་ཧྲིག་ཧྲིག་དང་ཨམ་ཅོག་གྲུང་གྲུང་གིས་གཅིག་ཐོག་ལ་གཉིས་དང་། གཉིས་ཐོག་ལ་བཞི་བརྩེགས་ཏེ་དཀྲོག་གཏམ་ལུང་པ་གང་རེ་བཤད་མགོ་བརྩམས་ཡོད། འདི་ནི་ང་ཚོའི་སློབ་གསོས་སྐྱེད་པའི་སྤྱི་ཚོགས་ཀྱི་མཁའ་དབུགས་བཙོག་པོ་དང་། ཆབ་སྲིད་པས་བཟོས་པའི་བོད་མིའི་ཡ་རབས་བཟང་སྤྱོད་དང་ཚུལ་ལྡན་བག་ཡོད་ཀྱི་དངོས་གཞན་དེ་རེད།

སྣང་ཚུལ་འདི་བརྒྱུད་དེ། བཙན་བྱོལ་བོད་མི་ཚོའི་སེམས་ནང་དུས་རྒྱུན་དོགས་པ་རྣམ་རྟོག་མང་པོ་ཞིག་གིས་འཆང་ཡོད་པ་དང་། ཆབ་སྲིད་པ་དང་དབང་འཛིན་པ་ཚོས་མང་ཚོགས་ནང་རྒྱུན་པར་རྒྱ་མིའི་མྱུལ་མ་དང་སོ་པ་སོགས་ཀྱི་ཞེད་སྣང་སྐུལ་བ་མང་དྲགས་པའི་འཇིགས་དངངས། བོད་མི་ཚོའི་དད་པ་དམ་ཚིག་དང་དགའ་ཞེན་དག་སྣང་གི་གསེང་ན། ༧གོང་ས་མཆོག་གི་སྐུ་ཕྱྭའི་ཐོག་སེམས་འཚབ་བག་ལ་ཞ་བ་ཞིག་གིས་དུས་ནས་དུས་སུ་སྐུལ་མ་གཏོང་གི་ཡོད་པ་བསྟན་ཡོད།

བོད་པའི་ཁ་རྒྱུན་ལ། ཆུ་མ་ཡོངས་སྔོན་ལ་རགས་དང་། དགྲ་མ་ཡོང་སྔོན་ལ་མཚོན་ཟེར་བ་ལྟར། དོགས་ཟོན་མཐོར་འདེགས་གནང་དགོས་པ་གལ་ཆེན་ཡིན་ཡང་། དགོས་སར་ཆད། མི་དགོས་སར་ལྷག་ཟེར་བ་ལྟར། གནས་ཚུལ་ལ་ལའི་ཐོག་བོད་པ་རང་ཉིད་ཀྱིས་རང་ཉིད་ནག་ཅན་བཟོས་ཏེ་ཟུར་དུ་བྲོས་ནས་ལྐོག་ཏུ་ཡིབ་པ་དང་། རྟོག་བཏགས་དང་འཆར་སྣང་སྣ་ཚོགས་བཞེངས་སྐྲུན་བྱས་ཏེ། སེམས་པ་གུ་དོགས་པོ་དང་བྱེད་སྟངས་ཁྱད་མཚར་བོ་ཡ་མ་བརླ་མང་པོ་སྟོན་གྱིན་འདུག

ཉེ་ལམ་དྷ་ས་ཟློས་གར་ལམ་ཁའི་ཁང་སྟོང་ཞིག་ནས་མིའི་ཕུང་བོ་ཞིག་བརྙེད་པ་དེར་འུར་སྒྲ་ཆེན་པོ་གྲགས་ཤིང་། ད་ལོའི་ཕྱི་ཟླ་དང་པོའི་ནང་དྷ་སའི་སྐོར་ལམ་གྱི་གད་སྙིགས་ཁྲོད་ནས་ཤོག་ཐུམ་ཞིག་རྙེད་པ་དེའང་འགད་རྫས་ཡིན་པའི་གླེང་སློང་བྱུང་། སྤྱིར་མི་ཞིག་རྒྱུན་ལྡན་མིན་པར་ཤི་བ་དང་། ཁོར་ཡུག་ཅིག་ཏུ་རྒྱུན་ལྡན་མིན་པའི་གནས་ཚུལ་བྱུང་ན། མི་སུ་ཡིན་ཡང་དོ་སྣང་བྱེད་པ་རང་བཞིན་ཡིན་ཡང་། བོད་པ་ཚོའི་སེམས་ངོར་འཆར་ཡོང་བ་དེ་རྒྱ་མིའི་སོ་པ་དང་མྱུལ་མ་ཟེར་བའི་མིང་ཚིག་སྐྱུར་མོ་འདི་དག་རེད།

དྷ་རམ་ས་ལ་ན་རྒྱ་ནག་གི་སོ་པས་སོ་ལྟ་བྱེད་ཡུལ་གྱི་ཉེན་ཁ་གང་ཡང་བཟོ་ཡི་མེད་ལ། སྤྱིར་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ནང་རྒྱ་ནག་གི་མྱུལ་མས་མྱུལ་ཞིབ་བྱེད་དགོས་པ་གང་ཡང་སྦས་བསྐུངས་བྱས་མེད། སྤྱི་ཚོགས་དཀྲུག་མཁན་དང་རྒྱ་སྒོར་ཟ་མཁན་ཡོད་མདོག་མདོག་སྟོན་མཁན་དང་བཤད་མཁན་ཚོས་ཀྱང་། རྒྱ་ནག་གིས་བོད་ནང་གི་ཞི་རྒོལ་དང་རང་ལུས་མེ་བསྲེགས་བཙན་བྱོལ་སྒྲིག་འཛུགས་དང་ཏཱ་ལའི་བླ་མས་བརྒྱུད་སྐུལ་བྱས་པ་ཡིན་ཚུལ་བཤད་པ་ལྟར། རྣམ་དཔྱོད་ལྡན་པའི་བཤད་སྟངས་དང་ཕུགས་ལ་ཕན་པའི་བྱེད་ཐབས་ཤིག་མིན།

དེ་བས་༧གོང་ས་མཆོག་ཕྱི་རྒྱལ་ཁག་དང་། བོད་པའི་སྤྱི་ཚོགས་ཀྱི་མཛད་སྒོ་རིགས་ལ་ཕེབས་སྐབས། ཕྱོགས་ཡོངས་ལ་དོགས་ཟོན་མཐོན་པོ་གནང་དགོས་པ་གལ་ཆེན་ནང་གི་དོན་ཆེན་ཡིན་ཡང་། འདིའི་ཐོག་དེ་སྔ་འགན་ཡོད་ཚོས་འཐུས་ཤོར་བཏང་བ་མང་པོ་བྱུང་ཡོད་ལ། མང་ཚོགས་ཁྲོད་དུའང་སེམས་འཚབ་དང་དོ་སྣང་སྤྲོད་མཁན་ཉུང་ཉུང་ཡིན། ད་ལྟའི་འཁྲུག་ཆ་དོད་པའི་སྤྱི་ཚོགས་ནང་། རྒྱ་མིའི་སོ་པ་ཙམ་མིན་པར་མི་སུས་ཀྱང་གློ་བུར་གྱི་གནད་དོན་བཟོ་སྲིད་ལ། བཞུགས་སྒར་དྷ་ས་ཙམ་མིན་པར་ས་གང་དུའང་ཛ་དྲག་གི་གནས་ཚུལ་འབྱུང་སྲིད་དོ།།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese