མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟའི་རྒྱ་ནག་སྐམ་ས་ཆེན་མོའི་མི་གཤིས་ཀུན་སྤྱོད་སྐོར་གླེང་པ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་ལྔ་གཅིག་ངལ་རྩོལ་དུས་ཆེན་གྱི་གཞུང་འབྲེལ་གུང་གསེང་སྐབས། རྒྱ་རིགས་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ཁྲིན་ཏུའུ་རུ་ཡོད་པའི་རྒྱ་ནག་གི་ལོ་རྒྱུས་རང་བཞིན་ལྡན་པའི་ཀྲའུ་ཀི་ལོང་ (Zhu GeLiang)མཆོག་གི་གསུངས་རྩོམ་རྡོ་རིང་སྟེང་། “ ཕྱི་ལོ་ ༢༠༡༥ ལོའི་ཟླ་ ༤ ཚེས་ ༣༠ ཉིན་ལའུ་ཕེའི་ཀུའོ་(Lu Peiguo)གནས་སྐོར་ཐེངས་གཅིག” ཅེས་བསྐོས་ཡོད་པ་དེ་དང་འབྲེལ་ཏེ། བརྒྱུད་ལམ་ཁག་ཏུ་ད་ལྟའི་རྒྱ་ནག་སྐམ་ས་ཆེན་མོའི་མི་གཤིས་སྐོར་ལ་གླེང་སློང་ཤུགས་ཆེན་པོ་བྱུང་བ་དང་བསྟུན་ཏེ། ཕྱི་སྡོད་རྒྱ་མིའི་ཞིན་ཐང་རིན་བརྙན་འཕྲིན་ཁང་གིས་རྒྱ་རིགས་ཆབ་སྲིད་དཔྱད་ཞིབ་པ་ཁྲིན་ཕའོ་ཁོན (Chen Pokong)དང་། དུས་དོན་དཔྱད་ཞིབ་པ་ཚའོ་ཁྲང་ཆིན་ (Cao Changqing) སོགས་གདན་འདྲེན་ཞུས་ཏེ་གླེང་མོལ་བྱས་ཡོད།

མདོ་འཛིན་པས། རྣམ་པ་གཉིས་ཕེབས་པར་ཐུགས་རྗེ་ཆེ། དང་པོ་ཁྲིན་ཕའོ་ཁོན་ལ་འདྲི་རྒྱུར། ཁྲིན་ཏུའུ་ཝོ་ཧོ་ཚི་ (Wu Houci) སྔོན་བྱོན་སློབ་དཔོན་མིང་ཐོའི་རྡོ་རིང་སྟེང་ཡི་གེ་སྐོས་པའི་སྐོར་ཡིན། རྡོ་རིང་འདི་གནའ་རྫས་རེད་ཟེར་ན་ཆོག་མོད། ཀྲའུ་ཀི་ལོང་གི་རྩོམ་ཡིག་དེ་ཡོའེ་ཧྥའི་(Yue Fei) ༼ ནི་རྒྱལ་ཁབ་གསུམ་གྱི་སྐབས་ཀྱི་དམག་དཔོན་ཞིག ༽ ཡིས་རྡོའི་སྟེང་ལ་བསྐོས་པ་རེད། མི་ཞིག་གིས་དེའི་སྟེང་ཡི་གེ་གཞན་ཞིག་བསྐོས་ཡོང་ན་ངོ་མ་སེམས་ལ་ན་ཟུག་སྐྱེས་དགོས་པ་ཞིག་རེད། ཡིན་ན་ཡང་མི་ཁ་ཤས་ཀྱི་གོ་བ་ལེན་སྟངས་ཀྱི་དབང་གིས་ག་རེ་བྱས་ཏེ་རྩ་ཆེན་གནའ་རྫས་དེའི་སྟེང་ཡི་གེ་བསྐོས་པ་རེད།

ཁྲིན་ཕའོ་ཁོན། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་ཝོ་ཧོ་ཚི་སྔོན་བྱོན་སློབ་དཔོན་མིང་ཐོའི་རྡོ་རིང་སྟེང་ཡི་གེ་བསྐོས་པ་མ་ཟད། ལོ་ངོ་སུམ་སྟོང་ལྷག་གི་ཨི་ཇིབ་ (Egypt) ལྷ་ཁང་གི་སྟེང་དུའང་ “ང་རྒྱ་ནག་གི་མི་ xxxxx གནས་འདིར་ཡུལ་སྐོར་ཐེངས་ཤིག” ཅེས་ཡི་གེ་བསྐོས་ཡོད་འདུག སྔོན་ཆད་ཨི་ཇིབ་ས་ཆར་བྱུང་མྱོང་མེད་པའི་གནས་ཚུལ་དང་། རྒྱལ་ཁབ་གཞན་པའི་ཡུལ་སྐོར་སྤྲོ་འཆམ་པ་སུས་ཀྱང་བྱས་མྱོང་མེད་པའི་ཐ་ཤལ་གྱི་བྱ་སྤྱོད་དེ་འདྲ་ཞིག་རྒྱ་མི་ཚོས་བཟོས་པ་རེད། རྒྱ་མིས་ཧོང་ཀྲའུ་ (Hang Zhou) ནུབ་མཚོའི་ནང་རྐང་པ་བཀྲུས་པ་མ་ཟད། ཧྥ་རན་སིའི་ལོ་ཝལ་ཆུ་རྫིང་ (Louvre pool) ནང་དུའང་རྐང་པ་བཀྲུས་པ་རེད། རྒྱ་ནག་གི་མིས་སོ་སོའི་རྒྱལ་ཁབ་ཀྱི་གནམ་ཐང་དུ་འཁྲུག་པ་བརྒྱབ་པ་མ་ཟད། རྒྱལ་ཁབ་གཞན་གྱི་རྒྱལ་སྤྱིའི་གནམ་ཐང་ནས་ཀྱང་འཁྲུག་པ་བརྒྱབ་པ་རེད། རྒྱ་ནག་ནང་གནས་ཚུལ་འདི་རིགས་རྒྱུན་པར་འབྱུང་གི་ཡོད་སྟབས། སྔོན་ཆད་པེ་ཡཱང་ (Bai Yang) གིས་ ‘སྐྱུག་བྲོ་བའི་ཀྲུང་གོ་བ་’ ཞེས་བྲིས་ཡོད། ད་ལྟ་རྒྱ་རིགས་ཚོ་རྒྱལ་སྤྱིའི་སྟེང་འགྲོ་བཞིན་ཡོད་པ་དང་བསྟུན་ཏེ། སྐྱུག་བྲོ་བའི་རྒྱ་མིའི་གཟུགས་བརྙན་དེ་ཡང་རྒྱ་ནག་ནས་རྒྱལ་སྤྱིའི་སྟེང་ཁྱབ་བཞིན་ཡོད་པ་དང་། མཇུག་མཐར་རྒྱ་ནག་གི་གནད་དོན་འདི་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་གྱུར་ཏེ། ལྷོ་ཤར་ཨེ་ཤ་ཡ་དང་ཧོང་ཀོང་། ཡུ་རོབ། ཨ་རི་སོགས་སུ་རྒྱ་ནག་གི་ཐ་ཤལ་རང་གཤིས་དེ་གླེང་གི་ཡོད་པ་རེད།

མདོ་འཛིན་པ། ཉེ་བའི་ལོ་གཉིས་ནང་རྒྱ་ནག་གི་ཕྱི་སྐྱོད་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་སོང་པ་དང་བསྟུན་ཏེ། རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པའི་སྤྱོད་ངན་མིང་བྱང་དེ་ཡང་རྒྱལ་ཁབ་ཕྱི་རུ་ཐོན་ཡོད་སྟབས། ལོ་གཉིས་སྔོན་ལ་ནེའུ་ཡོག་དུས་བབ་ཀྱིས་རྩོམ་ཡིག་ཅིག་སྤེལ་ཡོད་པའི་ནང་། ‘ད་ལྟ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཆེས་དགའ་མོས་མི་བྱེད་པའི་ཡུལ་སྐོར་སྤྲོ་འཆམ་པ་རུ་གྱུར་པ་’ ཞེས་པ་དང་། ཕའོ་ཁོན་ཁྱེད་རང་གིས་ཉེ་ཆར་བརྩམས་པའི་ ‘དགའ་བསུ་མེད་པའི་ཀྲུང་གོ་པ’ ཞེས་པའི་དེབ་ཅིག་བཏོན་ཡོད་པའི་ནང་དོན་ཡང་ང་ཚོས་གླེང་བཞིན་པའི་གནས་ཚུལ་འདིའི་སྐོར་རེད། དེས་ན་ཁྱེད་ཀྱི་ལྟ་སྟངས་དང་དཔྱད་པ་ཞིག་གླེང་རོགས།

ཁྲིན་ཕའོ་ཁོན། དང་པོ་ང་ཚོས་ཧོང་ཀོང་དང་ཐའེ་ཝན་གླེང་། ལོ་རྟག་པར་རྒྱ་ནག་སྐམ་སའི་བུད་མེད་སྦྲུམ་མ་ཚོ་ཧོང་ཀོང་ལ་རྒྱུག་ནས་ཕྲུ་གུ་སྐྱེ་བཞིན་ཡོད་པ་དང་། ཀྲུང་གོ་བ་ཧོང་ཀོང་ལ་ཐོན་པ་དང་འོ་རྩམ་འཕྲོག་རེས་རྒྱག་གི་ཡོད་པ་རེད། དེ་བཞིན། ཧོང་ཀོང་གི་སྲང་ལམ་ནས་ཕྲུ་གུ་ཚོར་གཅིན་སྐྱག་གཏོང་བཅུག་པ་དང་། ས་འོག་མེ་འཁོར་ནང་ནས་ཁ་ལག་ཟ་བ་སོགས་བྱུང་ཡོད། ད་དུང་གནམ་ཐང་དུ་ཞབས་ཞུ་བས་ཁོ་ཚོའི་གཟུགས་པོར་རྟག་དཔྱད་བྱེད་སྐབས་ལག་འགུལ་ནས་རྒྱག་རེས་བྱེད་པ་སོགས་བྱུང་ཡོད་སྟབས། ཧོང་ཀོང་མི་ཚོས་རྒྱ་ནག་སྐམ་སའི་མི་ཡོང་དུས་འབུ་ཆ་གྭ་པ་བསླེབས་སོང་ཟེར་ཀྱི་ཡོད།

ཐའེ་ཝན་ནས་ཀྱང་གཅིག་པ་རེད་འབུ་ཆ་གྭ་པ་ཟེར། གནམ་ཐང་དང་སྲང་ལམ་ན་སྐད་ཅོར་ཆེན་པོ་རྒྱག་པ་དང་གནམ་གྲུ་ཏོག་ཙམ་རྗེས་ལུས་ཐེབས་དུས་ཁོ་ཚོས་ལམ་སང་རྙོག་དྲ་བཟོ་པ་མ་ཟད། ཡུལ་སྐོར་པ་གཞན་རྣམས་བཀག་ནས་འགྲོ་རུ་མི་བཅུག་པའི་བྱ་ངན་རྩོམ་བཞིན་ཡོད་སྟབས། ཐའེ་ཝན་ཉེན་རྟོག་པས་མེ་མདའ་བཏོན་ཏེ་སྟངས་འཛིན་བྱེད་དགོས་བྱུང་ཡོད། སྐར་མ་གཅིག་གི་ལམ་ཁ་ནས་མེད་པའི་གསང་སྤྱོད་ཟུར་དུ་བཞག་ནས་ཨ་མ་ཞིག་གིས་གནམ་ཐང་གི་མི་མང་འཛོམས་སར་བུ་ཕྲུག་ལ་བཙོག་པ་གཏོང་དུ་བཅུག་འདུག

སེང་གྷ་པུར་ནས་ཀྱང་གཅིག་པ་རེད། རྒྱ་ནག་གི་བུད་མེད་ཚོས་མ་ལི་ཤེ་ཡ་དང་ཧྥི་ལི་ཕིན། ཐེ་ལན་ཌི་སོགས་ཀྱི་སྨད་ཚོང་མའི་ཟ་ཕོར་འཕྲོག་གི་ཡོད་པ་མ་ཟད། མཐའ་ན་བུད་མེད་ཚོའི་མག་པའང་འཕྲོག་ཡོད་འདུག གཞན། སྐད་གྲགས་ཆགས་པའི་ཧྥེ་རིས་ Ferrari རླངས་འཁོར་དོན་རེད། རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཤིག་གི་བུས་སེང་གྷ་པུར་ནས་རླངས་འཁོར་དོན་རྐྱེན་བྱུང་སྟེ་རང་ཉིད་གྲོངས་པ་མ་ཟད། གླ་གཏོང་རླངས་འཁོར་ཞིག་གི་ཁ་ལོ་བ་ཡང་བསད་ཡོད། སྐབས་དེར་སེང་གྷ་པུར་གྱི་མི་མང་ཚོས་རྒྱ་ནག་གི་དཔོན་རིགས་ཚོའི་བྱིས་པ་དེ་དག་གི་སྤྱོད་པ་དེ་འདྲའི་སྡུག་པ་ལ་ཞེས་སྐད་གྲགས་ཆགས་ཡོད།

ཁེ་ན་ཌ་ནས་རྒྱ་ནག་པ་ཚོས་རང་གི་ཁེ་ཕན་རྫུན་བཟོ་བྱས་པ་མ་ཟད། ཨ་རི་ནས་ཀྱང་ཁེ་ཕན་རྫུན་བཟོ་བྱས་པ་དང་། རང་གི་ཐོབ་ཐང་རྫུན་བཟོ་བྱས་པ་སོགས་བྱུང་སྟབས། ད་ལྟ་རྒྱ་ནག་གླེང་སློང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། སྤྱིར་བཏང་དེ་ནི་རྒྱ་ནག་གི་མི་གཤིས་དམའ་རུ་སོང་པ་རེད། རྒྱ་ནག་ལ་རང་གཤིས་མཁྲེགས་པོ་དང་གཉོམ་ཆུང་གི་རང་གཤིས་དེ་དག་ཉམས་ཆགས་སུ་སོང་པ་དེ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད།

མདོ་འཛིན་པ། ང་ཚོས་འདི་ག་རེ་བྱས་ནས་བྱུང་པ་ཡིན་མིན་གྱི་དབྱེ་ཞིབ་བྱ་རྒྱུའི་ཐོག་མར་སྐུ་ཞབས་ཚའོ་ཁྲང་ཆིན་ལ་འདྲི། གོང་ནས་ང་ཚོས་ཁ་བརྡ་བྱས་པར་སྣང་ཚུལ་འདྲ་མིན་ཞིག་མཐོང་སོང་། མང་པོ་ཞིག་བརྒྱུད་ལམ་ཁག་ནས་བཏོན་པའི་གནས་ཚུལ་རེད། ལོ་བཅུ་ཕྲག་རིང་ཁྱེད་རང་གི་སྟེང་ལ་གནས་ཚུལ་འདི་འདྲ་བྱུང་བའི་ཉམས་མྱོང་ཡོད་དམ།

ཚའོ་ཁྲང་ཆིན། རེད། གོང་ནས་ཕའོ་ཁོན་གྱིས་མང་པོ་ཞིག་གླེང་སོང་། ཁོས་དེབ་ཅིག་བྲིས་ཡོད་པ་དེའང་འདིའི་སྐོར་གྱི་ཞིབ་འཇུག་རང་བཞིན་ཅན་ཞིག་རེད། འོན་ཀྱང་། ཁོས་བྲིས་བའི་དེབ་ནང་ལ་ཡོད་པ་མང་ཆེ་བ་ཁོ་རང་གི་སྟེང་ལ་བྱུང་བ་མ་རེད། ཁོས་ཀྱང་བརྒྱུད་ལམ་ཁག་ཏུ་མཐོང་བའི་གནས་ཚུལ་རེད། ཁོས་མཐོང་ཡོད་པའི་གནས་ཚུལ་ཁ་ཤས་ངས་ཀྱང་མཐོང་སོང་། གནས་ཚུལ་དེ་དག་བདེན་པ་རེད། རྒྱ་ཡིག་དང་དབྱིན་ཡིག་གི་གསར་ལམ་ཁག་ཏུ་ནམ་རྒྱུན་ཡོང་གི་ཡོད་པ་རེད།

ལམ་ལུགས་ཀྱི་ངོ་བོ་ནས་མ་གླེང་བར་རིག་གཞུང་གི་ངོ་བོའི་སྟེང་ནས་བཤད་ན། ཁྱོད་ཀྱིས་ཐའེ་ཝན་གྱི་མི་ལ་ཅུང་ཙམ་ཡ་རབས་གུས་བཀུར་ཡོད་པ་གསལ་བོར་ཚོར་ཐུབ། ལས་སླ་བོས་བཤད་ན། ཐའེ་ཝན་གྱི་མིས་ངའི་མདུན་ནས་ཚའོ་ཁྲང་ཆིན་ཞེས་འབོད་མཁན་ཡོད་པ་མ་རེད། ཁོ་ཚོས་སྐུ་ཞབས་ཚའོ་དང་། ཡང་ན་གུས་ལུགས་གཞན་ཞིག་གི་ཐོག་ནས་འབོད། ཚང་མར་ཧ་ཅང་ཡ་རབས་ཀྱི་འབོད་སྟེངས་ཤིག་ཡོད། གལ་སྲིད་ཁྱེད་རང་རྒྱ་ནག་ནང་ཡོད་ན་འདི་རིགས་མཐོང་མི་ཐུབ། གོང་ནས་ཁྱེད་ཀྱིས་གླེང་བའི་ཝོ་ཧོ་ཚི་རྒྱ་ནག་གི་གནའ་རྫས་གལ་ཆེན་ཞིག་གི་སྟེང་ཁོའི་མིང་བསྐོས་ཏེ། གནས་འདིར་ཡུལ་སྐོར་ཐེངས་ཤིག་བྱས་པ་ཡིན་ཟེར་བ་དེ། ཁོ་རང་མིང་གྲགས་ཅན་ཞིག་བྱ་འདོད་པ་དང་། རང་རློམ་ཆེ་དྲགས་པ་མ་ཟད། རང་རློམ་ཆེ་བའི་མཇུག་འབྲས་དེས། རང་དང་རང་གི་མི་རིགས། རང་གི་རྒྱལ་ཁབ་སོགས་ཀྱི་ཆེ་མཐོང་བརླག་བཅུག་པ་རེད།

མདོ་འཛིན་པ། ཁྲིན་ཕའོ་ཁོན་ཁྱེད་ཀྱིས་གོང་ནས་གླེང་པ་དང་ང་ལ་བག་ཆགས་གཏིང་ཟབ་མོ་ཞིག་ཡོད་པ་དེ་ནི། ལོ་སྔོན་མའི་ལོ་མཇུག་ལ་ཐེ་ལན་ཌིའི་གནམ་གྲུའི་གནས་ཚུལ་ཞིག་བྱུང་བ་དེ་རེད། རྒྱ་རིགས་བུད་མེད་ཡུལ་སྐོར་སྤྲོ་འཆམ་པ་ཞིག་གིས་ཐུག་པ་ཕོར་བ་གང་གིས་གནམ་གྲུའི་ཞབས་ཞུ་མའི་གདོང་ལ་གཞུས་པ་དང་། ད་དུང་མོས་རོགས་པ་སྐྱེས་པ་ཁག་ཅིག་གིས་གནམ་གྲུའི་ནང་འབར་རྫས་གས་གཏོར་བྱ་རྒྱུ་ཡིན་སྐོར་བཤད་དེ། གནམ་གྲུ་ཕྱིར་བྷན་ཁོག་ (Bangkok) ལ་ལོག་སྟེ་ཉེན་རྟོག་པས་མི་དེ་དག་འཛིན་བཟུང་བྱས་ཡོད་པ་དེ་རེད། གནས་ཚུལ་འདི་དག་མཐོང་ཡོང་དུས་ང་རང་ཡང་རྒྱ་མི་ཞིག་ཡིན་པའི་ངོས་ནས། སྔོན་ཆད་རྒྱ་མི་རིགས་དེ་ཡ་རབས་སྤྱོད་བཟང་ཞིག་ཡིན་ཡང་། ད་ལྟ་འདི་ལྟ་བུ་ཞིག་ལ་ཇི་ལྟར་གྱུར་བ་རེད་དམ་སྙམ་པའི་སེམས་ཚོར་དེ་ཤུགས་ཆེན་པོ་ཡོང་གི་འདུག

ཁྲིན་ཕའོ་ཁོན། དེ་རིང་གི་རྒྱ་ནག་དར་རྒྱས་བྱུང་ནས་ཀྲུང་གོ་པའི་སྐེད་པའི་དངུལ་ཁུག་སྤོས་ནས་རྒྱུ་ཆེན་ཆགས་པ་རེད། འཛམ་གླིང་ག་ས་གང་དུ་ཡུལ་སྐོར་སྤྲོ་འཆམ་ལ་འགྲོ་བཞིན་འདུག ཉི་ཧོང་གི་འགྲེམ་སྟོན་ཁང་དུ། ཅ་དངོས་ལ་ལག་པ་མ་འཆིང་ཞེས་བྲིས་ཡོད་པ་མཐོང་བཞིན་དུ་ལག་པ་འཆིང་བ་དང་། ཚོད་ལྟ་བྱས་མི་ཆོག་པའི་གྱོན་ཆས་རིགས་ཨུ་ཚུགས་ཀྱིས་གྱོན་ཏེ་ཚོད་ལྟ་བྱས་ཡོད།

ལོ་སྔོན་མའི་ཟླ་ ༡༢ ནང་ཐེ་ལན་ཌིའི་གནམ་གྲུ་ཞིག་གི་ནང་དུ། རྒྱ་ནག་གི་བུད་མེད་གཅིག་གིས་ཐུག་པ་སྐམ་པོ་ཆུ་ཁོལ་ནང་སྦང་ཆེད། ཞབས་ཞུ་མར་ཆུ་ཁོལ་འཁྱེར་ཤོག་ལབ་འདུག ཞབས་ཞུ་མས་ཅུང་ཙམ་དལ་འགོར་བྱས་ཡོད་སྟབས། ཆུ་ཁོལ་འཁྱེར་ཡོང་མ་ཐག་ཞབས་ཞུ་མའི་གདོང་ལ་གཏོར་འདུག ཁོ་ཚོའི་བར་ཁ་རྩོད་བྱུང་མ་ཐག བུད་མེད་དེའི་རོགས་པ་སྐྱེས་པ་གསུམ་གྱིས་ཀྱང་བུད་མེད་དེར་རྒྱབ་རྩ་བྱས་ཏེ། གནམ་གྲུའི་ནང་ནས་སྐད་ཅོར་བརྒྱབ་འདུག ད་དུང་ང་ཚོར་སྒོར་མོ་མི་འདུག་བསམ་པ་ཡིན་ནམ། ཞེས་སྒོར་མོ་ཕྱི་ལ་བཏོན་འདུག གནམ་གྲུའི་ནང་འབར་རྫས་ཀྱིས་གས་གཏོར་བྱ་རྒྱུ་ཡིན་ཞེས་པ་དང་། མཚམས་ཤིག་ལ་ང་ལ་སེམས་ནད་ཡོད། ངས་རང་ཤི་རྒྱག་རྒྱུ་ཡིན་སོགས་ལབ་འདུག དངོས་གནས་བྱས་ན། གནམ་གྲུའི་ནང་ཟ་མ་ག་རེ་དགོས་ཀྱང་ཡོད་པ་རེད། སོ་སོ་སྒེར་གྱི་ཁུག་མའི་ནང་ནས་ཐུག་པ་སྒམ་པ་བཏོན་ཏེ། གནམ་གྲུའི་ཞབས་ཞུ་མར་ཆུ་ཁོལ་འཁྱེར་ཤོག་ལབ་ན་འགྲིག་གི་རེད་དམ།

མདོ་འཛིན་པ། འད་དག་གོ་ཡོང་དུས་ཁོ་ཚོ་ཧ་ཅང་རང་ཉིད་གཙོ་འཛིན་ཅན་རྐྱང་རྐྱང་རེད་འདུག

ཁྲིན་ཕའོ་ཁོན། དེ་ནི་མགོ་བདེ་ཁྲེལ་མེད་འཁྲབ་པ་རེད། རྒྱ་ནག་མི་ཡོངས་རྫོགས་མགོ་བདེ་ཁྲེལ་མེད་འཁྲབ་མཁན་རེད་ལབ་ན་འགྲིག་གི་ཡོད། དོན་དངོས་སུ་ལམ་ལུགས་ཡོངས་རྫོགས་མགོ་བདེ་ཁྲེལ་མེད་རེད། དེ་བཞིན་རྒྱ་ནག་གི་མགོ་ཁྲིད་རིམ་པ་ནི་མགོ་བདེ་ཁྲེལ་མེད་གྱི་མགོ་ཁྲིད་དང་། གོང་དཔེ་ལད་ཟློས་བྱས་ཏེ་དཔོན་ངན་ལ་གཡོག་ངན་དང་། ཆུའི་མགོ་ཁུངས་རྙོག་ཏེ་ཆུ་གཞུག་ཡོངས་རྫོགས་སྦགས་བཙོག་བཟོས་པ་རེད།

རྒྱ་ནག་ནང་དུ་མི་གཅིག་གིས་གཅིག་ལ་རོགས་སྐྱོར་བྱ་རྒྱུར་ཡང་ཞེད་དགོས་པའི་གནས་སྟངས་ཆགས་ཡོད། སྔོན་ཆད་སྐྱེས་པ་ཞིག་དང་ཁོའི་རོགས་པ་གཉིས་ཀྱིས་རྨོ་མོ་ཞིག་ས་ལ་འགྱེད་ཡོད་པ་ཡར་བསླངས་པར། རྨོ་མོ་དེས་ཁོ་གཉིས་ཁྲིམས་གཏུག་བྱས་འདུག་པ་མ་ཟད། རྗེས་སུ་མོ་ས་ལ་འགྱེད་པའི་སྨན་རིན་ཡང་ཁོ་གཉིས་ལག་ནས་འཕྲོག་འདུག གནས་ཚུལ་དེ་དང་འབྲེལ་ནས་རྒྱ་ནག་ནང་མི་ས་ལ་འགྱེད་ཡོད་ན་ཡར་བསླང་ན་འགྲིག་གི་ཡོད་མེད་ཀྱི་རྩོད་གླེང་ཞིག་བྱུང་བ་རེད། དགོད་བྲོ་བ་ཞིག་ལ། དགོང་མོ་ཞིག་ལ་ཧྲང་ཧེ་ས་འོག་མེ་འཁོར་ནང་ཕྱི་གླེང་བ་ཞིག་ས་ལ་འགྱེད་སྐབས། སྐར་ཆ་ ༡༠ ནང་མེ་འཁོར་ནང་གི་རྒྱ་མི་ཚང་མ་ཕྱིར་བྲོས་པ་མ་ཟད། མི་མང་བོས་ཞེད་སྣང་གིས་འཚང་ཁ་བརྒྱབ་སྟེ་མགོ་དང་རྐང་ལག་སྒོ་དང་སྒེའུ་ཁུང་ལ་བརྡབ་ནས་རྨས་སྐྱོན་བཟོས་ཡོད།

སྣང་བརྙན་འདི་རིགས་རྒྱལ་ཁབ་གཞན་ལ་ཕལ་ཆེར་མཐོང་རྒྱུ་མེད་པ་དང་། གལ་སྲིད་ཡོད་ནའང་ཉུང་ཉུང་ཡིན་རྒྱུ་རེད། འོན་ཀྱང་། རྒྱ་ནག་ནང་ལ་ག་རེ་བྱས་ནས་བྱུང་པ་རེད། ང་ཚོས་མི་གཤིས་སྟེང་གི་གནད་དོན་འཚོལ་དགོས་པ་མ་ཟད། དེ་དང་འབྲེལ་ནས་སྤྱི་ཚོགས་ཀྱི་སློབ་གསོ་ཞིག་གམ་ལམ་ལུགས་ཤིག་གི་རྩ་བ་འཚོལ་དགོས་པ་རེད། ཉེ་བའི་དུས་རབས་ཕྱེད་ཀའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་ཕུན་ཚོགས་ཀུན་སྤྱོད་རྩ་མེད་དུ་ཕྱིན་དང་འགྲོ་བཞིན་ཡོད། བཅོས་བསྒྱུར་སྒོ་འབྱེད་ཟེར་བ་དང་། ཕྱུག་པོ་གསར་བའི་དུས་རབས་ཟེར་བ། རྒྱ་ནག་ཡུལ་གྱི་གཤེད་མ་དང་། མི་དྲག་ངན་པ་ཟེར་བ་དེ་དག་གིས་རྒྱ་ནག་གི་ཀུན་སྤྱོད་དེ་རྩ་མེད་བཟོ་བཞིན་འདུག

མདོ་འཛིན་པ། སྐུ་ཞབས་ཚའོ་ཁྲང་ཆིན་ལགས་ཁྱེད་ཀྱི་མཐོང་ཚུལ་གསུང་ན་འགྲིག་གམ། ག་རེ་བྱས་ནས་རྒྱ་མི་མང་པོ་ཞིག་གི་སྟེང་དུ་གུས་བཀུར་ཞེས་པའི་ཚིག་འབྲི་དེ་གཉིས་མེད་སོང་པ་རེད།

ཚའོ་ཁྲང་ཆིན། གོང་ནས་ཕའོ་ཁོན་གྱིས་གླེང་བའི་ལམ་ལུགས་ཀྱི་གནད་དོན་རེད་ཅེས་པ་དེའི་སྟེང་ངས་ཀྱང་གལ་ཆེན་བྱས་ནས་འདིའི་སྟེང་བཤད་འདོད་བྱུང་སོང་། དེང་སྐབས་ཐའེ་ཝན་མི་མང་བརྒྱ་ཆ་ ༦༠ ཡིས་ཁོ་ཚོ་རྒྱ་མི་མིན། ཐའེ་ཝན་ཡིན་ཟེར་གྱི་ཡོད། ཁོ་ཚོ་རྒྱ་མི་ཡིན་ཟེར་རྒྱུར་ངོ་ཚ་ཡི་ཡོད་པ་རེད། ང་ཚོས་ཐའེ་ཝན་མི་གླེང་། ང་ཚོས་ཨ་རི་དང་ཕྱི་ལོགས་སུ་རྒྱ་རིགས་ཁྲི་སྟོང་མང་པོ་དང་བསྡུར་དང་། ཨ་རིའི་བརྒྱུད་ལམ་ཁག་ཏུ་ག་རེ་བྱས་ནས་ཨ་རིར་སྡོད་པའི་རྒྱ་མི་ཚོར་ཉོབ་སྣང་གི་གནས་ཚུལ་འཐོན་རྒྱུ་མེད་པ་རེད། ཨ་རིར་སྡོད་པའི་རྒྱ་མི་ཚོ་ཡ་རབས་མིན་པ་དང་གུས་བཀུར་མེད་ཚུལ་ཅིའི་ཕྱིར་མ་གླེང་བ་རེད། ག་རེ་བྱས་ནས་རྒྱ་ནག་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་གླེང་དགོས་ཐུག་པ་རེད། རྒྱ་མི་ཡིན་པ་གཅིག་པ་ཡིན་ཡང་། ཅིའི་ཕྱིར་རྒྱ་ནག་ནས་ཡོང་བའི་རྒྱ་རིགས་ཚོ་དེ་འདྲའི་བྱ་སྤྱོད་ངན་པ་དང་། ཨ་རིར་སྡོད་པའི་རྒྱ་རིགས་ཚོ་ཡག་པོ་ཆགས་པ་རེད། འདི་ནི་རིག་གནས་ཤིག་གི་གནད་དོན་རེད། རིག་གནས་དེ་ནི་མི་གཤིས་ཀྱི་རིག་གནས་ཤིག་དང་ཡ་རབས་ཀྱི་རིག་གནས་ཤིག བཟོ་བཅོས་བྱས་ཟིན་པའི་རིག་གནས་ཤིག དམངས་གཙོའི་ལམ་ལུགས་ཀྱི་རིག་གནས་ཤིག་ལ་ཐུག་ཡོད་པ་རེད།

གཞན། ཨ་རིའི་ནང་མི་ཁྲམ་པ་ཞིག་གོང་རིམ་མགོ་གཙོ་བྱ་ཐུབ་རྒྱུ་རེད་དམ། ལམ་སང་མང་ཚོགས་ཀྱིས་ཁོའི་ནག་ཉེས་གླེང་གི་རེད་ལ་ཁྲིམས་ཐོག་ནས་ཀྱང་ཁོ་ལ་ཁེ་ཕན་རག་ཐབས་ཡོད་པ་མ་རེད། རྒྱ་ནག་ལ་ག་རེ་མ་འགྲིག་པ་རེད། གོང་ནས་ཁྲིན་ཕའོ་ཁོན་གྱིས་གླེང་པའི་ཁྲིན་ཀོང་པའུ་ཡིས་རྟགས་བསྟན་པའི་གནད་དོན་དེ་རེད། རྒྱ་ནག་ལ་མྱོན་པ་དང་ཨ་Q ནི་རྒྱུན་ལྡན་རེད། ༼ཨ་Q ཞེས་པ་ནི་རྒྱ་ནག་གི་ཉེ་རབས་རྩོམ་པ་པོ་ལུའུ་ཞུན་གྱིས་བྲིས་པའི་བརྩམས་སྒྲུང་ཞིག་གི་ནང་ནས་མི་སྣ་གཙོ་བོ་དང་ཆེས་དགོད་བྲོ་བ། སྤྱོད་པ་ཧ་ཅང་ཐ་ཤལ་ཅན་ཞིག་ཡོད་པ་དེ་ལ་ཟེར།༽ སྤྱི་ཚོགས་ཀྱང་ཕལ་ཆེར་དེ་འདྲ་ཡིན་སྲིད། ཁྲིན་ཀོང་པའུ་ནི་རྒྱ་ནག་གི་ངལ་རྩོལ་རྩེ་ཕུད་ཀྱི་མི་སྣ་ཞིག་དང་། རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཨུ་ཡོན་ཞིག་ཀྱང་རེད་འདུག འདི་ལྟ་བུའི་ཆབ་སྲིད་ཨུ་ཡོན་ད་དུང་བསྡད་ཡོད་པ་རེད། གུང་ཁྲན་ཏང་གིས་རིན་ཐང་ག་འདྲ་ཞིག་བསྐྲུན་ཡོད་དམ།

 དེ་རིང་ང་ཚོས་ཕྱི་སྡོད་རྒྱ་ནག་པ་ཚོ་དང་མི་བསྡུར། རྒྱ་ནག་མེན་གོ་སྐབས་དང་བསྡུར། གློག་བརྙན་དང་སྒྲུང་གཏམ་སོགས་ལས་སྐབས་དེའི་མི་རྣམས་ལ་ལྟོས་དང་། སྐབས་དེར་ཅ་དངོས་གཡར་པ་དང་ཟ་ཁང་ནས་ཟ་མ་བཟོས་རྗེས་ཐོ་འགོད་བྱས་ཏེ། ཟླ་མཇུག་ལ་སྤྲད་ཆོག་པ་ལྟ་བུའི་ཕན་ཚུན་ལ་ཡིད་ཆེས་ཡོད་པ་རེད། ད་ལྟ་རྒྱ་ནག་གི་མི་ཚོར་ཡིད་ཆེས་ཡོད་དམ། རྩ་བ་ནས་ཡོད་པ་མ་རེད། ད་ལྟའི་རྒྱ་ནག་གི་མི་རྣམས་ཕ་མ་བུ་ཕྲུག་བར་དང་། ཕུ་ནུ་མིང་སྲིང་བར། གྲོགས་པོ་ཕན་ཚུན་བར་སོགས་ལ་ཡིད་ཆེས་མེད་པའི་གནས་ཚུལ་འདི་དག་ཡོངས་རྫོགས་ལམ་ལུགས་ཤིག་དང་ཐད་ཀར་འབྲེལ་བ་ཡོད།

མདོ་འཛིན་པ། དེས་ན་ཁྱེད་རང་ཚོས་གསུངས་པའི་ལམ་ལུགས་དང་། གུང་ཁྲན་ཏང་གིས་རྒྱལ་སྲིད་གཡོ་འཕྲོག་བྱས་ཏེ་རྒྱ་ནག་གི་སྲིད་སྐྱོང་པ་ངས་ཤེས་ཀྱི་ཡོད། རྒྱ་ནག་གི་གནའ་བོའི་རིག་གཞུང་ནི་ཕན་སེམས་དང་དྲང་བདེན། སྤྱོད་བཟང་། ཤེས་རབ། ཡིད་ཆེས་སོགས་གཙོ་བོ་ཡིན། འོན་ཡང་། གུང་ཁྲན་ཏང་སྲིད་སྐྱོང་གིས་ག་རེ་བྱས་ནས་རིག་གཞུང་འདིའི་ཤུན་པགས་བཤུས་པ་རེད་དམ། ཁྲིན་ཕའོ་ཁོན། སོན་ཆིན་ལིན་ (Song Qingling) ནི་ལོ་རབས་སྔོན་མའི་ནང་གི་བུད་མེད་འབྲང་རིམ་ཞིག་ཡིན་ཡང་། རྒྱ་ནག་གསར་བའི་སྐབས་སོན་ཀྲོན་ཧྲན་ (Sun Zhongshan) གྱི་ཡུགས་མོ་དེ་མཐོང་དཀོན་པའི་རྩ་ཆེན་ཞིག་ཏུ་གྱུར་འདུག མཇུག་མཐར་རིག་གནས་གསར་བརྗེ་སྐབས་མོས་རང་གི་ཕུག་རོན་བསད་ཡོད་པ་དང་། མེ་ཏོག་སྟེང་ལ་ཆུ་ཁོལ་བླུགས་ནས་བསད་ཡོད་འདུག འདི་དག་ནི་འབྱོར་ལྡན་གྲལ་རིམ་གྱི་ཉམས་འགྱུར་རེད། མོས་མོ་རང་གི་གྱོན་པ་ལྭ་རིང་སྐུང་ནས་ཇེམ་ཙེ་ཡིས་གཏུབ་པའི་དུས་ལ་བསླེབས་པ་འདི་ནི་འབྱོར་ལྡན་གྲལ་རིམ་གྱི་ཉམས་འགྱུར་སྟོན་ཆེད་རེད། དམིགས་བསལ་རིག་གནས་གསར་བརྗེ་སྐབས་གསོད་གཏུབ་ཀྱི་ཤུགས་རྐྱེན་དེ་ཧ་ཅང་ཛ་དྲག་རེད། གུས་གསོལ་ཡག་པོ་ཡོད་ཚད་རྩ་བ་ནས་གཙང་འཕྱག་བྱས་ཡོད་པ་རེད། སློབ་མས་དགེ་རྒན་ལ་གཅར་རྡུང་བྱས་ནས་བསད་ཡོད་པ་དང་། བུ་ཕྲུག་གིས་ཕ་མར་སྐྱོན་བརྗོད་བྱས་ཏེ་སྲོག་ཁྲིམས་བཅད་པ། ད་དུང་བཟའ་ཟླ་དང་ཕུ་ནུའི་བར། རྙིང་པ་ཡོངས་རྫོགས་དང་རིན་ཐང་ཡོད་ཆ་ཚང་གཏོར་བཤིག་བཏང་ཡོད།

འོན་ཀྱང་། ད་ལྟ་ང་ཚོས་ཡ་མཚན་གྱི་སྣང་ཚུལ་ཞིག་མཐོང་བ་ནི། གུང་ཁྲན་ཏང་གིས་ད་དུང་རྒྱ་ནག་གི་སྲོལ་རྒྱུན་མཛེས་དཔྱོད་དང་རིག་གཞུང་། ད་དུང་ཁུང་ཙི་སོགས་གླེང་གི་ཡོད་ཀྱང་། དངོས་གནས་བྱས་ན་ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དེ་ཁྱེད་ཀྱིས་བཙལ་དགོས་ན་རྒྱ་ནག་ནང་ནས་རྙེད་ཐུབ་མེད། ཁྱོད་ཀྱིས་ཐའེ་ཝན་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་སུ་མཛེས་སྡུག་གི་ཤུལ་ལྷག་མཐོང་ཐུབ་ངེས་ཡིན། ཐའེ་ཝན་མི་ཚོའི་སྟེང་ནས་ཁྱོད་ཀྱིས་ལྷག་བསམ་རྣམ་དག་དང་དྲང་པོ་དྲང་བཞག དྭངས་གཙང་སོགས་ཀྱི་སྲོལ་རྒྱུན་གྱི་བྲོ་བ་སྟུག་པོ་ཞིག་རྙེད་ཐུབ།

ངའི་དེབ་འདིའི་ནང་ལ་རྒྱ་ནག་དེང་རབས་ཕྱོགས་ལ་གོམ་པ་མ་སྤོས་སྔོན་ནས་སྲོལ་རྒྱུན་རིག་གནས་གཡུགས་ཚར་བ་རེད། ཉི་ཧོང་དང་ལྡོག་ཟླ་རེད། ཉི་ཧོང་ན་གཉིས་ཆ་ཡོད། སྲོལ་རྒྱུན་ཉར་ཚགས་བྱས་པ་དང་། དཔེར་ན། གྱོན་པ་དང་མེ་ཏོག་འཛུགས་སྟངས། ཇ་ལྡུག་སྟངས་སོགས་ཉར་ཡོད། ཁོ་ལ་དེང་རབས་ཀྱི་དགོས་པ་ཆ་ཚང་ཡོད། དཔེར་ན། དམངས་གཙོའི་ལམ་ལུགས་དང་། སྨྲ་བརྗོད་རང་དབང་། ད་དུང་མི་ལ་བརྩི་འཇོག་སོགས་ཆ་ཚོང་ཡོད། ཁོ་ཚོས་མགོ་གུག་ནས་བརྩི་བཀུར་བྱེད་སྟངས་ཧ་ཅང་ཡག་པོ་ཞིག་ཡོད། དེ་འདྲ་ཡིན་དུས། ངས་དེབ་ཀྱི་རྒྱབ་ཤོག་སྟེང་ལ་སྐད་ཆ་ཅིག ཀྲུང་གོ་མི། ཧོང་ཀོང་མི། ཐའེ་ཝན་མི། ག་རེ་བྱས་ནས་རྒྱུ་གཅིག་རིགས་གཅིག་ཡིན་ཡང་གཤིས་སྤྱོད་མ་གཅིག་པ་རེད་དམ། ཚང་མ་རྒྱ་མི་རེད། ང་ཚོས་གླེང་པའི་མིའི་གཤིས་ཀ་ཡི་རྩ་བ་གང་ནས་ཡོང་པ་རེད། ག་རེ་བྱས་སོང་བ་རེད་ཅེས་བཀོད་ཡོད། གང་ཡིན་ཞེ་ན། ཧོང་ཀོང་དང་ཐའེ་ཝན་གྱི་རྒྱ་མི་ཚོས་སྲོལ་རྒྱུན་གྱི་མཛེས་དཔྱོད་དེ་བོར་ཡོད་པ་མ་རེད། ཁོ་ཚོར་རིག་གནས་གསར་བརྗེ་ཡི་གོད་ཆག་གི་བརྒྱུད་རིམ་དང་། གུང་ཁྲན་ཏང་གི་འདི་འདྲའི་གཙང་བཅོམ་མ་ལུས་ཀུན་འཕྲོག་གིས་ཀླད་པ་བཀྲུས་ཡོད་བ་མ་རེད།

གཞན་ད་དུང་ལམ་ལུགས་སྟེང་རེད། དཔེར་ན། རང་དབང་གི་ཧོང་ཀོང་དང་། དམངས་གཙོའི་ཐའེ་ཝན། ཁྲིམས་སྐྱོང་གི་སེང་གྷ་པུར། ཤུགས་རྐྱེན་བཟང་བོ་ཐེབས་པའི་ཁོ་ཚོའི་མི་གཤིས་དང་རྒྱ་ནག་སྐམ་སའི་རྨིག་ལྕགས་འོག་གི་མི་གཤིས་དང་རྩ་བ་ཉིད་ནས་འདྲ་བོ་ཡོད་མ་རེད། དེ་ཚིག་ཅིག་རེད། རྒྱ་ནག་སྐམ་ས་ནས་ཡོང་བའི་མི་དེ་དག་རང་སྲོག་བློས་གཏོང་གི་དངོས་པོ་རེད། གུང་ཁྲན་རྨིག་ལྕགས་འོག་གི་བེད་སྤྱོད་མེད་པའི་དངོས་པོ་རེད།

མདོ་འཛིན་པ། སྐུ་ཞབས་ཚའོ་ཁྲང་ཆིན་ལགས། གོང་ནས་ང་ཚོས་རྒྱ་མི་ཚོར་དགའ་བསུ་མི་བྱེད་པ་དང་ཡ་རབས་བཟང་སྤྱོད་མེད་པའི་སྣང་ཚུལ་དེ་དག་གིས་མི་སེམས་ལ་སྡུག་བསྔལ་ཞིག་སྐྲུན་གྱིན་ཡོད། འོན་ཀྱང་། མི་ཁ་ཤས་ཀྱིས། སྔོན་ཐོན་གྱི་རྒྱལ་ཁབ་དེ་དག་གི་མི་གཤིས་ཀྱང་ཉིན་གཅིག་གཉིས་ལ་ཡོང་པ་ཞིག་མིན་སྟབས། དུས་ཚོད་ཀྱི་འཕེལ་རིམ་ཁྲོད་ནས་འགྱུར་བ་འབྱུང་བར་ཡིད་ཆེས་བྱེད་ཀྱིན་ཡོད། སྐམ་ས་ཆེན་མོའི་ཡུལ་སྐོར་བ་ཚོ་ཡང་ཅང་མ་འགོར་བར་བརྗེ་བོ་བརྒྱག་གི་རེད་ཟེར་གྱིན་འདུག ཁྱེད་ལ་བཤད་ཚུལ་དེར་ལྟ་སྟངས་ག་འདྲ་ཡོད་དམ།

ཚའོ་ཁྲང་ཆིན། ཡིན་དང་ཡིན། ཁྱོད་ཀྱིས་བཤད་པར་མི་གཤིས་ལ་མ་འདྲ་བ་ཡོད་ཀྱང་། རྒྱ་ནག་ལ་དམིགས་བསལ་གྱི་གཤིས་ཀ་ཞིག་ཡོད་པ་དང་། དམིགས་བསལ་གྱི་གཤིས་ཀ་འདི་ལམ་ལུགས་དང་རིག་གནས་ལ་འབྲེལ་བ་ཡོད། གོང་ནས་ཕའོ་ཁོན་གྱིས་གླེང་བ་ལྟར། རྒྱ་མིས་གསང་སྤྱོད་ནང་གི་ཤོག་བུ་སོགས་འཁྱེར་འགྲོ་བཞིན་ཡོད་སྟབས། ཚད་མཐོའི་ལྕགས་ལམ་མེ་འཁོར་སོགས་ཀྱི་གསང་སྤྱོད་ནང་ཅ་དངོས་རྩ་ཆེན་ཞིག་ཡོད་པ་ལྟར་སྒོར་ལྕགས་བརྒྱབ་འདུག ཐའེ་ཝན་ནས་ང་ཐེངས་མང་ལ་ཚད་མཐོའི་ལྕགས་ལམ་མེ་འཁོར་ནང་སོང་པ་དང་། ཚད་མཐོའི་ལྕགས་ལམ་མེ་འཁོར་གྱི་གསང་སྤྱོད་དག་ལ་དེ་འདྲ་མི་འདུག ངས་འདི་ནི་རྒྱ་ནག་དེ་འདས་པའི་ལོ་མང་རིང་དབུལ་ཕོངས་ཆགས་པར་འབྲེལ་བ་འདུག་བསམ་གྱི་ཡོད། གུང་ཁྲན་ཏང་གི་སྤྱི་ཚོགས་རིང་ལུགས་དང་རྒྱལ་ཁབ་གཅིག་ལ་སླ་ང་ཆེན་པོ་གཅིག་གི་ལམ་ལུགས་ག་ས་གང་ལ་ཡོད་ཀྱང་འགྲིག་འགྲོ་བཞིན་ཡོད། འོན་ཀྱང་། རྒྱ་ནག་ལ་དབུལ་ཕོངས་ཀྱིས་བཟོས་པའི་ཤུགས་རྐྱེན་ད་དུང་བཅོས་བསྒྱུར་བྱས་མེད་པ་དང་། སློབ་སྦྱོང་དང་བསྐྱར་གསོ་ལྷག་འདུག ཉི་ཧོང་གི་སློབ་ཆུང་ནས་མགོ་བཙུགས་ཏེ་རྒྱལ་ཁབ་ཀྱི་སྒྲིག་ཁྲིམས་ལྟར་སློབ་གྲྭའི་འགན་འཛིན་དང་དགེ་རྒན་ཚོས་མཉམ་དུ་ཁ་ལག་ཟ་བ་དང་ཟ་མའང་གཅིག་པ་རེད། དེ་ནས་སློབ་ཆུང་སློབ་མ་ཚོས་རང་གིས་ཕོར་བ་འཁྱེར་ནས་རང་གིས་བཀྲུས་ཏེ་གཙང་མ་བྱས་ནས་འཇོག་གི་ཡོད། རྒྱ་ནག་ལ་འདིའི་སྐོར་གྱི་སློབ་གསོ་མེད། ད་ལྟའི་རྒྱ་ནག་གི་ཡོད་ཚད་ཁྲེལ་མེད་རང་བཞིན་ཞིག་ཏུ་གྱུར་འདུག མང་ཚོགས་ཁྲེལ་མེད་ཡིན་པ་མ་ཟད། མགོ་ཁྲིད་ཚོའང་ཁྲེལ་མེད་རེད། དཔེར་ན། པའོ་ཞི་ལེ་འཛིན་བཟུང་བྱས་མེད་ན། ད་ལྟ་ད་དུང་ཡང་གུང་ཁྲན་ཏང་གི་མགོ་ཁྲིད་རེད། ཀྲུའུ་ཡོན་ཁཱང་ཡང་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་རེད། ད་འདི་དག་མི་ག་འདྲ་འདུག

མདོ་འཛིན་པ། ང་ཚོའི་ལེ་ཚན་མཇུག་སྒྲིལ་གྲབས་འདུག ཚའོ་ཁྲང་ཆིན་ཁྱེད་ཀྱིས་ལྟད་མོ་བ་ཚོའི་ཁ་པར་གྱི་དྲི་བར་ལན་ག་རེ་བསྐྱོན་འདོད་ཡོད་དམ།

ཚའོ་ཁྲང་ཆིན། ང་རྒྱ་ནག་གི་རེ་འདུན་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། གོང་གིས་སྐྱེས་དམན་གྱིས་མ་འོངས་པ་རྒྱ་ནག་འགྱུར་བ་ག་རེ་འགྲོ་གི་རེད་ཟེར། མ་འོངས་པར་ཇེ་བཟང་དུ་ཡོང་གི་རེད། མིའི་རྒྱུ་སྤུས་གནད་འགག་མ་རེད། རྒྱ་ནག་ག་རེ་བྱས་ནས་འདི་འདྲའི་མ་རབས་ཐ་ཤལ་ཞིག་ཆགས་པ་རེད་ཟེར་ན། ཁྱོད་ཀྱི་རིག་གནས་ལ་གནད་དོན་ཡོད་པ་རེད། རིག་གནས་ཀྱི་གནད་དོན་ག་རེ་རེད། གུང་ཁྲན་ཏང་གིས་བཟོས་པའི་རིག་གནས་རེད། མགོ་སྐོར་གཏོང་བྱེད་ཀྱི་རིག་གནས་རེད། རིག་གནས་འདི་ག་རེ་བྱས་ནས་བཅོས་བསྒྱུར་བྱ་དགོས་སམ། ལམ་ལུགས་དང་རིག་གནས། མི། ཕྱོགས་གསུམ་ལྕགས་ཐག་བཞིན་རྒྱུས་ཏེ་ཕན་ཚུན་འཐམས་ཡོད། ལྕགས་ཐག་འདི་གཏོར་དགོས་ན། དང་པོ་ལམ་ལུགས་འདི་གཏོར་དགོས། ལམ་ལུགས་འདི་གཏོར་ཐུབ་པ་ཡིན་ན། ད་གཟོད་རྒྱ་ནག་གི་སྲོལ་རྒྱུན་རིག་གནས་ཀྱི་འཕེལ་རྒྱས་རྒྱུན་སྐྱོང་བྱ་ཐུབ་ལ། དེ་ནས་རིམ་བཞིན་ནུབ་ཕྱོགས་ཀྱི་ཡ་རབས་རིག་གནས་ནང་འདྲེན་བྱེད་དགོས། འདི་ལྟར་བྱས་ན། རིམ་གྱིས་རྒྱ་མི་རིགས་ཀྱི་བསམ་བློའི་གནས་ཚད་ཡར་རྒྱས་འགྲོ་ཐུབ། ལམ་ལུགས་བཅོས་བསྒྱུར་བྱ་རྒྱུ་ཐོག་མ་རེད། ལམ་ལུགས་བཅོས་བསྒྱུར་བྱས་རྗེས། རིག་གནས་བཅོས་བསྒྱུར་བྱེད་དགོས་པ་དང་། དེའི་རྗེས་ལ་མི་བཅོས་བསྒྱུར་བྱ་དགོས།

གསར་འགོད་པ། འཇིགས་མེད་རྒྱ་མཚོས་བསྡུ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese