མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མཛངས་མའི་འགྲན་སྡུར་ཚོཊ་ལ་ཉེ།

བོད་ཀྱི་དུས་བབ།
༢༠༡༥/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ཕྱི་ཟླ་ ༦ ཚེས་༧ ཉིན་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་འཚོགས་རྒྱུ་ཡིན་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མཛངས་མའི་འགྲན་སྡུར་གོ་སྒྲིག་པ་བློ་བཟང་དབང་རྒྱལ་ལགས་སུ། འདི་ལོའི་བོད་ཀྱི་མཛངས་མའི་འགྲན་སྡུར་ག་དུས་འཚོགས་འཆར་ཡོད་མེད་དྲིས་པར། བོད་ཀྱི་མཛངས་མའི་དྲ་རྒྱ་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༢ ནས་འདི་ལོའི་ཕྱི་ཟླ་ ༤ པའི་ཟླ་མཇུག་བར་སྙན་ཞུ་སྤྲོད་དགོས་པའི་གསལ་བསྒྲགས་སྤེལ་ཡོད་ལ། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་དྷ་རམ་ས་ལའི་བོད་ཀྱི་ཟློས་གར་ཁང་དུ་དངོས་གཞིའི་འགྲན་སྡུར་འཚོགས་རྒྱུ་ཡིན་སྐོར་བརྗོད་བྱུང་།

འདི་ལོའི་མཛངས་མའི་འགྲན་སྡུར་ནང་སྙན་ཞུ་རྒྱག་མཁན་ག་ཚོད་བྱུང་ཡོད་དྲིས་པར་ཁོང་གིས། ལྷོ་ཕྱོགས་ནས་བུ་མོ་༢ དང་རྡེ་ར་རྡུན་ནས་གཅིག་བཅས་བུ་མོ་ ༣ གྱིས་སྙན་ཞུ་བརྒྱབ་སོང་། ཡིན་ནའང་། དངོས་གཞིའི་ནང་ཚང་མ་ཡོང་ཐུབ་ཀྱི་ཡོད་མེད་བཤད་ཚོད་ཐུག་གི་མ་རེད། གལ་སྲིད་ཁོང་ཚོ་གསུམ་ག་ཡོང་གི་ཡོད་ན། ཕྱི་ཟླ་ ༦ ཚེས་ ༤ ཉིན་འགྲན་ཞུགས་པ་རྣམས་དྷ་རམ་ས་ལར་འཛོམས་རྒྱུ་དང་། ཚེས་ ༥ ཉིན་གྱི་སྔ་དྲོར་གསར་འགོད་ལྷན་ཚོགས་ཤིག་འཚོགས་འཆར་ཡོད། དེ་ནས་ཚེས་ ༦ ཉིན་སྔོན་འགྲོའི་འགྲན་སྡུར་ཁག་ཅིག་བྱ་རྒྱུ་དང་། ཕྱི་ཚེས་ ༧ ཉིན་བོད་ཀྱི་ཟློས་གར་ཁང་དུ་འགྲན་སྡུར་དངོས་གཞི་འཚོགས་འཆར་ཡོད། ཅེས་བརྗོད་བྱུང་།

ང་ཚོའི་སྤྱི་ཚོགས་ནང་བོད་ཀྱི་མཛངས་མའི་བྱ་དགའ་ཧིན་སྒོར་འབུམ་གཅིག་དེ་ཉུང་དྲགས་འདུག་ཟེར་མཁན་ཡོད་པས། ད་ལོར་སྤྱིར་བཏང་གི་འགྲན་སྡུར་རྣམ་གྲངས་དང་བྱ་དགའ་སོགས་ཀྱི་ཐོག་ཡར་རྒྱས་འདྲ་བཏང་ཡོད་མེད་དྲིས་པར། བྱ་དགའ་འབུམ་གཅིག་དེ་ཉུང་དྲགས་ཡོད་ན། ཉུང་དྲགས་འདུག་ལབ་མཁན་ཁོ་རང་ཚོས་ཁ་སྣོན་གནང་རོགས་ཞུ་རྒྱུ་ཡིན། ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་མང་པོ་སྤེལ་གྱི་ཡོད་ཀྱང་། བྱ་དགའ་ཧིན་སྒོར་སྟོང་ཕྲག་ལྔ་དང་བཅུ་མ་གཏོགས་འབུམ་གཅིག་སྤྲད་པ་ད་ལྟའི་བར་དུ་གོ་མ་མྱོང་། ན་ནིང་གཞི་ནས་སྲིད་སྐྱོང་སློབ་ཡོན་བྱ་དགའ་འབུམ་གཅིག་གནང་བ་མ་གཏོགས་དེའི་སྔོན་ལ་གོ་རྒྱུ་ཡོད་པ་མ་རེད། དེ་ནས་འགྲན་སྡུར་ཐད་དམིགས་བསལ་གྱི་འགྱུར་བ་ཅི་ཡང་མེད། གང་ཡིན་ཟེར་ན། གལ་ཆེ་ཤོས་དེ་བོད་ཀྱི་མཛངས་མའི་འགྲན་སྡུར་མུ་མཐུད་དུ་སྤེལ་ཐུབ་དགོས་པ་རེད། ཅེས་དང་། ཡང་ཁོང་གིས་མུ་མཐུད་དུ། ང་ལ་དཔལ་འབྱོར་གྱི་རྒྱབ་རྟེན་གང་ཡང་མེད་ཀྱང་། སོ་སོས་དཀའ་ལས་བརྒྱབ་སྟེ་མུ་མཐུད་དུ་བོད་ཀྱི་མཛངས་མའི་འགྲན་སྡུར་སྤེལ་ཐུབ་པ་བྱུང་བ་དེ། ང་རང་གི་གཟི་བརྗིད་དང་སྤོབས་པ་ཞིག་ཡིན་བསམ་གྱི་ཡོད། ཡིན་ནའང་། མུ་མཐུད་དུ་སྤེལ་ཐུབ་དང་མ་ཐུབ་ཟེར་བ་དེར་བལྟ་རྒྱུ་རེད། གལ་སྲིད་མི་གཞན་པར་ལས་འགུལ་འདི་གནང་འདོད་ཡོད་ན་ཕན་ཚུན་གྲོས་སྡུར་བྱ་ཆོག་གི་རེད། ཅེས་བརྗོད་བྱུང་།

བོད་ཀྱི་མཛངས་མ་ཁག་ཅིག་སའི་གོ་ལའི་མཛངས་མ་འགྲན་སྡུར་ནང་ཞུགས་ཐུབ་ཡོད་ཀྱང་། བར་ལམ་ནས་རྒྱ་གཞུང་གི་གནོན་ཤུགས་འོག་ཁག་པོ་ཆགས་པའི་སྐོར་ལ་ཁོང་གིས། སའི་གོ་ལའི་མཛངས་མ་འགྲན་སྡུར་གོ་སྒྲིག་པས་ང་ཚོར་མགྲོན་འབོད་གནང་བ་དང་། ཡང་ང་རང་ཚོའི་ངོས་ནས་ཕར་སྙན་ཞུ་བརྒྱབ་སྟེ་དང་ལེན་གནང་བ་བཅས་ད་ལྟའི་བར་སའི་གོ་ལའི་མཛངས་མ་འགྲན་སྡུར་ནང་ཐེངས་ ༧ ཙམ་ལ་ཞུགས་རྒྱུ་རག་ཡོད་པ་རེད། ཡིན་ནའང་། ཕྱིས་སུ་གོ་སྒྲིག་བྱེད་མཁན་ཁ་ཤས་ཀྱིས་ད་ཡོང་ས་མ་རེད་ང་ཚོར་དཀའ་ངལ་འཕྲད་ཀྱི་འདུག རྒྱ་ནག་གིས་རྙོག་དྲ་བཤད་ཀྱི་འདུག་ཟེར་ནས་ཚུར་ལབ་ཀྱི་འདུག གོ་སྒྲིག་བྱེད་མཁན་ཚོས་ང་ཚོར་མགྲོན་འབོད་མ་བྱས་ན་ང་ཚོའི་ངོས་ནས་འཛུལ་རྒྱུ་ཡིན་ལབ་ས་ཡོད་པ་མ་རེད། སྤྱིར་བཏང་ང་ཚོས་འཛུལ་ཞུགས་བྱེད་པར་ཐབས་ཤེས་མང་པོ་བྱས་པ་ཡིན་ལ། ཁག་ཅིག་ལ་འགྲན་སྡུར་ནང་འཛུལ་ཞུགས་བྱེད་པར་དངུལ་ཕོན་ཆེན་པོ་དགོས་པས། ང་ཚོས་གཏོང་མ་ཐུབ་པའི་དཀའ་ངལ་ཡང་ཡོང་གི་འདུག ཅེས་བརྗོད་བྱུང་།

བོད་ཀྱི་མཛངས་མའི་འགྲན་སྡུར་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༠༢ ལོར་བཞུགས་སྒར་དྷ་རམ་ས་ལར་ཚོགས་ཡོད་པ་དང་། ད་ལྟའི་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་བུ་མོ་ ༡༣ ལ་བོད་ཀྱི་མཛངས་མའི་དབུ་རྒྱན་གཡོགས་ཡོད་པ་དང་འབྲེལ། ཧིན་སྒོར་འབུམ་ ༡ རེ་ཡི་བྱ་དགའ་སྤྲད་ཡོད་པ་དང་། འགྲན་ཞུགས་པ་ ༢ དང་ཡང་ན་ ༢ ལས་མང་བ་བྱུང་སྐབས། ཨང་གཉིས་པར་བྱ་དགའ་སྒོར་ཁྲི་ ༥ དང་། ཨང་གསུམ་པར་བྱ་དགའ་སྒོར་ ༢༥༠༠༠ རེ་སྤྲད་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༡༨ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese