མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་སྟེང་གི་ཡུལ་བྱོལ་བའི་དཀའ་རྙོག

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་སྟེང་གི་མི་རབས་འདིའི་ཆེས་སྐྱི་གཡའ་བའི་ཡུལ་བྱོལ་གྱི་གནས་བབ་དང་དེའི་དཀའ་རྙོག་ལ་གདུང་ལེན་བྱེད་ཀྱི་ཡོད།

ཕྱི་ཚེ་ ༩ ཉིན། ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་བསྒྲགས་པ་ལྟར་ན། ལོ་སྔོན་མའི་ཟིང་འཁྲུག་གི་ཁྲོད་དུ། མི་སེར་ས་ཡ་ ༡༡ ལྷག་རྐྱེན་ལམ་དུ་ཤོར་ཡོད་པ་དང་། མི་མང་ཆེ་བ་སེ་རེ་ཡ་དང་ཨི་རག ཡུ་ཁི་རེན། ཨ་ཧྥི་གྷན་ནེ་སི་ཐན་བཅས་ཀྱི་རྒྱལ་ནང་གི་ཆོས་ལུགས་ལྟ་གྲུབ་ཀྱི་འགལ་འདུ་དང་རྩོད་གླེང་། ཟིང་འཁྲུག་གི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་ཡིན་སྐོར་བརྗོད་འདུག་ལ། འདི་འདྲའི་འཁྲུག་རྩོད་དང་དབུལ་ཕོངས་ཀྱི་ཁྲོད་དུ། མི་སེར་སྟོང་ཕྲག་མང་པོ་གླིང་ཆེན་ཨ་ཧྥི་རེ་ཀ་དང་ལྷོ་ཤར་ཨེ་ཤེ་ཡའི་གྲུ་ཁ་ཁག་ཏུ་ཕྱིར་ཕུད་གཏོང་གི་ཡོད་ཅིང་། གཤམ་གསལ་གྱི་རྒྱལ་ཁབ་ཁག་དང་དེ་དག་གི་ཡུལ་བྱོལ་བ། དེའི་རྩོད་གླེང་དང་དེའི་མི་འབོར་སོགས། འཛམ་གླིང་དམག་ཆེན་གཉིས་པ་བྱུང་བའི་རྗེས་ཀྱི་ཆེས་སྐྱི་གཡའ་བའི་གནས་ཚུལ་འདི་ནི། ཉེ་ལམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་བསྒྲགས་བྱས་པ་ཞིག་ཡིན་ཚུལ་བརྗོད་འདུག

༼ སེ་རེ་ཡ་དང་ཨི་རག ༽

སེ་རེ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གིས་ཡུལ་གྱར་བ་ཚོ་རང་གི་མཐའ་མཚམས་བརྒྱུད་ནས་བྲོས་བྱོལ་དུ་འགྲོ་བར་དཀའ་ཁག་མང་པོ་བཟོ་མུས་ཡིན་པ་མ་ཟད། ད་དུང་ཡུལ་གྱར་བ་ཚོས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ས་ཁྲལ་འཇལ་དགོས་པ།

ཕྱི་ལོ་ ༢༠༡༡ ལོར། སེ་རེ་ཡའི་ཡུལ་མི་ས་ཡ་ ༡༡ ཡུལ་གྱར་དུ་ཕྱིན་པ་ལས། ས་ཡ་ ༤ མཐའ་མཚམས་སུ་ལྷག་ཅིང་། ཕྱི་ལོ་ ༢༠༡༣ ལོར་ཨི་རག་གི་ཡུལ་མི་ས་ཡ་ ༣ ལྷག་གཞན་ཡུལ་དུ་གྱར་ཡོད་འདུག
སེ་རེ་ཡ་དང་ཨི་རག་རྒྱལ་ཁབ་གཉིས་ནང་ཟིང་འཁྲུག་ལངས་པའི་ལོ་ནས་བཟུང་། ཡུལ་མི་ཚོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་ཡུལ་བྱོལ་དུ་ཕྱིན་ཡོད་པ་དང་། རྒྱལ་སྤྱིའི་ངལ་རྩོལ་སྒྲིག་འཛུགས་ཚོགས་པའི་ཞིབ་འཇུག་ལྟར་ན། ཕྱི་ལོ་ ༢༠༡༡ ནས་བཟུང་། རྗོར་ཌན་རྒྱལ་ཁབ་ནང་ཡུལ་གྱར་བས་ཁེངས་ཏེ། ལས་མེད་མི་སེར་ལྡར་འགྱུར་གྱིས་འཕེལ་ཞིང་། ད་ལོ་ཕྱི་ཟླ་ ༡ ནས་བཟུང་། སེ་རེ་ཡའི་མི་མང་གིས་ལི་བྷ་ནོན་རྒྱལ་ཁབ་ལ་མཐོང་མཆན་ལེག་འཁྱེར་ཞུ་འགོ་བརྩམས་ཏེ། དེང་སྐབས་ལི་བྷ་ནོན་རྒྱལ་ནང་གི་མི་འབོར་བརྒྱ་ཆའི་ ༢༠ ལྷག་ཡུལ་གྱར་བ་ཆགས་འདུག་ལ། ད་ལོའི་ཕྱི་ཟླ་ ༣ པའི་ནང་། ཏུར་ཀེ་རྒྱལ་ཁབ་ཀྱིས་སེ་རེ་ཡའི་ཡུལ་གྱར་བ་སྔོན་འགོག་བྱ་ཆེད་དུ། མཐའ་མཚམས་ཀྱི་སྒོ་ཆེན་ཁག་གཏན་སྲུང་བྱ་རྒྱུ་ཡིན་པ་ཕྱི་བསྒྲགས་བྱས་ཡོད་ལུགས་བརྗོད་འདུག 

༼ ལྷོ་ཤར་ཨེ་ཤེ་ཡ། ༽

སྡེ་གཟར་དང་མེད་མུག་གི་རྐྱེན་པས། འབར་མའི་རྒྱལ་ཁོངས་ནས་བྷང་ལ་ཌེ་ཞི་བ་དང་རོ་ཧན་རྗ་གྲངས་ཉུང་མི་རིགས་སྟོང་ཕྲག་མང་པོ་གཞན་ཡུལ་དུ་གྱར་བ།

ད་ལོའི་ལོ་འགོར། ནག་ཚོང་གཉེར་མཁན་གྱི་གྲུ་གཟིངས་སྟོང་ཕྲག་ ༢༥.༠༠༠ ལྷག་ཤར་ནུབ་གྱི་རྒྱ་མཚོའི་མཐའ་ཁུལ་དུ་བསྐྱོད་ཡོད་པ་དང་། འབར་མའི་ནང་རོ་ཧན་རྗ་མི་རིགས་ལ་མི་སེར་གྱི་ཐོང་ཐབ་དང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གང་ཡང་མ་སྤྲད་སྟབས། མཚོ་ཁུལ་བརྒྱུད་ནས་ཡུལ་བྱོལ་དུ་གྱར་འདུག་ལ། སྔོན་ཆད་ཨིན་ཌོ་ནི་ཞེ་ཡ་དང་མ་ལེ་ཞེ་ཡ་རྒྱལ་ཁབ་གཉིས་ཀྱིས་གསང་བའི་ངང་ནས། འབར་མ་དང་བྷང་ལ་ཌེ་ཞི་ནས་ཡུལ་གྱར་བ་མང་པོ་བླངས་པ་དང་། རིམ་གྱིས་རྒྱལ་ནང་གི་ཡུལ་གྱར་བའི་གྲངས་འབོར་འཕེལ་བ་དང་བསྟུན་ནས། ནང་ཚོང་གཉེར་མཁན་ཚོའི་གྲུ་གཟིངས་སྟེང་། ཡུལ་བྱོལ་བ་མང་པོ་ཞིག་ཕྱིར་གཏོང་བྱེད་རྒྱུ་ཡིན་པའི་ཁ་ཚོན་བཅད་ཡོད་པ་རེད། ཡིན་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནོན་ཤུགས་འོག་ཏུ། ཁོ་ཚོས་རང་གི་དེ་སྔའི་ལམ་དབུ་མའི་ལངས་ཕྱོགས་བསྒྱུར་ཏེ། མཚོ་ཁུལ་གྱི་ཡུལ་གྱར་མི་མང་ལ་འཚོ་གནས་མཁོ་སྤྲོད་བྱེད་རྒྱུ་ཡིན་སྐོར་བཤད་ཡོད་ནའང་། ཁོ་ཚོས་མཚོ་ཐོག་གི་ཡུལ་གྱར་བ་ཚོ་སྐམ་སར་མ་བླངས་པ་དང་། མཚོ་སྨུག་གིས་མཐོང་ལམ་བསྒྲིབས་པའི་རྐྱེན་གྱིས། གཅིག་བྱས་ན། མཚོ་ཐོག་གི་ཡུལ་གྱར་བ་ཚོ་རྒྱ་མཚོར་བྱིང་ཡང་སྲིད་པར་ཚོད་དཔག་བྱེད་ཀྱི་ཡོད་ལུགས་བརྗོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས། གླིང་ཆེན་ཨ་ཧྥི་རེ་ཁའི་མཚོ་འགྲམ་གྱི་ནག་ཚོང་གཉེར་མཁན་ཚོའི་གྲུ་གཟིངས་བཀག་སྡོམ་བྱེད་མོས་ཡོད་པ་མ་ཟད། མཚོ་མཐར་ལྷུང་བའི་ཡུལ་གྱར་བ་ཚོའི་ལས་དབང་ལ་འཕོ་འགྱུར་གཏོང་བ།

ད་ལོར་མི་མང་སྟོང་ཕྲག་ ༧༨.༠༠༠ གཞན་ཡུལ་དུ་གྱར་བའི་ཁྲོད་ཀྱི། མི་སེར་ ༡༨༠༠ ལྷག་མཚོ་ཐོག་ནས་རྐྱེན་ལམ་ཤོར་ཡོད་པ་དང་། ཡང་ལེ་བྷེ་ཡ་རྒྱལ་ནང་གི་ཟིང་འཁྲུག་ཁྲོད་དུ། ཡུལ་བྱོལ་བ་ཚོར་དམ་དྲག་དང་བཤུ་གཞོག་ཡ་ང་བ་ཐེབས་ཀྱི་ཡོད་འདུག

ཕྱི་ཟླ་ ༥ ནང་ཡུ་རོབ་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་ཚོས། ཨེ་ཌ་ལེ་ནང་རྟེན་གཞི་བྱས་པའི་མཁའ་དམག་སྤྱད་དེ། མཚོ་ཐོག་གི་ནག་ཚོང་གཉེར་མཁན་ཚོར་རྒོལ་རྡུང་གཏོང་གི་ཡིན་ཚུལ་བརྗོད་ཅིང་། བདུན་ཕྲག་འདིའི་ནང་ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས། ལྷོ་རྒྱུད་ཀྱི་རྒྱལ་ཁབ་གྷི་རི་སི་དང་ཨེ་ཌ་ལེ་གཙོས། ཚོགས་ཁོངས་ཀྱི་རྒྱལ་ཁབ་ཁག་གིས་ཕྱིའི་ཡུལ་གྱར་བ་ཚོར་སྣེ་ལེན་བྱེད་པ་དང་ཡུལ་གྱར་བའི་དཀའ་སྡུག་ལ་རོགས་སྐྱོར་གནང་དགོས་པའི་རེ་སྐུལ་སྙན་སེང་ཞིག་ཕུལ་ཡོད་འདུག་ལ། ལྷག་དོན་དབུལ་ཕོངས་དང་ཟིང་འཁྲུག་གི་ཡོ་ལང་རྒོད་པའི་ལྷོ་རྒྱུད་ཀྱི་སུ་ཌན་དང་ལེ་བྷེ་ཡ། ནེ་རྗེ་རེ་ཡ་རྒྱལ་ནང་དུ་ཡུལ་བྱོལ་བ་ཚོ་ས་དཀྱིལ་རྒྱ་མཚོ་བརྒྱུད་དེ། འཇིག་ཉེན་ཆེ་བའི་ཡུལ་གྱར་དུ་གཏོང་གི་ཡོད་སྐོར་བརྗོད་འདུག

༼ ཡུ་ཁི་རེན། ༽

ཡུ་ཁི་རེན་གྱི་དམག་དཔུང་དང་ཨུ་རུ་སུའི་ཁ་བྲལ་རིང་ལུགས་པའི་བར་གྱི་ཟིང་འཁྲུག་ལ་བརྟེན་ནས། ཡུ་ཁི་རེན་གྱི་བཟོ་ལས་དཔལ་འབྱོར་གྱི་གནད་ཀར་གཏོར་བཅོམ་ཚབས་ཆེན་ཐེབས་པ།

ཡུ་ཁི་རེན་གྱི་དཔལ་འབྱོར་ཉམ་རྒུད་དུ་གྱུར་བ་དང་། ཡུལ་མི་ས་ཡ་ ༡.༣ ལྷག་ཕྱི་ཡུལ་དུ་གྱར་ཞིང་། ཡུལ་མི་སྟོང་ཕྲག་ ༨༦༧.༠༠༠ རང་རྒྱལ་དང་བྲལ་ཏེ། ཕལ་ཆེ་བ་ཨུ་རུ་སུའི་རྒྱལ་ཁོངས་སུ་འཛུལ་གྱི་ཡོད་འདུག
ཡུ་ཁི་རེན་གྱི་ཡུལ་མི་ཁྲི་སྟོང་མང་པོ་ཨུ་ཪུ་སུར་སྐྱབས་བཅོལ་དུ་ཕྱིན་ཡང་། སྐྱབས་གནས་འཚོལ་ཡུལ་གཙོ་བོ་པོ་ལན་ཌི་དང་འཇར་མན། ཨེ་ཌ་ལེ་ལྟ་བུའི་ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་ཁག་གིས་ཡུ་ཁི་རེན་གྱི་ཡུལ་གྱར་བ་ཚོར་སྣེ་ལེན་བྱས་མེད་པ་དང་། ཡུ་ཁི་རེན་རྒྱལ་ནང་གི་ཟིང་འཁྲུག་དང་དཔལ་འབྱོར་ཉམ་ཉེས་ཐེབས་པའི་རྐྱེན་གྱིས ། ཕྱི་ལོ་ ༢༠༡༥ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་བདེ་རྩ་ཚོགས་པའི་ངོས་ནས་རོགས་དངུལ་ཨ་སྒོར་ས་ཡ་ ༣༡༦.༠༠༠ ལས་བརྒལ་བ་གཏོང་དགོས་ཆགས་ཡོད་ཚུལ་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese