མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་གཏོད་རིན་པོ་ཆེ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༤ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཉེ་ལམ་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་དང་ཁེ་ན་ཌའི་ཏཱ་ལའི་བླ་མའི་ཐེབས་རྩ་མཉམ་འབྲེལ་ཐོག་‘ཆེས་ཐོག་མའི་གསར་གཏོད་ཀྱི་རྣམ་པའི་ཐོག་ནས’ བོད་མི་ཆེད་མཁས་ཚོང་པར་སྲིད་སྐྱོང་གཟེངས་རྟགས་ཧིན་སྒོར་འབུམ་ ༢༡ དང་། ཚོང་པ་གསར་པ་སྐོར་ཞིག་ལ་རོགས་སྐྱོར་ཧིན་སྒོར་འབུམ་ ༡༥ སྤྲོད་རྒྱུའི་གསལ་བསྒྲགས་བསྐྱངས་སོང་། དགུ་དགུ་དགུའི་དམ་འབུལ་གསར་གཏོད་བྱས་པ་ནས་བཟུང་། གསར་གཏོད་ཡིན་མིན་གང་ལྟར་ཡང་གསར་གཏོད་ཅེས་པའི་ཚིག་ཅིག་མེད་ན། ལས་འགན་བསྒྲུབ་མེད་པ་དང་བསྒྲུབ་ཡོད་ཀྱང་ངོ་སོ་མེད་པའི་ངོས་འཛིན་འོག ལྷན་ཁང་ཁག་གི་འཆར་ཅན་ལས་བསྡོམས་དང་སྡེ་ཚན་ཁག་གི་ལས་འགུལ། སློབ་གྲྭ་ཁག་གི་ལོ་འཁོར་མཛད་སྒོ་ཚུན་གསར་གཏོད་ཅེས་པའི་ཡིག་འབྲུ་འདིའི་ནང་ཨུ་ཚུགས་ཀྱིས་བླུགས་ཏེ། ཡར་ལྷ་ལ་མཆོད་པ་འབུལ་སྤྱད་དང་མར་འདྲེ་ལ་གླུད་གཏོར་བརྡབ་སྤྱད། མཐའ་ན་སོ་སོའི་བྱས་ཉེས་འགེབ་སྤྱད་དང་འཐུས་ཤོར་སྦེད་སྤྱད་ཀྱང་ཡིག་འབྲུ་འདིས་མཐུ་དང་ནུས་པའི་འདག་གི་ཡོད་ཚོད་འདུག

    སྲིད་སྐྱོང་མཆོག་གི་གསར་གཏོད་ཀྱི་རྨི་ལམ་ཐན་ཐུན་དེས་ལོ་ལྔ་དང་བཅུ་ཡི་སྟོན་ནམ་རིང་མོ་སྐྱེལ་ཐུབ་ཀྱང་། མི་མཁྲིས་ནད་ཅན་གྱི་མིག་ལ་དུང་དཀར་པོའི་ཁ་ཏོག་སེར་པོར་སྣང་བ་ལྟར། ལོ་བཞི་བཅུ་ལྔ་ཅུར་གངས་སྐྱིད་ནས་བསྐྱལ་བའི་སྨུག་ནག་གི་ཁ་མདོག་ཅན་ཚོར་གསར་པ་དང་རྙིང་པ་གོ་འཛོལ་ཤོར་བ་དང་། གསར་ཞུགས་གཞོན་སྐྱེས་ལས་བྱེད་ཚོར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཡོངས་རྫོགས་དང་། མཐའ་ན་ལས་ཁུངས་ཁག་གི་མདུན་ཅོག་དང་རྐུབ་སྟེགས་ཀྱང་གསར་པ་ཡིན་སྟབས། ཡོད་ཚད་གསར་པ་དང་གསར་གཏོད་ཀྱི་འཁྲུལ་ཤེས་དེས་རང་རྨོངས་པའི་སྟེང་ལ་གཞན་ཡང་རྨོངས་སུ་འཇུག་གི་ཡོད།

    དེ་སྔའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ད་ལྟའི་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་བོད་རྒྱ་ཆེའི་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་དབུ་ཁྲིད་ཅིག་ཆགས་ཡོད། ཁོང་གཉིས་ལ་དམངས་གཙོའི་རིན་ཐང་ཆེན་པོ་ལྡན་ལ། བོད་མི་མང་གིས་རེ་བའང་ཆེན་པོ་བརྒྱབ་ཡོད། ཟམ་གདོང་རིན་པོ་ཆེ་སྲིད་སྟེགས་སུ་བསྡད་མ་ཐག་ལས་དོན་ཡོངས་རྫོགས་འཚེ་བ་མེད་པ་དང་། རྒྱུན་གནས་ཡོང་བ། ཡུལ་ཁྲིམས་དང་མཐུན་པ་བཅས་ཀྱི་ལྟ་གྲུབ་གསུམ་གཞི་རྩར་བཟུང་སྟེ་ལག་བསྟར་གནང་ཡོད་ལ། བློ་བཟང་སེང་གེ་མཆོག་གིས་ཀྱང་ཆིག་སྒྲིལ་དང་གསར་གཏོད་དང་། རང་ཁ་རང་གསོ་གསུམ་རྩ་དོན་དུ་བཟུང་ཡོད།

    བཀའ་ཁྲི་སྔོན་མས་ཡུལ་ཁྲིམས་དང་མཐུན་པའི་ལྟ་གྲུབ་འོག་ནས་ཚོང་ལས་ཡོངས་རྫོགས་སྒེར་བདག་ཅན་དུ་བསྒྱུར་བ་དང་། སྲིད་སྐྱོང་འདི་བས་སྒེར་བའི་ཚོང་གཉེར་བ་ཚོར་སྐུལ་འདེད་ཀྱི་ལས་གཞི་མང་དག་ཅིག་བརྩམས་དང་རྩོམ་བཞིན་ཡོད་ཀྱང་། ལས་གཞི་དེ་དག་གི་ཆ་རྐྱེན་ནང་ཚོང་ལས་ཀྱི་ངོ་བོ་ག་འདྲ་དགོས་མིན་ཚིག་ཟུར་ཙམ་ཡང་མེད་པ་མ་ཟད། མི་འགྲོ་འདེམས་སྟངས་གང་ཡིན་དང་། མཐའ་མའི་ཐག་གཅོད་སུས་བྱེད་སོགས་ཀྱང་གསལ་ཁ་མི་འདུག

    གསར་གཏོད་ལ་རྔམ་དྲགས་ཏེ་དངུལ་ཚུར་ཡོང་རྒྱུ་དང་ལས་དོན་ལེགས་འགྲུབ་ཀྱི་ལམ་ཁ་གསར་གཏོད་བྱེད་པའི་ཚབ་ཏུ། རང་གི་དངུལ་ཁུག་ནང་གི་མ་དངུལ་ཕར་སྤྲོད་རྒྱུའི་ལས་རིམ་དེ་ཡང་གསར་གཏོད་དུ་བགྲང་ཆོག་ན། ཅ་དངོས་ཉོས་པ་དང་ཁང་པ་གསར་རྒྱག་སོགས་ཀྱང་གསར་གཏོད་དུ་བགྲང་ཆོག བཀའ་ཁྲི་དང་སྲིད་སྐྱོང་རྣམ་གཉིས་ཀྱི་ལྟ་གྲུབ་བར་རྩ་བའི་ནང་འགལ་མེད་ཀྱང་། ཕུགས་ཀྱི་དམིགས་ཡུལ་དང་འཕྲལ་དུ་ལག་ལེན་བསྟར་ཕྱོགས་ཐོག་བར་ཁྱད་ཅིག་རྒྱ་ཇེ་ཆེ་ནས་གཏིང་ཇེ་རིང་དུ་འགྲོ་བཞིན་འདུག་གོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese