མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧོང་ཀོང་གི་འོས་བསྡུ་དང་དེའི་ལངས་ཕྱོགས་ལས་རྒྱ་ནག་ལ་ལྟ་བ།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

 གཟའ་འཁོར་འདིའི་ནང་ ༢༠༡༧ ལོའི་ཧོང་ཀོང་སྲིད་འཛིན་གྱི་སྔོན་འགྲོའི་འོས་བསྡུ་གནང་འཆར་ཡོད་པར། ཕྱི་ཚེས་ ༡༥ ཉིན་ནེའུ་ཡོག་དུས་བབ་གསར་ཁང་གི་གསར་འགོད་པ་མེ་ཆིད་ཧྥོར་སེ་ཐིས། ཧོང་ཀོང་དམངས་གཙོ་ཡར་སྐུལ་ཚོགས་པའི་ཚོགས་གཙོ་གཞོན་པ་ཧོ་ཌན་ཀྲའོ་ལ་བཅར་འདྲི་ཞུས་པ་བོད་བསྒྱུར་བྱས།

དྲི་བ། གལ་ཏེ་འོས་བསྡུ་ལ་འགོག་རྐྱེན་བཟོས་པ་ཡིན་ན། དོན་དག་ཅི་ཞིག་འབྱུང་སྲིད་དམ།

ལན། ཕྱི་ཟླ་ ༨ ནང་། ང་ཚོར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ (N.P.C) གྱི་རྒྱུན་ལས་ལྷན་ཚོགས་ཀྱི་གྲོས་ཆོད་ཡོད་ཅིང་། དབུས་སྲིད་གཞུང་གི་དཔོན་རིགས་ཚོས་ཡང་ནས་བསྐྱར་དུ་གྲོས་ཆོད་དེ་ལ་གནས་སྐབས་ རིང་བསྒྱུར་བཅོས་གཏོང་གི་མིན་ལུགས་ནན་བཤད་བྱེད་ཀྱི་ཡོད། གལ་ཏེ་ཁྱོད་ཀྱིས་ད་རེབ་ཀྱི་འོས་བསྡུ་ལ་འགོག་རྐྱེན་བཟོས་པ་ཡིན་ན། ཕྱིས་ཀྱི་ལོ་ངོ་ ༥ ནས་ ༡༠ ནང་། ཁྱོད་ཀྱིས་ཡང་བསྐྱར་ཆབ་སྲིད་ལམ་ལུགས་ལེགས་བཅོས་གཏང་བ་དང་། སྐབས་དེར་ཁྱོད་ཀྱིས་ཆབ་སྲིད་ཀྱི་སྒྲོམ་གཞི་གཅིག་མཚུངས་ཤིག་ལ་གདོང་ལེན་བྱ་དགོས་པ་རེད། དེ་བས། ཁྱོད་ཀྱིས་རང་གི་དུས་ཚོད་ཆུད་ཟོས་སུ་བཏང་བ་མ་གཏོགས། དེ་སྔའི་ཆབ་སྲིད་ཀྱི་གནས་བབ་རང་དགར་ལྷག་བསྡད་ཡོད་པ་རེད།

དྲི་བ། རྒྱལ་ཡོངས་དམངས་གཙོ་ཚོགས་པ་ (pan-democrats) སྔོན་འགྲོའི་འོས་འདེམས་ནང་ཞུགས་དོན་ག་རེ་ཡིན་ནམ།

ལན། ང་རང་གི་ངོས་ནས་བཤད་ན། ད་རེབ་འོས་བསྡུའི་ཐོབ་ཐང་དང་དེབ་སྐྱེལ་ཟིན་པའི་མི་སེར་ས་ཡ་ ༥ ལྷག་དང་མཉམ་དུ། ང་ལའང་ཧོང་ཀོང་གི་སྲིད་འཛིན་འོས་འདེམས་བྱེད་པའི་གོ་སྐབས་ཡོད་པ་རེད། དེ་ཡང་ཁྱོད་ལ་འོས་ཤོག་གཅིག་གི་ཐོབ་དབང་ཡོད་པའི་ཆ་ནས། འོས་གཞིའི་སྲིད་འཛིན་དེས་མི་མང་གི་ཁ་ལ་ཉན་གྱི་རེད། མ་ཟད་དམངས་གཙོའི་ལམ་ལུགས་འོག་ཏུ། སྲིད་གཞུང་གི་དབུ་ཁྲིད་ཀྱིས་ཀྱང་མི་དམངས་ཀྱི་ངག་ལ་གསན་གྱི་རེད། ཁྱོད་ཀྱིས་ངའི་སྐད་ཆའི་ཕུགས་དོན་གོ་སོང་ངམ། དེ་འདྲ་ཡིན་པས། འདི་ནི་ང་ཚོའི་དམངས་གཙོའི་འགྲོ་ལུགས་ལེགས་པོ་ཞིག་ཡིན་པ་མ་ཟད། ང་ཚོའི་དམངས་གཙོ་ཡར་རྒྱས་ཀྱི་ཐོད་རྒལ་རང་བཞིན་ཞིག་ཀྱང་ཡིན་པ་རེད།
གཅིག་བྱས་ན། ཁྱོད་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འཁེལ་བའི་གྲོས་ཆོད་ལ་མོས་མཐུན་མི་བྱེད་པར། དེ་ནི་སྟངས་འཛིན་བྱེད་སྟངས་ཤིག་ཡིན་ལུགས་བརྗོད་སྲིད་ཀྱང་། དྲང་མོར་བཤད་ན། ཡོངས་ཁྱབ་འོས་བསྡུའི་ཐོབ་ཐང་སྤྱད་དེ། ཁྱོད་ཀྱིས་དམངས་གཙོའི་འོས་ཤོག་ལྡུག་དུས། འབྱུང་འགྱུར་གྱི་སྲིད་འཛིན་འོས་གཞིར་ལངས་པའི་འོས་མི་རེ་རེའི་ངོས་ནས་ཀྱང་། བརྒྱུད་ལམ་ཁག་དང་སྤྱི་དམངས་ལྟར། དོགས་གནད་གཅིག་མཚུངས་ཤིག་ལ་གདོང་ལེན་བྱ་དགོས་པ་རེད་སྙམ། འོས་བསྡུ་ལྷན་ཚོགས་སམ་འོས་བསྡུའི་སྒྲིག་རིམ་ཁྲོད་དུ། ཁྱོད་རང་གི་བློ་ཁ་འགྱུར་བའམ། ལེགས་བཅོས་ཡོ་བསྲིང་ག་རེ་གཏོང་གི་ཡིན་ནམ། རྒྱུ་མཚན། ཡོངས་ཁྱབ་འོས་བསྡུའི་ཐོབ་ཐང་ཁྲོད་དུ། ཁྱོད་ཀྱིས་རང་གི་བསམ་ཕྱོགས་འཛིན་རྒྱུ་འབའ་ཞིག་མ་ཡིན་པར། ཁྱོད་ཀྱིས་ད་དུང་ཤོག་ཁག་གང་དུའང་མི་གཏོགས་པར་དབུ་མའི་ལམ་གྱི་མི་མང་གི་རྒྱབ་སྐྱོར་ཡང་འཐོབ་དགོས་ཤིང་། འོས་འདེམས་ལས་རྒྱལ་ཆེད། ཐ་ན་ཁྱོད་ལ་དམངས་གཙོ་ཚོགས་པའི་རྒྱབ་སྐྱོར་ཡང་འཐོབ་དགོས་པ་རེད། གལ་ཏེ་ཁྱོད་ལ་རྒྱལ་ཁ་ཐོབ་པ་ཡིན་ན། ཁྱོད་ཀྱིས་རང་གི་དེ་སྔའི་བསམ་ཕྱོགས་ལ་འགྱུར་བ་གཏང་དགོས་ཡོད། འདི་ནི་ཆེས་སྤྱིར་བཏང་གི་དོན་དག་ཅིག་ཡིན་སྟབས། ད་རེབ་ཀྱི་སྔོན་འགྲོའི་འོས་བསྡུ་ནི་ང་ཚོའི་མ་འོངས་མདུན་བསྐྱོད་ཀྱི་གོམ་ སྟབས་ལེགས་པོ་ཞིག་ཏུ་ཁོ་བོས་འདོད་ཡོད།
གལ་སྲིད་རྒྱལ་ཡོངས་དམངས་གཙོ་ཚོགས་པས “མིན་མིན། པེ་ཅིན་གཞུང་གིས་ང་ཚོར་ས་སོའི་འོས་མི་འདེམས་བཅུག་མ་སོང་། དེ་བས། ང་ཚོས་ད་རེབ་ཀྱི་སྲིད་འཛིན་འོས་འདེམས་ལ་འགོག་རྒོལ་བྱ་ངེས་ཡིན” ཞེས་ངོས་ལེན་ མ་བྱས་ན་ནི། འབྱུང་འགྱུར་གྱི་དམངས་གཙོའི་ལམ་ལུགས་འཕེལ་རྒྱས་སུ་འགྲོ་མི་སྲིད་སྟབས། བདག་གིས་དེ་ལ་རྩ་བ་ནས་མོས་མཐུན་བྱེད་ཀྱི་མེད།

དྲི་བ། ཧོང་ཀོང་གྲོང་ཁྱེར་གྱི་པེ་ཅིན་ལྷན་ཚོགས (pro-Beijing) ཞེས་པ་དེའི་ལས་དོན་ག་རེ་རེད།

ལན། ང་རང་གིས་དེ་རྒྱལ་ཞེན་ལྷན་ཚོགས་ཤིག་ཏུ་མཐོང་གི་ཡོད། ངས་དེ་རྒྱལ་ཞེན་ལྷན་ཚོགས་ཤིག་རེད་ཟེར་དོན། དེང་སྐབས་རྒྱ་ནག་གཞུང་རྒྱལ་ཁབ་གཞན་དག་དང་འདྲ་གི་མ་རེད། རྒྱ་ནག་ཁོ་རང་གི་ལམ་ཕྱོགས་སུ་འགྲོ་གི་ཡོད། དེ་འདྲ་མ་རེད་དམ། དེ་བདེན་པ་རེད། དེ་དོན་དངོས་རེད། ཁྱོད་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། རྒྱ་ནག་ཁོ་རང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་ཅིང་། དེའི་རྒྱུ་མཚན་གནས་ལུགས་ཀྱང་རྒྱ་ནག་ཁོ་རང་གི་བགྲོད་ལམ་དུ་ཡོད་པ་རེད།  དོན་དངོས་ལ་གཞིག་ན། ཕྱི་ལོ་ ༡༩༧༩ ལོར་དཔལ་འབྱོར་བཅོས་བསྒྱུར་བྱས་པ་ནས་བཟུང་། རྒྱ་ནག་གི་སྲིད་ཇུས་གུ་ཡངས་སུ་བཏང་སྟེ། འདས་པའི་མི་ལོ་ ༣༠ རིང་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད་པ་རེད།
འཛམ་གླིང་སྟེང་གི་རྒྱལ་ཁབ་ཚང་མར་རང་རང་གི་བྱུང་རབས་ལོ་རྒྱུས་རེ་དང་རང་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཅི་ནས་ཀྱང་ཡོད་པ་རེད། གལ་ཏེ་མི་ཚོས་བདག་ལ། ཁྱོད་རྒྱ་ནག་ལ་ལྟ་སྟངས་ཅི་འདྲ་ཡོད་ཅེས་དྲིས་ན། ངས་རྒྱ་ནག་རྒྱ་ནག་ཁོ་རང་གི་ལམ་ཕྱོགས་སུ་འགྲོ་གི་ཡོད་པ་དང་། ལམ་ཕྱོགས་དེ་ནི་དེང་གི་རྒྱ་ནག་ཁོ་རང་ལ་ཧ་ཅང་འོས་ཤིང་འཚམ་པར་འདོད། དེར་མ་ཟད་ང་རང་རྒྱ་ནག་རྒྱལ་ཁབ་ཀྱི་འགལ་ཟླར་ལང་རྩིས་མེད།
གཅིག་བྱས་ན། ཁྱོད་ཀྱིས་ང་ཚོའི་མེས་རྒྱལ་གྱི་སྲིད་ཇུས་རེ་འགར་མོས་མཐུན་བྱེད་མི་སྲིད་ནའང་། ངས་ནི་མཐའ་གཅིག་ཏུ་འུ་ཚུགས་མཐར་བསྐྱལ་གྱིས་པེ་ཅིན་གཞུང་ལ་རྒྱབ་འགལ་གྱི་ལངས་ཕྱོགས་འཛིན་དགོས་དོན་ཡོད་པ་མ་རེད།
ངས་རྒྱལ་ཡོངས་དམངས་གཙོ་ཚོགས་པར་གཞན་དང་མི་མཚུངས་པའི་བསམ་ཕྱོགས་གཅིག་ཡོད་ཟེར་དོན་ག་རེ་ཡིན་ཞེ་ན། ཐོག་མར། ཁོ་ཚོས་པེ་ཅིན་གཞུང་གི་ཡིད་རྟོན་བརླགས་སོང་བ་རེད། མ་གཞི་ནས་ལེགས་ཉེས་ཀྱི་བྱ་བཞག་ཡོད་ཚད་པེ་ཅིན་གཞུང་གིས་ཐག་གཅོད་ཀྱི་ཡོད་ཅིང་། ཁོ་ཚོར་པེ་ཅིན་གཞུང་ལ་ཡིད་ཆེས་དང་བློ་གཏད་གང་ཡང་མེད་ལ། ཐ་ན་ཁོ་ཚོར་ཡིད་རྟོན་འཕེར་བའི་བྱ་བ་ཞིག་བསྒྲུབས་ཟིན་ནའང་། དེ་ག་རང་རེད། ཡིད་ཆེས་ཡོད་པ་མ་རེད།
ཡིད་ཆེས་དང་བློ་གཏད་མེད་པ་དེས། དཀའ་རྙོག་ཟློག་མེད་ཅིག་བཟོ་བཞིན་ཡོད་པ་རེད། ལྷག་དོན་སྲིད་དོན་ཁྲོད་དུ། གལ་ཏེ་ཁྱོད་ལ་མི་གཞན་གྱི་ཡིད་རྟོན་ཐོབ་པ་ཡིན་ན། དོན་དམ་ཁྱོད་ལ་རང་ཉིད་ཀྱི་འཚོ་གནས་ཡར་སྐུལ་གཏོང་བའི་སྲིད་ཇུས་ཀྱང་མང་པོ་ཞིག་ཞར་ལ་འཐོབ་ཀྱི་ཡོད།
རྒྱུ་མཚན་གནས་ལུགས་མང་པོ་ཞིག་གི་དབང་གིས། དེང་སྐབས་མི་མང་པོ་ཞིག་པེ་ཅིན་གཞུང་ལ་ཡིད་རྟོན་བརླགས་པ་རེད། ཆ་བཞག་ན། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ངོས་ནས། དེང་གི་རྒྱ་ནག་གཞུང་ང་ཚོའི་དགའ་མོས་བྱེད་ས་ཞིག་མིན་པ་དང་། ང་ཚོ་ཡང་དེང་གི་ཆབ་སྲིད་ལམ་ལུགས་འདི་ལ་དགའ་མོས་མེད་པ། ང་ཚོ་སྲིད་དོན་ཚོགས་པ་གཅིག་ཁོ་ནའི་ཆབ་སྲིད་ལམ་ལུགས་ལ་དེ་བས་ཀྱང་འདོད་པ་ཡོད་པ་མ་རེད།
གནད་དོན་འདི་ཁོ་རང་ཚོའི་རྩོད་གཞི་ཞིག་ཀྱང་ཆགས་ཡོད། འོན་ཀྱང་ངས་རྩོད་གཞི་ནི་ཆེས་སྤྱིར་བཏང་གི་དོན་དག་ཅིག་ཏུ་མཐོང་གི་ཡོད། འདི་དོན་དངོས་རེད། རྒྱ་ནག་ཁོ་རང་གི་ལམ་ཕྱོགས་སུ་འགྲོ་དགོས་པ་རེད། དེར་མ་ཟད། གལ་ཏེ་སང་ཉིན། རྒྱ་ནག་གིས་བློ་བུར་དུ་དམངས་གཙོའི་འོས་བསྡུའི་བྱ་འགུལ་སྤེལ་བ་ཡིན་ན། དེ་ཡང་གསར་དུ་བཞག་པའི་མཛད་རྗེས་ཤིག་ཡིན་པ་ང་ལ་ཡིད་ཆེས་ཡོད། འདི་ནི་དངོས་འབྲེལ་ཞིག་ཡིན་ཞིང་། ང་ནི་དངོས་ཡོད་གནས་བབ་ལ་གཞིག་ཅིང་དཔྱོད་མཁན་ཞིག་ཡིན། ཁྱོད་ལ་འདི་འདྲའི་ལྟ་ཚུལ་ཡང་དག་ཅིག་ཡོད་ན་ནི་ལེགས་པར་འཁུམས་མོད་ཀྱང་། ཁྱོད་ཀྱིས་ད་དུང་དངོས་དོན་གྱི་ལྕི་ཡང་གཞལ་དགོས་པ་རེད།

དྲི་བ། དེས་ན། པེ་ཅིན་ལྷན་ཚོགས་ཁག་ནི་དངོས་དོན་ཞིག་དང་། རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཕྱོགས་གཏོགས་མི་མང་ནི་ཡང་དག་ཅིག་ཡིན་ནམ།

ལན། ཁྱོད་ཀྱིས་བཤད་པ་དེ་ག་རང་རེད། དངོས་དོན་ནམ། དངོས་ཚུལ། ཡང་དག་སོགས་གང་ཡིན་རུང་། དེས་ཁོ་རང་ཚོའི་བར་གྱི་ལྕི་ཡང་འཇལ་གྱི་ཡོད། ཁྱོད་ལ་ཁྱོད་རང་ཉིད་ཀྱི་ཡང་དག་གི་ལྟ་ཚུལ་ཞིག་ཡོད་ནའང་། གཞུང་ཕྱོགས་ཀྱིས་མོས་མཐུན་བྱེད་མིན་གྱི་དབང་གིས་ཁྱོད་ཀྱི་ཡང་དག་གི་ལྟ་ཚུལ་དེ་དངོས་དོན་ཆགས་ཐུབ་ཀྱི་མེད་པས། དོན་གོ་ཆོད་པ་མ་རེད། འདི་ནི་རྒྱལ་ཡོངས་དམངས་གཙོ་ཚོགས་པ་དང་ང་ཚོའི་བར་གྱི་ཁྱད་པར་རེད།

དྲི་བ། འོ་ན། རྒྱལ་ཡོངས་དམངས་གཙོ་ཚོགས་པས་ཅི་ཞིག་བྱས་ན་ལེགས་སམ།

ལན། རེད། ངས་ནི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་བཤད་རྒྱུར། ཁྱོད་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་རེད། ཉེ་ཆར་ཉི་མ་ ༧༩ རིང་ལ་གསར་བརྗེ་ལས་འགུལ་བསླངས་པ་རེད། ཁྱོད་ལ་པེ་ཅིན་གཞུང་གི་ཁེ་དབང་ཐོབ་སོང་ངམ། ཐོབ་ཡོད་པ་མ་རེད། ངས་ཁྱོད་ལ་བཤད་རྒྱུར། དེས་རྔོ་ཐོག་གི་མ་རེད། ངས་བལྟས་ན། ཁྱོད་ཀྱིས་པེ་ཅིན་གཞུང་ལ་རྒོལ་ཞིང་འཐབ་པའི་བསམ་སྦྱོར་མཚམས་འཇོག་པ་དང་། ཁྱོད་རང་གི་བསམ་ཕྱོགས་བསྒྱུར་བ། དབུས་སྲིད་གཞུང་དང་ཞི་འགྲིག་བྱེད་པ་བཅས་ཀྱིས་འཐུས་ཤིང་། ཁྱོད་ཀྱིས་དབུས་སྲིད་གཞུང་དང་མཐུན་འབྲེལ་ལེགས་པོ་བྱས་པས་ཀྱང་། བྱ་བཞག་ལ་སླར་ཡང་འཕོ་འགྱུར་འཐེབས་ཀྱི་རེད།
ཁ་སང་དེ་རིང་བདག་གིས་རང་རྒྱལ་གྱི་ཆབ་སྲིད་ལ་འཕོ་འགྱུར་འགྲོ་བར་ཡིད་ཆེས་ཀྱིས་ཁེངས་ཡོད། ཡིན་ནའང་། འཕོ་འགྱུར་འདི་ལ་འགོག་རྒོལ་བྱ་ངེས་རེད། ང་ཚོའི་སེམས་ཁུར་ནི་ཧོང་ཀོང་གི་འབྱུང་འགྱུར་ཡིན་པ་དང་། ང་ཚོའི་དཔལ་འབྱོར་ཡང་སྐམ་ས་ཆེན་མོ་དང་མཉམ་འབྲེལ་བྱས་ཡོད་པས། ཁྱོད་ཀྱིས་དབུས་སྲིད་གཞུང་དང་འབྲེལ་ལམ་བརྟན་བརླིང་ཇི་ལྟར་བཟོ་རྩིས་ཡིན་ནམ། ཧོང་ཀོང་གྲོང་ཁྱེར་གྱི་ངོས་ནས་ཉིན་བཞིན་རྟོག་ཞིབ་དང་སྟངས་འཛིན་བྱེད་དགོས་འདུག་སྟེ། ང་ཚོས་ད་དུང་འདི་གའི་འཚོ་གནས་ཀྱི་རྩོད་རྙོག་མང་པོ་ཐག་གཅོད་དགོས་ན། ང་ཚོས་ལས་དོན་འདི་དག་ཇི་ལྟར་སྒྲུབ་རྒྱུ་ཡིན་ནམ།

 

མ་ཡིག་གི་འབྲེལ་ཐག http://sinosphere.blogs.nytimes.com/2015/06/15/q-and-a-holden-chow-on-china-elections-and-hong-kongs-attitude/?_r=0

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese