མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེ་ཝན་གྱི་འོས་བསྡུ། རྒྱ་ནག་གི་འདོད་ཕྱོགས།

བོད་ཀྱི་དུས་བབ།
༢༠༡༥/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ནེའུ་ཡོག་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཕུར་བུའི་ཉིན། རྒྱ་ནག་གཞུང་རང་སྲིད་རང་སྐྱོང་གིས་འཚོ་བའི་གོ་མིན་ཏང་མཚོ་འགག་གི་ཁ་གཏད་དུ་ལངས་ཏེ། ལོ་རྗེས་མའི་ཕྱི་ཟླ་ ༡ ཐེ་ཝན་གྱི་སྲིད་འཛིན་འོས་བསྡུ་དེ། རང་དབང་རང་བཙན་གྱི་འོས་གཞི་མིན་ཚེ་ཅི་ནས་ཀྱང་དགའ་བསུ་ཡི་རངས་ཞུ་ངེས་ཡིན་ལུགས་བརྗོད་འདུག

འདས་པའི་ལོ་ངོ་འདི་དག་གི་རིང་ལ། ཐེ་ཝན་མཚོ་འགག་པེ་ཅིན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱ་ནག་དམར་ཤོག་ཚོགས་པ་དང་ཆེས་རྣོ་ངར་ལྡན་པའི་ཆབ་སྲིད་ཀྱི་འགལ་ཟླར་ལངས་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་མཚོ་འགག་ནི་རང་གི་རྒྱལ་ཁོངས་མཚོ་ཁུལ་ཞིག་དང་རང་རྒྱལ་ལ་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན་ལུགས་རྩོད་གླེང་བྱེད་ཅིང་། གལ་ཏེ་ཐེ་ཝན་མཚོ་འགག་གིས་ད་དུང་རང་དབང་རང་བཙན་གྱི་གླེང་ཕྱོགས་འཛིན་ཚེ། བཙན་ཤེད་ཀྱིས་རང་གི་མངའ་འོག་ཏུ་བསྡུ་རྩིས་ཡོད་པ་རེད།

ད་རེབ་ཐེ་ཝན་རང་སྐྱོང་མཚོ་འགག་གི་སྔོན་འགྲོའི་སྲིད་འཛིན་འོས་བསྡུ་དེ། ཐེ་ཝན་རྒྱལ་ཞེན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧོང་ཞུ་ཀྲུའུ་(Hung-shiu-chu)དང་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཚེ་ཡིན་ཝོན་(Tsai-lng-Wen)གཉིས་བར་གྱི་རྩོད་འགྲན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་པ་དང་། རེས་གཟའ་ལྷག་པའི་ཉིན། ཐེ་ཝན་གྱི་ཆེས་མཐོའི་སྲིད་དོན་ཚོགས་པ་ཁག་གི་དཔོན་རིགས་ཚོའི་བཀའ་འཁྲོལ་ཐོབ་རྗེས། ལྕམ་ཧོང་ཞུ་ཀྲུའུ་གོམ་གང་མདུན་སྤོས་ཀྱིས་ཐེ་ཝན་རྒྱལ་ཞེན་ཚོགས་པའི་འོས་མིར་ལངས་པ་རེད།

ཡང་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ལམ་དུ། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མའོ་ཞོ་ཀུང་ཟེར་བ་ཞིག་གིས། ལྕམ་ཧོང་ཞུ་ཀྲུའུ་ཡི་གནས་ཚུལ་ལ་དོ་སྣང་བྱུང་ཡོད་ཚུལ་བརྗོད་ཅིང་། ཡང་ཁོ་ཚོ་ཐེ་ཝན་མཚོ་འགག་གི་འོས་བསྡུའི་རྩོད་གླེང་ནང་དུ་ཚུད་འདོད་མེད་ལུགས་དང་། ཐེ་ཝན་གྱི་རང་བཙན་རྩོད་གླེང་མ་གཏོགས། ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་མཚོ་འགག་གི་སྲིད་ཚོགས་ཁག་དང་མི་སྒེར་སུ་ཡིན་ཡང་། ཁོ་ཚོར་དགའ་བསུ་དང་ཡི་རངས་ཡོད་སྐོར་བརྗོད་འདུག

‘ཕྱི་ལོ་ ༡༩༩༢ ལོའི་གྲོས་ཆོད་དེ’‘རྒྱ་ནག་རྒྱལ་ཁབ་གཅིག’གི་རྩ་འཛིན་ནང་། པེ་ཅིན་གཞུང་གིས་ཐེ་ཝན་མཚོ་འགག་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དྲངས་ཡོད་པ་གཞིར་བྱས་ཐོག ཐེ་ཝན་རྒྱལ་ཞེན་ཚོགས་པའི་འོས་མི་ལྕམ་ཧོང་ཞུ་ཀྲུའུ་ཡིས་རྒྱ་ནག་གི་སྲིད་ཇུས་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་སྟེ། ཁོ་མོས་རྒྱ་ནག་དང་ལྷན་དུ་ཞི་འགྲིག་གི་ཆིངས་ཡིག་ལ་མིང་རྟགས་བཀོད་འདོད་ཡོད་ཚུལ་བཤད་པ་དང་སྦྲགས་ཏེ། ཉེ་བའི་བདུན་ཕྲག་འདི་དག་གི་རིང་ལ། རྒྱ་ནག་གཞུང་གིས་ཐེ་ཝན་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ལྕམ་ཚེ་ཡིན་ཝོན་ལ་ཁ་རྡུང་དྲག་པོ་བཏང་སྟེ། ཁོ་མོས་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་དང་ཁོ་མོས་ཕྱོགས་གཉིས་བར་གྱི་ཞི་བདེ་ཡི་མཇུག་ཅི་ལྟར་སྐྱོང་རྩིས་ཡོད་པ་སོགས་གསལ་འདེབས་བྱེད་དགོས་སྐོར་བརྗོད་ཅིང་།  ཡང་ཐེ་ཝན་མཚོ་འགག་གི་སྲིད་ཇུས་མཐུན་ཚོགས་ནས་གནས་ཚུལ་བསྒྲགས་པ་ལྟར་ན། རེས་གཟའ་ལྷག་པའི་ཉིན་གྱི་སྔོན་འགྲོའི་འོས་འདེམས་ཁྲོད་དུ། ལྕམ་ཚེ་ཡིན་ཝོན་ལ་ཡུལ་མི་ 50.2% ལྷག་གི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། ལྕམ་ཧོང་ཞུ་ཀྲུའུ་ལ་ 29.3% ཙམ་ལས་ཐོབ་མེད་ལུགས་བརྗོད་འདུག  

འབྲེལ་ཡོད་གསར་འགྱུར།

 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

ཆུ་ཚོད་ ༩ སྔོན་ལ།
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦
ལྕམ་སྐུ་པེ་ལོ་སི་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་ནང་༧སྐུའི་གོ་སྟོན་སྲུང་གཙི་གནང་།

༢༠༢༥/༠༦/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese