མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་ཡུན་རིང་པོའི་བྲན་གཡོག་གི་གྲིབ་ཡོར།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཕོལ་ཁ་རུག་མན། (Paul Krugman)

སྔོན་ཆད་དང་བསྡུར་ན། དེང་སྐབས་ཨ་མི་རེ་ཁ་འདི་མི་རིགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་མ་རེད་ཟེར་དོན། ངས་ཕོ་བྲང་དཀར་པོའི་སྲིད་དབང་དེ་ཨ་རི་དང་ཨ་ཧྥི་རེ་ཁའི་མི་རིགས་འདྲེས་མ་ཞིག་གིས་ཁ་ལོ་སྒྱུར་བཞིན་པའི་དོན་དངོས་གླེང་བ་མིན། ད་ལྟའི་བར་དུ་བསམ་ཡུལ་ལས་འདས་པའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་ནའང་། མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ཁྲིམས་སྲོལ་དང་སྤྱི་དམངས་ཐོབ་ཐང་བརྩོན་ལེན་གྱི་ལས་འགུལ་སོགས་མ་བསླངས་སྔོན་གྱི་ཁྱབ་ཆེའི་མི་རིགས་དབྱེ་འབྱེད་ཀྱི་སྒྲིག་རིམ་དེ་མཇུག་བསྒྲིལ་བ་མ་ཟད། མི་སྒེར་བྱེ་བྲག་པའི་བསམ་ཕྱོགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ཆ་བཞག་ན་ཕྱི་ལོ་ ༡༩༨༠ སྔར་རྗེས་སུ་ཨ་རིའི་ཡུལ་མི་ཕྱེད་ཀ་ལྷག་གིས་མི་རིགས་དཀར་ནག་བར་གྱི་གཉེན་སྒྲིག་ལ་འགོག་རྒོལ་བྱེད་ཀྱི་ཡོད་རུང་། དེང་སྐབས་གནད་དོན་དེ་གྲངས་ཉུང་མི་རིགས་རེ་འགའ་ཞིག་གི་ནང་དུ་མ་གཏོགས་མེད་པ་ལྟ་བུ་ཆགས་ཡོད།

དེ་ལྟར་ཡང་། ང་ཚོར་སྔོན་ཆད་ཀྱི་སྐྱི་གཡའ་བའི་འཇིགས་སྐྲག་ཅིག་བསྐྱར་དུ་དྲན་སྐུལ་བཏང་བ་ལྟར། ང་ཚོའི་སྤྱི་ཚོགས་སྟེང་དུ། དུས་ད་ལྟ་ད་དུང་ཡང་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ཞེ་འཁོན་དང་སྡང་སེམས་ནི་ཆེས་ཟིལ་ཤུགས་ལྡན་པའི་དཔུང་འཇུག་ཅིག་གི་ཚུལ་དུ་གནས་ཡོད། ངས་འདི་ལྟར་བཤད་ན། ཁྱོད་རང་དགོངས་འགལ་མེད་པར་ཞུ། དེང་གི་མི་རིགས་དཀར་ནག་བྱེད་འབྱེད་ནི། ང་རང་ཚོའི་ཆབ་སྲིད་དཔལ་འབྱོར་གྱི་ཚད་ཤིང་ལྟ་བུ་ཞིག་ཆགས་ཡོད། དེའི་རྒྱུ་མཚན། ཆེས་གདུག་རྩུབ་ཆེ་བའི་རིན་ཐང་ལྟ་ཚུལ་ཡིན་ན་འདྲ། རང་གི་མི་སེར་ལ་འཕྲད་པའི་དཀའ་སྡུག་ལ་བཟོད་བསྲན་གུ་ཡངས་གནང་བའི་བསམ་འདུན་ཡིན་ཡང་ཆོག འཛམ་གླིང་སྟེང་གི་སྔོན་ཐོན་རྒྱལ་ཁབ་དག་གི་ཁྲོད་དུ། ཨ་མི་རེ་ཁ་ནི་གཞན་དང་མི་མཚུངས་པ་ཞིག་ཡིན་འདུག

ངས་འདི་ལྟར་བཤད་ན། རྙིང་ཞེན་རིང་ལུགས་པ་ཚོར་ཕོག་ཐུག་སློང་སྲིད་པ་བསྙོན་མེད་ཡིན་ན། ངས་འདིར་གཟབ་ནན་གྱི་སྒོ་ནས། ང་རང་ཚོའི་རྒྱལ་ཡོངས་ཆབ་སྲིད་ལས་དོན་ཁྲོད་དུ་ཟམ་མི་ཆད་པར་འབྱུང་གིན་པའི་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལྟ་བ་དང་དེའི་རྒྱུ་མཚན་འགའ་ཞིག་ལུང་དུ་འདྲེན་པ་དང་། ངས་ཨ་རིའི་རྒྱལ་ནང་གི་མི་རིགས་དབྱེ་འབྱེད་ཐད་ཀྱི་ང་རང་ཉིད་ཀྱི་གོ་རྟོགས་དེ། ངས་ཚད་ལྡན་ལྗགས་རྩོམ་གཉིས་གཞིར་བཟུང་ནས་བཤད་རྒྱུ་ཡིན།

ལྗགས་རྩོམ་དང་པོ། ཚན་རིག་པ་བྷར་ཊལ་གྱིས་སྐུ་ཞབས་ཐོ་མ་སི་ཧྥ་རན་ཁིའི་བརྩམས་ཆས་ << ཁན་ས་སི་ལ་ཅི་བྱུང་བ་ཡིན་ནམ >> ཞེས་པ་གཞིར་བཟུང་ཐོག མི་དཀར་ངལ་རྩོལ་གྲལ་རིམ་དེ་དམངས་གཙོ་རིང་ལུགས་པའི་གྲས་ནས་ལོགས་སུ་བུད་པའི་ཐད་ལ་དཔྱད་ཞིབ་གནད་སྨིན་མཛད་ནས་མིང་དུ་གྲགས་པ་རེད། བརྩམས་ཆོས་དེའི་ནང་སྐུ་ཞབས་ཧྥ་རན་ཁིས་གཡས་ལྷུང་བཤུ་གཞོག་གྲལ་རིམ་ཚོས་མི་དཀའ་ངལ་རྩོལ་གྲལ་རིམ་ལ་སོ་སོའི་ཁེ་ཕན་ལ་མ་བལྟས་པར་ཁོ་ཚོར་འོས་ཤོག་འཕེན་དགོས་པའི་ངན་སྐུལ་བཏང་བར་རྩོད་གླེང་བྱས་ཡོད། ཡིན་ནའང་། སྐུ་ཞབས་བྷར་ཊལ་ལགས་ཀྱིས་མི་དཀར་ངལ་རྩོམ་གྲལ་རིམ་གྱིས་དམངས་གཙོ་རིང་ལུགས་པར་ཁ་གཏད་བཅག་པ་དེ་རྒྱལ་ཞེན་རིང་ལུགས་ཀྱི་སྣང་ཚུལ་ཞིག་མ་ཡིན་པར། དེ་ནི་ལྷོ་རྒྱུད་སྤྱི་མཐུན་ཚོགས་པའི་ཁ་གཏད་དུ་ལངས་པའི་འགོག་རྒོལ་བསྙོན་མེད་ཅིག་ཡིན་པར་བསྟན་ཞིང་། དེ་ཡང་སྐབས་སོ་བདུན་པའི་ཨ་རིའི་སྲིད་འཛིན་ནེ་ཁི་སོན་མཆོག་གིས‘ལྷོ་རྒྱུད་ཀྱི་འཐབ་རྩོད’དུ་འབོད་པའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་ལས་འགུལ་ལ་མོས་མཐུན་བྱས་པའི་རྗེས་སུ་བྱུང་བ་རེད།

ཆབ་སྲིད་བཅོས་བསྒྱུར་འདི་དག་ཕྱི་ལོ་ ༡༩༨༠ རྗེས་ཀྱི་གཡས་ཕྱོགས་སུ་བསྐྱོད་པའི་ཨ་རིའི་ཆབ་སྲིད་ཀྱི་གཡོ་འགུལ་ཞིག་རེད། མི་རིགས་དབྱེ་འབྱེད་ལ་བརྟེན་པས། ཨ་རིའི་སྐབས་བཞི་བཅུ་བའི་སྲིད་འཛིན་རི་གྷན་གྱི་རིང་ལུགས་མངོན་འགྱུར་བྱ་ཡང་སྲིད་ལ། ད་ལྟའི་བར་དུ་ལྷོ་རྒྱུད་ཀྱི་མི་དཀར་བརྒྱ་ཆ་ ༨༥  ནས་ ༩༠ གདོད་དུས་ཀྱི་འདུ་ཤེས་བཟུང་ནས་སྤྱི་མཐུན་ཚོགས་པར་འོས་ཤོག་ལྡུག་གི་ཡོད།

ལྗགས་རྩོམ་གཉིས་པ། དཔལ་འབྱོར་རིག་པ་མཁན་ཨ་ལེ་སེ་ན་དང་གྷ་ལེ་སར། ས་སིར་ཌོ་ཊ་གསུམ་གྱི་བརྩམས་གྲུབ་པའི་ <<ཨ་མི་རེ་ཁ་ཅིའི་ཕྱིར་ཡུ་རོབ་ནང་བཞིན་བདེ་འཇགས་ཀྱི་རྒྱལ་ཁབ་ཅིག་མ་ཡིན་ནམ>> ཞེས་པ་དེ་རེད། བརྩམས་ཆས་འདི་རྩོམ་མཁན་ (ཁོ་ཚོ་རང་དབང་དམངས་གཙོའི་ཤོག་ཁག་གང་ལའང་མི་གཏོགས) ཚོས་སྔོན་དཔག་གི་གཞུང་ལ་ཞིབ་འཇུག་བྱས་པ་ཡིན་ནའང་། དོན་ངོ་མར་ཁོ་ཚོས་མི་རིགས་དཀར་ནག་དབྱེ་འབྱེད་ཀྱི་ལྟ་བ་ལྟེ་བར་བཟུང་འདུག་ལ། དེའི་རྒྱུ་མཚན་ཡང་། ཨ་རིའི་རྒྱལ་ནང་གི་ཆབ་སྲིད་ལས་རིམ་ཁག་མང་པོ་ཞིག་གིས་མི་མང་གི་མངོན་འདོད་ཡིད་བཞིན་དུ་སྐོང་གི་ཡོད་དེ། “ཨ་རིའི་རྒྱལ་ནང་གི་མི་རིགས་དབྱེ་འབྱེད་ནི། རྒྱལ་དམངས་བདེ་ལ་འཁོད་པའི་ལུང་བསྟན་མེད་མི་རུང་བ་ཞིག་ཡིན་ལ། ཨ་རིའི་མི་རིགས་དབྱེ་འབྱེད་ཀྱི་དཀའ་རྙོག་དངོས་ནི། ཨ་རིའི་རྒྱལ་དམངས་བདེ་འཇགས་མ་ཡིན་པའི་རྒྱུ་མཚན་ལ་ཐུག་ཡོད”ཅེས་པ་དེའོ།།

ཕྱི་ལོ་ ༢༠༠༡ ལོར་གོང་སྨོས་བརྩམས་ཆས་དེ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས་འདུག་པས། ད་ལྟའི་བར་དུ་འཕོ་འགྱུར་རབ་དང་རིབ་པར་ཕྱིན་ཡོད་ཚེ། ཀློག་པ་པོ་ཁྱོད་རང་ཧ་ལས་པ་ཞིག་འབྱུང་ངེས་མོད། སྟབས་མ་ལེགས་པར། དེ་ལྟ་བྱུང་ཡོད་པ་མ་རེད། དེ་ཡང་ཁྱོད་ཀྱིས་ཨ་རིའི་རྒྱལ་ཕྲན་ཁག་གི་འགེབས་སྲུང་ལས་གཞི་ (Obamacare) ལག་བསྟར་བྱས་ཡོད་མེད་ལ་ཅིག་བལྟས་བས་ཀྱང་གསལ་བོར་མཐོང་ཡོང་།

ཁྱབ་ཆེ་བའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་འགན་སྲུང་བྱ་འགུལ་ (Medicaid) ལ་འགོག་རྒོལ་བྱེད་པའི་རྩོད་རྙོག་འདིའི་ནང་མ་ཞུགས་པའི་མི་མང་ལ་མཚོན་ན། ༢༠༡༢ ལོར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་རྒྱལ་ཕྲན་སོ་སོར་རང་མོས་ཀྱི་གདམ་ག་སྤྲད་ཡོད་པ་རེད། ཡིན་ནའང་། རྒྱལ་ཕྲན་འདི་དག་གིས་ཅིའི་ཕྱིར་དུ་དེ་འདྲའི་གདམ་ག་ཞིག་ལག་ལེན་དུ་བསྟར་བ་ཡིན་ནམ། གང་ལྟར་རྒྱལ་ཕྲན་འདི་དག་ནང་སྤྱི་མཐུན་ཐེབས་རྩའི་ལས་རིམ་ལག་བསྟར་བྱས་ཏེ། མི་སེར་རྣམས་ལ་ཨ་སྒོར་ས་ཡ་མང་པོའི་ཁེ་ཕན་སྤྲད་པ་མ་ཟད། དཔལ་འབྱོར་འདུ་འགོད་ཀྱི་ཐད་ལའང་ཨ་སྒོར་ཁྲག་ཁྲིག་མང་པོ་བཏང་སྟེ། ཁོ་ཚོའི་འཕྲོད་བསྟེན་བདེ་སྲུང་ལ་རོགས་སྐྱོར་བྱས་པ་རེད། དེར་བརྟེན། འདི་འདྲའི་མཐུན་འགྱུར་ལ་སུ་ཞིག་གིས་འགོག་རྐྱེན་བཟོ་འམ། 

རེ་ཟུང་གིས་རང་གི་བསམ་ཕྱོགས་ལ་འགྱུར་བ་གཏང་སྲིད་ནའང་། ཨ་རིའི་རྒྱལ་ཕྲན་ ༢༢ ལྷག་གིས་འགོག་རྐྱེན་བཟོ་སྲིད་པ་མ་རེད། དེས་ན། ཨ་རིའི་རྒྱལ་ཕྲན་ཁག་ལ་ཐུན་མོང་གི་ལྟ་ཚུལ་གང་དང་ཅི་ཡོད་དམ་ཞེ་ན། གཙོ་བོ་དེ་ཁོ་ཚོར་བྲན་གཡོག་གི་ལོ་རྒྱུས་རང་བཞིན་ལྡན་པ་རེད། དེ་ཡང་ལྷོ་ཨ་རིའི་ཕྱོགས་སྒྲིལ་རྒྱལ་ཁབ་ཀྱི་ཁོངས་མི་ཟུར་བ་ཚོས་ཁྱབ་ཆེ་བའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་འགན་སྲུང་བྱ་འགུལ་རྒྱ་ཆེར་སྤེལ་བ་དང་། སྐབས་དེར་བྱང་ཨ་རིའི་རྒྱལ་ཕྲན་ཁག་ཅིག་ཀྱང་བྱ་འགུལ་དེའི་ནང་མཉམ་ཞུགས་བྱས་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་འཕྲོད་བསྟེན་འགན་སྲུང་བྱ་འགུལ་ལ་ངོ་རྒོལ་བྱེད་མཁན་མི་འབོར་བརྒྱ་ཆ་ ༨༠ ‘འཁྱག་དམག’ཏུ་འབོད་པའི་ནང་ཁུལ་སྡེ་གཟར་མ་བྱུང་སྔོན་ལ་བྲན་གཡོག་ལམ་ལུགས་ལག་བསྟར་བྱས་པའི་རྒྱལ་ཕྲན་དེ་དག་ནང་འཚོ་སྡོད་བྱེད་མཁན་ཤ་སྟག་ཡིན་པ་རེད།

གོང་སྨོས་བྱ་འགུལ་དེ་འཕྲོད་བསྟེན་བདེ་སྲུང་སྲིད་ཇུས་ལེགས་བཅོས་ཤིག་ཁྱོན་ནས་མ་ཡིན་ཏེ། དོན་དངོས་སུ་ཨ་རིའི་བྲན་གཡོག་གི་ལོ་རྒྱུས་ནི། ཨ་རིའི་རྒྱལ་ནང་གི་ཆེས་དམའ་བའི་གླ་ཕོགས་དང་དགྲར་འཛིན་ཤོག་ཁག དཔྱ་ཁྲལ་སྲིད་ཇུས་སོགས། ཡོད་ཚད་མེ་མདས་ཐག་གཅོད་དགོས་པའི་ལུང་བསྟན་འཁྲུལ་མེད་ཅིག་ཡིན་པར་འདུག དེས་ན། འབྱུང་འགྱུར་ཡང་དེ་ལྟ་དེ་ལྟར་ཡིན་སྲིད་དམ། བྲན་གཡོག་གི་གྲིབ་ཡོར་འོག་ཏུ། ཨ་མི་རེ་ཁའི་འཚོ་གནས་ལ་དུས་དང་རྣམ་པ་ཀུན་ཏུ་སྐྱོན་བརྗོད་ཐེབས་སམ།

ངས་བལྟས་ན་དེ་འདྲ་སྲིད་ཀྱི་མ་རེད། རྒྱུ་མཚན་གཅིག ང་ཚོའི་མེས་རྒྱལ་ནང་མི་རིགས་འདྲ་མིན་སྣ་ཚོགས་འཕེལ་ཡོང་གི་ཡོད་སྟབས། མི་རིགས་དཀར་ནག་བར་གྱི་འགལ་འདུའི་དུས་སྐབས་དེ་ཡོལ་འགྲོ་གི་ཡོད། རྒྱུ་མཚན་གཞན་པ་དེ། ངས་གོང་དུ་བཤད་ཟིན་པ་ལྟར། ང་རང་ཚོའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཧ་ལམ་མི་རབས་གཅིག་གི་རྗེས་སུ། སྤྱི་ཚོགས་སྟེང་གི་འཐབ་རྩོད་མང་པོ་ཞིག་ལ་རང་བཞིན་གྱིས་བཟོད་བསྲན་གུ་ཡངས་ཡོང་གི་རེད་ལ། སྐབས་དེར་ང་ཚོས་མི་རིགས་དབྱེ་འབྱེད་དང་དེའི་རྩོད་གླེང་གི་ཤན་སྟོབས་ཞན་དུ་འགྲོ་བར་རེ་ལྟོས་བཅོལ་ཆོག་གི་རེད།

ཡིན་ནའང་། དུས་སྐལ་དེར་ད་དུང་ཐོན་ཡོད་པ་མ་རེད། སྐབས་དང་སྐབས་སུ་ཁྱོད་ཀྱིས་ཨ་རིའི་རྒྱལ་ནང་གི་མི་རིགས་དབྱེ་འབྱེད་ཀྱི་དཀའ་ཁག་དེ་ཛ་དྲག་ཆགས་མི་སྲིད་ཅེས་པའི་མཉམ་སྒྲོག་རོལ་དབྱངས་ཀྱི་འགྱུར་ཁུགས་ཤིག་ཐོས་ཡོང་ལ། དེ་ནི་རེ་སྨོན་གྱི་བསམ་གཞིག་ཙམ་ཡིན་པ་ལས། དོན་དངོས་ཐོག་ང་ཚོ་ད་དུང་ཡང་རང་གི་མེས་རྒྱལ་གྱིས་བསགས་པའི་སྡིག་ཉེས་འབའ་ཞིག་གི་དབང་དུ་ཚུད་ཡོད་པ་རེད།

མ་རྩོམ་འབྲེལ་ཐག
http://www.nytimes.com/2015/06/22/opinion/paul-krugman-slaverys-long-shadow.html?_r=0

 

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese