མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཅིག་ལ་ཞིབ་བཤེར།

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་ཚོགས་གཞོན་ཟུར་བ་ལེ་ཏ་ཁོ་ཟེར་བ་ཞིག་ལ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་ཡོད་འདུག

རོའུ་ཌར་གསར་ལམ་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་གཅིག་ལྷག་རིང་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཁང་གི་ཚོགས་གཞོན་ལེ་ཏ་ཁོ་ (Le Dake) ལ་རྟོག་ཞིབ་བྱས་པ་བརྒྱུད། ཁོས་ལུགས་འགལ་ཁྲིམས་འགལ་གྱི་ནག་ཉེས་ཚབས་ཆེན་བསགས་ཡོད་པ་མ་ཟད། གཞུང་རྒྱུ་ལྐོག་ཟ་བྱས་པའི་དོགས་གཞིའི་འོག་བཀག་བསྐྱིལ་ཞིབ་བཤེར་ བྱེད་བཞིན་ཡོད་སྐོར་བརྗོད་འདུག

འདིའི་ཐད་རྒྱ་ནག་དབུས་སྒྲིག་ཁྲིམས་ཞིབ་བཤེར་ཚོགས་ཆུང་གི་དྲ་ཚིགས་ཐོག ང་ཚོས་ལོ་གཅིག་ལྷག་རིང་ལེ་ཏ་ཁོ་ལ་རྟོག་ཞིབ་བྱས་པ་བརྒྱུད། ཁོས་རྒྱལ་ཁབ་ལ་གནོད་པའི་ཁྲིམས་འགལ་གྱི་ནག་ཉེས་བསགས་ཡོད་པ་མ་ཟད། ལྷག་པར་དུ་རྒྱལ་དོན་རས་སུ་བོར་ནས་རང་དོན་བསྒྲུབས་པ་དང་ལྐོག་ཟ་བྱས་ཡོད་པ་བཅས་ཀྱི་དོགས་གཞི་བྱུང་སྟེ། ད་ལྟ་རང་སྐྱོན་ངོས་ལེན་གྱིས་ཞིབ་བཤེར་དང་འདྲི་གཅོད་བྱེད་བཞིན་ཡོད། ཅེས་བཀོད་འདུག

ལེ་ཏ་ཁོ་ནི་ ༡༩༦༠ ལོའི་ཟླ ༣ པའི་ནང་ཅང་ཞི་ཏུང་ཞང་དུ་སྐྱེས་ཡོད་པ་དང་། ༡༩༧༦ ལོའི་ཟླ་ ༡༢ ནས་ ༡༩༧༨ ལོའི་ཟླ་ ༣ པ་ཉིན་བར་ཅང་ཞི་ཞིང་ཆེན་ཏུང་ཞང་རྫོང་སྐར་དམར་སྤོལ་འདེབས་ཁང་གི་ན་གཞོན་ཤེས་ཡོན་ཅན་ལ་བདམས་པ་དང་། ༡༩༨༨ ལོའི་ཟླ་ ༣ ནས་ ༡༩༨༠ ལོའི་ཟླ་ ༢ བར་ཅང་ཞི་ཞིང་ཆེན་ཏུང་ཞང་དགེ་ཐོན་སློབ་གྲྭར་སློབ་སྦྱོང་བྱས་རྗེས། ༡༩༨༠ ལོའི་ཟླ་ ༢ ནས་ ༡༩༨༡ ལོའི་ཟླ་ ༢ བར་རྒྱ་ནག་ཉེས་དོན་མྱུལ་ཞིབ་སློབ་གླིང་ནས་སློབ་སྦྱོང་བྱས་ཡོད་འདུག 

༡༩༨༣ ལོའི་ཟླ་ ༩ ནས་ ༡༩༨༦ ལོའི་ཟླ་ ༧ བར་ཅང་ཞི་སློབ་ཆེན་ནས་རྒྱའི་སྐད་བརྡ་དང་རྩོམ་རིག་ཐོག་ཆེད་ལས་སློབ་སྦྱོང་བྱས་ཡོད་པ་དང་། ༡༩༨༨ ལོའི་ཟླ་ ༨ ནས་བཟུང་ལོ་གཅིག་རིང་ཅང་ཞི་ཞིང་ཆེན་ཧྲང་ཀོ་རྫོང་ཉེན་རྟོག་ཁང་གི་སྤྱི་ཁྱབ་ཉེན་རྟོག་པ་གཞོན་པ་བྱས་ཏེ་ལས་ཀའི་གྲུབ་འབྲས་ལེགས་པོ་བྱུང་ཡོད་སྟབས། ༡༩༩༡ ལོའི་ཟླ་ ༩ ནས་ ༡༩༩༤ ལོའི་ཟླ་ ༡༢ ཉིན་བར་ཅང་ཞི་ཞིང་ཆེན་སྤྱི་བདེ་ལས་ཁུངས་རུ་ཁག་དགུ་བའི་མགོ་གཙོ་གཞོན་པར་བསྐོས་ཡོད་འདུག

༡༩༩༤ ལོའི་ཟླ་ ༡༢ ནས་ ༡༩༩༥ ལོའི་ཟླ་ ༦ བར་ཅང་ཞི་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་རུ་ཁག་གཉིས་པའི་མགོ་གཙོ་གཞོན་པ་དང་། ༡༩༩༥ ལོའི་ཟླ་ ༦ ནས་ ༢༠༠༠ ལོའི་ཟླ་ ༨ བར་ཅང་ཞི་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་རུ་ཁག་གཉིས་པའི་མགོ་གཙོ་བྱས་ཡོད་པ་དང་། ༢༠༠༠ ལོའི་ཟླ་ ༨ ནས་ ༢༠༠༤ ལོའི་ཟླ་ ༨ བར་ཅང་ཞི་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་མགོ་དཔོན་གཞོན་པ་དང་། ༢༠༠༤ ལོའི་ཟླ་ ༨ ནས་ ༢༠༠༤ ལོའི་ཟླ་ ༩ བར་ཅང་ཞི་ཞིང་ཆེན་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་གཞོན་པ་བྱས་ཡོད་འདུག

༢༠༠༤ ལོའི་ཟླ་ ༡༡ ནས་ ༢༠༡༢ ལོའི་ཟླ་ ༡༢ བར་བོད་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁྱབ་ཉེན་རྟོག་པ་དང་། ༢༠༡༢ ལོའི་ཟླ་ ༡༢ ནས་ ༢༠༡༣ ལོའི་ཟླ་ ༡ བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཁང་གི་ཚོགས་མི་དང་སྤྱི་ཁྱབ་ཉེན་རྟོག་པ་གཅིག་ལྕོགས་བྱས་ཡོད་པ་དང་། དེའི་རྗེས་ ༢༠༡༣ ལོའི་ཟླ་ ༡ བར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཁང་གི་ཚོགས་གཞོན་བཅས་ཀྱི་འགན་འཁུར་བླངས་ཡོད་འདུག

གསར་འགོད་པ། དོན་གྲུབ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese