མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་དུག་རྫས་སྤྱོད་མཁན་ཁྲི་ ༡༤༠༠ འདུག

བོད་ཀྱི་དུས་བབ།
༢༠༡༥/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་དབུས་གཞུང་དུག་རྫས་གཏན་འགོག་ལྷན་ཁང་གི་འགན་འཛིན་ལིའུ་ཡའེ་ཅིང་གིས་ ༢༠༡༤ ལོའི་རྒྱ་ནག་ནང་གི་དུག་རྫས་སྐོར་གྱི་སྙན་ཐོ་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། ཕྱི་ལོ་ ༢༠༡༤ ལོ་གཅིག་པུར་རྒྱ་ནག་ནང་དུག་རྫས་སྤྱོད་མཁན་བཞི་འབུམ་བརྒྱད་ཁྲི་ ༤༨༠༠༠༠ ཙམ་རྩད་ཆོད་ཡོད་པ་དང་། ཁྱོན་བསྡོམས་ད་ལྟ་རྒྱ་ནག་ནང་དུག་རྫས་སྤྱོད་མཁན་བྱེ་བ་གཅིག་ས་ཡ་བཞི་ ༡༤༠༠༠༠༠༠ ལས་བརྒལ་ཡོད་ཚུལ་བཀོད་འདུག

རྒྱ་ནག་གི་གསལ་བསྒྲགས་ལྟར་ན། དུག་རྫས་སྤྱོད་མཁན་གྱི་གྲངས་འབོར་དེ་རྒྱ་ནག་གི་མི་གྲངས་དང་བསྡུར་ན་མི་ ༡༠༠ ནང་དུ་དུག་རྫས་སྤྱོད་མཁན་གཅིག་རེ་བྱུང་ཡོད་པ་དང་། རྫོང་དང་གྲོང་ཁྱེར་ ༣༠༤༨ ནང་ཁྱབ་ཡོད་འདུག རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གི་གསལ་བསྒྲགས་གྲངས་ཐོ་དེར་ཡིད་ཆེས་བྱེད་ཀྱི་མེད། དེ་ནི་རྒྱལ་སྤྱིའི་ཐོག་ད་ལྟ་དུག་རྫས་སྤྱོད་མཁན་དུང་ཕྱུར་ ༢ ལྷག་ཡོད་སྟབས། རྒྱ་ནག་གི་གྲངས་འབོར་དེས་རྒྱལ་སྤྱིའི་དུག་རྫས་ངན་གོམ་པ་སྤྱིའི་བརྒྱ་ཆ་ ༧ ལས་ཟིན་མེད།

ཚེས་ ༢༦ ཉིན་སླར་ཡང་རྒྱ་ནག་གིས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་ ༡ ཚེས་ ༡༤ ཉིན་བུད་མེད་རང་ལོ་ ༤༣ ཅན་ཞིག་འཛིན་བཟུང་གིས་ཞིབ་བཤེར་བྱས་པ་བརྒྱུད་དེ། མོ་རང་གི་གཟུགས་པོའི་ནང་དུག་རྫས་སྐྱེལ་འདྲེན་བྱས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། མཐར་མོ་རང་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་ཡོད་པ་མ་ཟད། རྒྱ་སྒོར་ཁྲི་ ༡༥ ཡི་ཉེས་ཆད་བཏང་སྟེ་གྱོད་དོན་དེ་དང་འབྲེལ་བའི་མི་སྣ་མང་པོ་ཞིག་ལ་ཞིབ་བཤེར་བྱེད་བཞིན་ཡོད་འདུག  དེ་ནི་སྔར་ལོའི་ཕྱི་ཟླ་ ༩ ཚེས་ ༡༡ ཉིན་དུག་རྫས་ཚོང་པ་ཞིག་གི་མངག་བཀོད་ལྟར། མོ་རང་གི་ཁོག་པའི་ནང་དུག་རྫས་ཁུག་མ་ ༦༤ ཙམ་བཞག་ནས་ཞེས་ཁྲང་ནས་ཁྲུན་ཏུའུ་རུ་སོང་སྟེ་ཚོང་བསྒྱུར་བྱས་ཡོད་པའི་བདེན་དཔང་བྱུང་ཡོད་འདུག

ཟླ་འདིའི་ཚེས་ ༢༥ ཉིན། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་སྲིད་བློན་ལི་ཁེ་ཆང་སོགས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་། རྒྱ་ནག་གི་དུག་རྫས་སྔོན་འགོག་གི་མི་སྣ་ཚོར་ཐུག་འཕྲད་བྱས་ཏེ། དུག་འགོག་འཐབ་རྩོད་གཏིང་ཟབ་བྱས་ཏེ་དུག་རྫས་མགྱོགས་མྱུར་ངང་ཁྱབ་བརྡལ་དུ་འགྲོ་བཞིན་པར་འགོག་རྒོལ་བྱས་ཏེ། མི་དམངས་ཀྱི་འཕྲོད་བསྟེན་ལ་འགན་ལེན་ཡག་པོ་བྱ་དགོས་ཚུལ་བརྗོད་ཡོད་འདུག

རྒྱ་ནག་གཞུང་དུག་འགོག་ལྷན་ཁང་གི་སྙན་ཐོ་དེ་བཏོན་པ་དང་བསྟུ་ཏེ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་བློ་ཚབ་རང་བཞིན་གྱི་ཐོག་ནས་རྒྱ་ནག་ནང་གི་དུག་རྫས་ངན་གོམས་སྐོར་གྱི་གནས་ཚུལ་མང་པོ་ཞིག་རིམ་བསྟུད་དུ་ཐོན་དང་འཐོན་བཞིན་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༧ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese