མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སའི་སྐུའི་འཁྲུངས་སྐར་གྱི་རྣམ་པ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན་ཏེ་དྷ་སའི་ཚོགས་པ་ཁག་གིས་ཀྱང་ཆོས་དང་རིག་གཞུང་སྤྱི་ཚོགས་བཅས་ཀྱི་ཐོག་ལས་འགུལ་སྣ་ཚོགས་སྤེལ་ཏེ་འཁྲུངས་སྐར་སྲུང་གཙི་གནང་སོང་།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ཐོག་༧གོང་ས་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་གཙི་ཞུ་བཞིན་ཡོད་པ་དང་བསྟུན་ཏེ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་དང་། མི་མང་ཚོའི་ངོས་ནས་ཀྱང་བོད་པའི་རྩ་དོན་འཐབ་རྩོད་དང་། སྐད་ཡིག་རིག་གཞུང་གཅེས་འཛིན། དེ་བཞིན་སྤྱི་ཚོགས་ཞབས་ཞུ་སོགས་རྣམ་པ་འདྲ་མིན་ཐོག་སྐུའི་འཁྲུངས་སྐར་སྲུང་གཙིའི་ཆ་ཤས་ལེན་བཞིན་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༨།༠༠ ཙམ་ནས་དྷ་ས་གཙུག་ལག་ཁང་གི་སྒོ་ཆེན་གཡས་གཡོན་དུ་གངས་སྐྱིད་མེས་དབོན་དཔེ་སྟོན་སློབ་གྲྭའི་༼ན་ཆུང་ཚགས་པར༽དང་། བོད་ཀྱི་ཆ་འཕྲིན་གྱི་དབྱིན་ཡིག་ཚགས་པར་༼ The Tibet Post ༽། དེ་བཞིན། མདོ་སྨད་བདེན་རྒྱབ་རྩོམ་སྒྲིག་ཚོགས་ཆུང་གི་དཔེ་དེབ་༼པཎ་ཆེན་སྣང་བ་མཐའ་ཡས།༽སོགས་དཔེ་དེབ་དང་ཚགས་པར་སྣ་ཚོགས་འགྲེམ་ཚོང་བྱེད་བཞིན་འདུག་ལ། དེ་བཞིན། བོད་ཀྱི་བདེ་རྩ་དང་དྷ་ཤོད་རྒྱ་གར་སྨན་ཁང་ཛཱོ་ནར་(Zonal Hospital)མཉམ་འབྲེལ་ཐོག་ཁྲག་སྦྱིན་གཏོང་བ་སོགས་ཀྱི་ལས་འགུལ་ཡང་སྣ་ཚོགས་ཤིག་སྤེལ་བཞིན་འདུག

ཉིན་འདི་འགར་༧གོང་ས་མཆོག་དྷ་རམ་མས་ལར་བཞུགས་མེད་པ་དང་། བདུན་ཕྲག་སྔོན་མར་དྷ་རམ་ས་ལར་༧གོང་ས་མཆོག་ལ་བརྟེན་བཞུགས་དང་སྐུའི་གྱ་སྟོན་སྲུང་གཙི་ཞུས་པ་སོགས་ཀྱི་མཛད་སྒོ་རབ་དང་རིམ་པ་བསྡུས་ཏེ་མང་ཚོགས་འདུ་འཛོམས་ཆེན་པོ་བྱུང་ཡོད་སྟབས། དེ་རིང་འཁྲུངས་སྐར་མཛད་སྒོར་མི་ཕོན་ཆེན་པོ་འདུ་འཛོམས་བྱུང་མེད་ཀྱང་། མདང་ནུབ་ནས་བཟུང་བཞུགས་ཁུལ་གྱི་ཟ་ཁང་དང་ཚོང་ཁང་། སློབ་གྲྭ་སོགས་སུ་དུས་སྟོན་གྱི་རྣམ་པས་ཁེངས་འདུག

དུས་དྲན་མཛད་སྒོའི་སྟེང་དྷ་ས་ཉེ་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་གིས་གཞས་སྣ་འཁྲབ་སྟོན་དང་། གོར་ཁ་སྤྱི་མཐུན་ཚོགས་པའི་ངོས་ནས་བལ་ཡུལ་གྱི་སྲོལ་རྒྱུན་འཁྲབ་གཞས་བཅས་གཟིགས་འབུལ་གནང་སོང་། གཞུང་འབྲེལ་མཛད་སྒོ་གྲུབ་རྗེས། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདི་ལོའི་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཁྲོད། སེ་ལ་ཀུ་བོད་ཁྱིམ་གྱི་སློབ་མ་བུ་མོ་བདེན་འཛོམས་ལགས་ཀྱིས་བོད་ཡིག་གི་བརྒྱ་ཆ་ ༩༨ བླངས་ཏེ་ཨང་དང་པོ་ཆགས་ཡོད་སྟབས། ཁོ་མོར་༼བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས།༽དང་ཧིན་སྒོར་ ༢༠༠༠༠ བཅས་ཀྱི་གཟེངས་བསྟོད་བྱ་དགའ་གནང་སོང་།

གཞོན་ནུའི་དྲུང་ཆེ་བཀྲ་ཤིས་ལམ་བཟང་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། གཟེངས་རྟགས་འདི་བོད་རིགས་གཞོན་སྐྱེས་ཚོས་སོ་སོའི་སྐད་ཡིག་ལ་འབད་བརྩོན་དང་དོ་སྣང་ཡོང་ཐབས་ལ་དམིགས་ཏེ། ད་ལོ་གསར་དུ་མགོ་འཛུགས་བྱས་པ་ཞིག་དང་། མ་འོངས་པར་ལོ་ལྟར་འབུལ་རྒྱུ་ཡིན་འདུག སློབ་མ་བདེ་འཛོམས་ལགས་ཀྱིས་ཡིག་རྒྱུགས་སྐར་གྲངས་ ༩༨ བླངས་པ་དེ་ནི་ཧ་ཅང་བསྔགས་བརྗོད་ཞུ་འོས་པ་ཞིག་ཡིན་སྟབས། མ་འོངས་པར་གཞོན་སྐྱེས་ཚོས་ཁོ་མོར་མིག་དཔེ་བལྟ་དགོས་སྐོར་བརྗོད་བྱུང་།

གསར་འགོད་པས་བདེ་འཛོམས་ལགས་སུ་བཅར་འདྲི་ཞུས་པར་ཁོས་མོས། ང་རང་ཆུང་དུས་བོད་ནང་ཕ་མས་བོད་ཡིག་འབྲི་ཀློག་ཐོག་ཤུགས་བརྒྱབ་པ་དང་། རྗེས་སུ་བཙན་བྱོལ་ནང་འབྱོར་རྗེས་སྔར་ལྷག་བོད་ཡིག་ལ་དོ་སྣང་དང་འབད་བརྩོན་ཆེན་པོ་བྱས་པ་ཡིན། སྤྱིར་བཏང་ངས་གཟེངས་རྟགས་འདི་འདྲ་ཞིག་འཐོབ་ཀྱི་རེད་བསམ་པ་ཡིད་ལ་འཁོར་མ་བྱུང་ཡང་། ད་ཐེངས་འདི་ཐོབ་དུས་བློ་ཡུལ་ལས་འདས་པ་ཞིག་བྱུང་སོང་ཞེས་སོགས་བརྗོད་བྱུང་།

བོད་ཀྱི་བདེ་རྩ་དང་ཛོ་ནར་སྨན་ཁང་གཉིས་ཀྱི་ཁྲག་སྦྱིན་དེའི་སྐོར་ལ་བདེ་རྩའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་རེས་ཁོང་ཅག་གིས་སྔར་དང་མི་འདྲ་བར་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པར་ཆེད་དུ་དམིགས་ཏེ་མི་གྲངས་ ༨༠ ལ་ཁྲག་བསྡུ་རུབ་བྱས་ཏེ། མ་འོངས་པར་ཛ་དྲག་ནད་མནར་རིགས་ལ་ཁྲག་སྦྱིན་གཏོང་རྒྱུ་ཡིན་འདུག

གཞན། བྲག་གཡབ་པ་ངག་དབང་བྱམས་པ་ལགས་ཀྱིས་འདི་ལོ་༧གོང་ས་མཆོག་དགུང་གྲངས་བརྒྱད་བཅུ་བཞེས་པར་དགའ་སྤྲོའི་རྟེན་འབྲེལ་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད། དེ་རིང་ནས་མགོ་འཛུགས་ཀྱིས་མ་འོངས་པའི་ལོ་གཅིག་རིང་བོད་ཆས་གྱོན་རྒྱུའི་ལས་འགུལ་ཞིག་ཀྱང་མགོ་འཛུགས་གནང་སོང་། ཁོ་རང་གི་གསལ་བསྒྲགས་ནང་བཀོད་པ་ལྟར་ན། བོད་ཀྱི་ཆོས་དང་རིག་གཞུང་སྐད་དང་ཡི་གེ་སོགས་ཡར་རྒྱས་དར་སྤེལ་གཏོང་ཐབས་སྐོར་དུས་དང་རྣམ་པ་ཀུན་ཏུ་བསམ་གཞིག་འབད་བརྩོན་བྱ་དགོས་པ་ནི། བོད་རིགས་མི་རེ་ངོ་རེའི་ཕྲག་ཏུ་བབ་པའི་འོས་འགན་ཞིག་ཡིན་སྟབས། གུས་པ་རང་ཉིད་ཀྱི་ངོས་ནས་ཀྱང་ད་བར་བོད་ཀྱི་སྐད་ཡིག་སོགས་སྤྱི་ཕན་བྱ་གཞག་ཐད་ཉིན་མཚན་ལྟོས་མེད་རང་ནུས་གང་ཡོད་ཀྱིས་སྒྲུབ་མུས་ཡིན་ཁུལ་ཐོག་ལོ་འདི་ནས་ཀྱང་རྒྱལ་བའི་བཀའ་དྲིན་རྗེས་དྲན་མཚོན་ཆེད་དུ་རང་གིས་ནུས་ཚོད་ལ་དཔག་པའི་བོད་གོས་གྱོན་རྒྱུའི་འཆར་གཞི་ཡོད། ཅེས་སོགས་བཀོད་འདུག

ཉིན་གུང་དྷ་རམ་ས་ལའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེ་ཁག་ལྔ་གཙོས་པའི་ཆོལ་ཁ་གསུམ་གྱི་ཚོགས་པ་དང་། ས་གནས་རང་བདེན་ཚོགས་ཆུང་། ས་གནས་མགོ་འཛིན་ལས་ཁུངས། དྷ་སའི་ཚོང་ཁང་སྐྱིད་སྡུག་སོགས་ཚོགས་པ་སྐྱིད་སྡུག་ཆེ་ཆུང་ ༡༩ མཉམ་འབྲེལ་ཐོག་འཁྲུངས་སྐར་མཛད་སྒོར་ཞུགས་མཁན་མི་མང་ཡོངས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་གནང་སོང་།

གསར་འགོད་པ། དོན་གྲུབ།

 

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱིས་སྣང་མེད་དུ་བཏང་བའི་ཉེན་བརྡ། རྒྱལ་ལོ་དོན་གྲུབ་དང་རྒྱ་ནག་གི་བཙན་འཛུལ།

ཆུ་ཚོད་ ༡༥ སྔོན་ལ།
The Dalai Lama directs a peace sign toward the head table, where U.S. President Barack Obama was seated, during the National Prayer Breakfast in Washington, Feb. 5, 2015.
Mobile App

བོད་སྐོར་གླེང་ཚན་བརྒྱད།  ཡང་སྲིད་གནད་དོན་སྐོར།

༢༠༢༦/༡༡/༡༣
བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག ོར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༡།༡༢
Mobile App

བོད་ནང་གི་བོད་མི་མང་པོ་ཞིག་གིས་སྦྲ་ཆེན་གྱི་ས་ཡོམ་ཐད་ཀྱི་དྲིལ་བསྒྲགས་བརྙན་ཐུང་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག 

༢༠༢༦/༡༡/༡༣
པར་དྲ་ལམ་ནས་བླངས། བོད་ཀྱི་དུས་བབ་ཀྱིས་བཟོ་བསྒྲིགས་བྱས།
Mobile App

རྒྱ་ནག་གི་མེ་ཤུགས་འཕུར་མདའི་ཆག་རོ་བོད་ཁུལ་དུ་ལྷུང་།

༢༠༢༦/༡༡/༡༢
Front Slider

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་གོམ་བགྲོད་ལས་འགུལ་མཇུག་བསྒྲིལ།

༢༠༢༦/༡༡/༡༢
བོད་ཀྱི་དུས་བབ་ཀྱིས་པར་བསྒྲིགས།
Mobile App

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཞིག་བསྐོ་གཞག་བྱས་འདུག

༢༠༢༦/༡༡/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese