མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱས་ན་ཧན་མི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་གཅིག་མཚུངས་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་ཧྥ་རན་སིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས། ཇར་མན་དུ་གནས་སྡོད་ཁོར་ཡུག་ཆེད་མཁས་པ་རྒྱ་རིགས་ཝང་ཝེ་ལཱོ་(Wang Weiluo)ལགས་སུ་བཅར་འདྲི་ཞུས་པ་འདིར་བོད་བསྒྱུར་ཞུས།

རླུང་འཕྲིན་ཁང་། སྐུ་ཞབས་ཝང་ཝེ་ལཱོ་ལགས། ཐོག་མར་ཁྱེད་ཀྱིས་ག་རེ་བྱས་ནས་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་ན་རྒྱ་ནག་གི་ས་ཁུལ་གཞན་ལ་ཤུགས་རྐྱེན་ཆེན་པོ་འབྱུང་རྒྱུ་ཡིན་སྐོར་གསུངས་བ་ཡིན།

ཝང་ཝེ་ལཱོ། རེད། ངས་བལྟས་ན་ད་ལྟའི་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་བཏང་ན་དེས་བོད་ཁུལ་དང་བོད་མི་ཙམ་མ་རེད། མ་འོངས་པར་རྒྱ་ནག་རྒྱལ་ཡོངས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད་ཟེར་གྱི་ཡོད། དེ་རྒྱ་ནག་མི་མང་གིས་ཤེས་ཀྱི་ཡོད་པ་མ་རེད། བོད་རང་སྐྱོང་ལྗོངས་ནི་མཐོ་སྒང་བོད་ཀྱི་ཆ་ཤས་ཤིག་ཡིན་ལ་མཐོ་སྒང་བོད་དེ་འཛམ་གླིང་གི་སྣེ་གསུམ་པ་ཡིན་པ་ཚང་མས་ཤེས་གསལ་ལྟར་རེད། ད་ལྟ་མི་ཚང་མས་གནམ་གཤིས་དང་གོ་ལོའི་ཚ་དྲོད་འགྱུར་ལྡོག་གླེང་གི་ཡོད། མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་ལྷན་ཚོགས་ནས་ཀྱང་གོ་ལའི་ཚ་དྲོད་འཕེལ་ཏེ་བཟོ་ལས་གསར་བརྗེ་ནས་དུས་རབས་ཉེར་གཅིག་བར་དྲོད་ཚད་ཏུའུ་ ༢ ཀྱི་ནང་ལོགས་སུ་ཚད་འཇོག་གི་ཡོད་ཀྱང་། རྒྱ་ནག་ལ་ཉེ་བའི་ལོ་ལྔ་བཅུའི་ནང་ཚ་དྲོད་འཕེལ་ཚད་དེ་དེ་ལོ་ལྔ་བཅུ་རེ་ལ་ཏུའུ་ ༠།༢༣ དང་ལོ་བརྒྱ་ལ་ཏུའུ་ ༢།༣ འཕེལ་ཡོད་པ་རེད། ཨང་གྲངས་འདི་རྒྱ་ནག་གནམ་གཤིས་རྟོག་ཞིབ་ལས་ཁུངས་ཀྱི་འགན་འཛིན་ཀྲིན་གོ་ཀང་ (Zheng Guogang) གིས་གསལ་བསྒྲགས་བྱས་པ་ཞིག་རེད་ལ། དེའི་སྔོན་གྱི་གཏམ་བཤད་ཅིག་ཏུའང་གནམ་གཤིས་ཇེ་དྲོར་སོང་ན་གཙང་གསུམ་ཆུ་རགས་དང་ལྷོ་ཆུ་བྱང་ཕྱོགས་སུ་འགྲོ་བ། མདོ་དབུས་མཐོ་སྒང་གི་ལྕགས་ལམ་སོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་རྒྱུ་ཡིན་ཚུལ་སོགས་བརྗོད་ཡོད་ཀྱང་། བོད་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་འགྲོ་བཞིན་པ་དེ་རྒྱ་ནག་གི་ཆ་མཉམ་དྲོད་ཚད་ལས་བརྒྱ་ཆ་ ༥༠ འཕེལ་ཡོད་པ་དང་། བོད་ལྗོངས་གནམ་གཤིས་གནས་ཚུལ་ལས་ཁུངས་ཀྱིས་མཁོ་སྤྲོད་བྱས་པའི་ཨང་གྲངས་དེ་བོད་ཀྱི་ཉེ་བའི་ལོ་ལྔ་བཅུའི་ནང་དུ་ལོ་བཅུ་རེ་ནང་ལ་གནམ་གཤིས་དྲོད་ཚད་ཏུའུ་ ༣།༡ རེ་འཕེལ་བཞིན་ཡོད་པར་བརྗོད་འདུག

མདོ་དབུས་མཐོ་སྒང་དེ་རྒྱ་ནག་ནང་ལོགས་ཀྱི་ས་ཁུལ་གཞན་དག་ལའང་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་ཤེས་རྟོགས་ཆེད་ང་ཚོས་རྒྱ་ནག་དང་ཨ་རིའི་ས་ཁམས་ཁོར་ཡུག་གཉིས་བསྡུར་ཆོག ཨ་རིའི་ནུབ་རྒྱུད་ནས་ཤར་མཐའི་བར་སྤྱི་ལེ་བརྒྱ་གཉིས་བརྒྱ་ཞིག་བྱེ་ཐང་ཡིན་ཡང་། རྒྱ་ནག་གི་ཤར་ཕྱོགས་ཧྲང་ཧེ་ནས་ནུབ་རྒྱུད་ཁྲོན་ཆིན་བར་ཡོངས་རྫོགས་ས་ཞིང་འདེབས་ཆོག་པའི་ཞིང་ས་ཡིན་སྟབས། དྲོད་འཇམ་ལྡན་པའི་ཁ་དབུགས་དེ་ཤར་ཕྱོགས་ནས་ནུབ་ཁུལ་གྱི་སྤྱི་ལེ་གཉིས་སྟོང་གི་སྐམ་ས་ཆེན་མོར་སྐྱོད་ཡོད། གཙོ་བོ་དེ་མཐོ་སྒང་བོད་ཡོད་པར་བརྟེན་ཏེ་དྲོད་འཇམ་ཁ་དབུགས་དེ་ཤར་ནས་ནུབ་དང་། ཤར་ལྷོ་ནས་ནུབ་བྱང་བརྒྱུད་དེ་རྒྱ་ནག་མི་མང་གི་འཚོ་གནས་སྐྲུན་བཞིན་ཡོད། གལ་སྲིད་མཐོ་སྒང་བོད་ཀྱི་གནམ་གཤིས་ཚ་དྲོད་ཆེ་རུ་སོང་སྟེ་འཁྱགས་པ་ཞུ་པ་དང་ཁ་བའི་འབབ་ཚད་མཐོ་རུ་ཕྱིན་ན་དེའི་མཇུག་འབྲས་ཀྱིས་རྒྱ་ནག་གི་བྱེ་ཐང་འཕེལ་ཚད་ཇེ་མགྱོགས་སུ་འགྲོ་རྒྱུ་དང་། ནུབ་ཀྱི་བྱེ་མ་ཤར་ལ་མགྱོགས་པོར་འཕོ་འགྱུར་ཕྱིན་ཏེ་རྒྱ་ནག་པ་ནུབ་ཕྱོགས་ནས་ཤར་ཁུལ་དུ་གནས་སྤོར་བྱ་དགོས་པའི་སྐུལ་འདེད་བྱ་རྒྱུ་རེད།

རླུང་འཕྲིན་ལས་ཁང་། བྱེ་ཐང་རིགས་ཤར་ཕྱོགས་ལ་མགྱོགས་པོར་འཕོ་འགྱུར་འགྲོ་རྒྱུ་ལས་གཞན་བོད་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་ན་རྒྱ་ནག་གི་ས་ཆ་གཞན་ལ་གནོད་སྐྱོན་ཐེབས་སྲིད་དམ།

ཝང་ཝེ་ལཱོ། མཐོ་སྒང་བོད་ཀྱི་གནམ་གཤིས་དྲོད་ཚད་འཕེལ་བ་ཡིན་ན། གོ་ལ་ཡོངས་ཀྱི་གནམ་གཤིས་དྲོད་ཚད་འཕོ་འགྱུར་དང་། དེའི་མཇུག་འབྲས་ཀྱིས་རྒྱ་མཚོའི་ཚད་གཞི་ཇེ་མཐོར་འགྲོ་རྒྱུ་ཡིན་སྟབས། ཚན་རིག་པ་མང་པོས་དེའི་སྐོར་ལ་ཞིབ་འཇུག་བྱེད་ཀྱིན་ཡོད་པ་དང་། རྒྱ་མཚོ་མཐོ་རུ་ཕྱིན་ན་རྒྱ་ནག་ཀྱང་གནོད་སྐྱོན་ཕོག་པའི་རྒྱལ་ཁབ་མང་པོའི་ཁྲོད་ཀྱི་གཅིག་ཆགས་རྒྱུ་རེད། རྒྱ་ནག་གི་དཔལ་འབྱོར་དར་རྒྱས་ཆེ་བའི་ཐེན་ཅིན་ནས་ཧྲང་ཧེ་བར་གྱི་མཚོ་འགྲམ་ས་ཁུལ་ཆུས་སྣུབ་ངེས་ཡིན། ངས་དཔེ་ཞིག་བཤད། ཉེ་ཆར་ཧྲང་ཧེ་ལ་དྲག་ཆར་བབས་པ་དང་ཧྲང་ཧེ་ཡོངས་ཆུས་ཁེངས་པ་རེད། ཧྲང་ཧེའི་མི་ཚོས་རྒྱ་མཚོར་ལྟ་རུ་འགྲོ་ཟེར་གྱིན་ཡོད། གནད་དོན་དེ་ཧྲང་ཧེ་གྲོང་ཁྱེར་གྱི་ས་འོག་ཆུ་ཡུར་འཆར་འགོད་ཀྱི་ཞན་ཆར་ངོས་འཛིན་བྱེད་མཁན་ཡོད་ཀྱང་། དོན་དངོས་ཐོག་ཕྱིའི་རྒྱུག་ཆུ་དང་ས་འོག་རླན་གཤེར་གཉིས་ཀ་ཤུགས་ཆེན་རྒྱས་ན་ས་འོག་ཆུ་ཡུར་ཙམ་གྱིས་ཡོང་ཐབས་མེད། ད་དུང་འབྲི་ཆུའི་འགག་གསུམ་གྱི་ཆུ་རགས་བཟོ་སྐྲུན་དེས་ཧྲང་ཧེ་ས་ཁུལ་གྱི་རྒྱ་མཚོའི་བྱེ་ཀློང་ཇེ་ཉུང་དུ་གཏོང་རྒྱུར་དམིགས་ཡོད་ཀྱང་། དེའི་ཤུགས་རྐྱེན་འོག་མཚོ་འགྲམ་བྱེ་ཐང་ལ་གནོད་སྐྱོན་ཐེབས་ཏེ་མི་མང་གི་ཞིང་སའི་རྒྱ་ཁྱོན་ཇེ་ཆུང་དུ་འགྲོ་བའི་འཇིགས་སྣང་ཞིག་སྟེར་བཞིན་ཡོད་སྟབས། བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་དང་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་པ་དེ་རྒྱ་ནག་མི་མང་ལ་མཚོན་ན་སྲོག་ལ་ཐུག་པའི་རྡུང་རྡེག་ཅིག་ཆགས་ཀྱི་ཡོད་པ་རེད།

རླུང་འཕྲིན་ལས་ཁང་། རྒྱ་གཞུང་གིས་ཕྱི་ཟླ་ ༦ ཚེས་ ༤ ཉིན་ལ༼༢༠༡༤ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་གནས་ཚུལ་སྤྱི་བསྒྲགས།༽ཞེས་པའི་ནང་། བོད་ཀྱི་ཆུའི་གནས་བབ་དང་རླུང་ཁམས་ཁོར་ཡུག རྩྭ་ཐང་། ནགས་ཚལ། ན་གཞུང་། སྐྱེ་དངོས་སྣ་ཚོགས་སོགས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ། བོད་ཀྱི་ཁོར་ཡུག་སྤུས་ཚད་ཡག་པོ་རྒྱུན་གནས་ཀྱི་རྣམ་པ་འདུག ལྷ་ས་གྲོང་ཁྱེར་གྱི་ཁ་དབུགས་སྤུས་ཚད་དེ་༼ ཁོར་ཡུག་དང་ཁ་དབུགས་ཀྱི་རྒྱུ་སྤུས་ཚད་གཞི།༽ཡི་གནས་རིམ་གཉིས་པ་དེ་ཡིན་པ་དང་། ཕུལ་བྱུང་ཁོར་ཡུག་གི་སྤུས་ཚད་དེ་ཉི་མ་ ༣༥༦ ཆགས་ཡོད་པ་དེ་བརྒྱ་ཆ་ ༩༧།༥༤ ཟིན་ཡོད། རྒྱལ་ཡོངས་གྲོང་ཁྱེར་གཙོ་གྲས་ ༧༤ ནང་གི་ཁ་དབུགས་སྤུས་ཚད་ཡག་ཤོས་ཨང་གསུམ་ཡིན་པར་འཁོད་འདུག

ཝང་ཝེ་ལཱོ། རེད། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་ཕུལ་བྱུང་དང་རྒྱ་ནག་གི་ཁོར་ཡུག་ཡག་ཤོས་ཡིན་སྐོར་རྗོད་ཀྱིན་ཡོད། རྒྱ་གཞུང་ལ་མཚོན་ན་ག་རེ་ཡག་པོ་ཡོད་པ་དང་ག་རེ་ཡག་པོ་མེད་པ་རེད་དམ། ཀྲུའུ་ཡོན་ཁཱང་སྔོན་ཆད་ཕུལ་བྱུང་སྤྱི་མཐུན་ཚོགས་མི་རེད་ལ་པའོ་ཞི་ལེ་ཡང་ཕུལ་བྱུང་གི་སྤྱི་མཐུན་ཚོགས་མི་རེད། ཤར་ཕྱོགས་སྐར་མདའ་ཞེས་པའི་གྲུ་གཟེངས་དེ་ཆུའི་ནང་མ་ནུབ་སྔོན་ལ་རྒྱས་སྤྲོས་ཡུལ་སྐོར་སྤྲོ་འཆམ་གྱི་གྲུ་གཟེངས་ཡིན་པ་མ་ཟད། གྲུ་དཔོན་ཡང་ཕུལ་བྱུང་གི་ལས་བྱེད་པ་རེད། དེར་བརྟེན། རྒྱ་ནག་གཞུང་ཕྱོགས་ཀྱིས་ཡག་པོ་ཟེར་བ་ཁོ་རང་ཚོའི་ངོས་ཐད་ནས་ཡག་པོ་རེད། བོད་ཀྱི་ཁོར་ཡུག་དེའང་རྒྱ་ནག་ནང་ཁུལ་གྱི་ས་ཁུལ་གཞན་དང་བསྡུར་ན་ཡག་པོ་ཡིན་སྲིད། གང་ཡིན་ཞེ་ན། རྒྱ་ནག་སྐམ་ས་ཆེན་མོའི་རྒྱུག་ཆུ་མང་པོ་འབགས་བཙོག་ཚབས་ཆེན་བཟོས་ཡོད་པ་དང་། གྲོང་ཁྱེར་ཆེ་ཁག་གི་ཁ་དབུགས་འབགས་བཙོག་ཚབས་ཆེན་ཡིན་པ་སོགས་ལ་བསྡུར་ན་བོད་ཀྱི་ཁོར་ཡུག་ཅུང་ཡག་པོ་ཡོད། གལ་སྲིད་དེ་རིང་བོད་ཀྱི་ཁོར་ཡུག་དང་འདས་པའི་བོད་ཀྱི་ཁོར་ཡུག་གཉིས་བསྡུར་ན་ཁྱད་པར་ཆེན་པོ་ཡོད་པ་རེད།

རླུང་འཕྲིན་ལས་ཁང་། བོད་ཀྱི་ཁོར་ཡུག་བཙོག་འགྱུར་དེས་རྒྱ་ནག་གི་ས་ཁུལ་གཞན་ལ་གནོད་སྐྱོན་ཐེབས་བཞིན་ཡོད་པར་ཕྱི་མིག་ཅིག་བལྟས་ན། ཁྱེད་ཀྱིས་གོང་དུ་གསུངས་པའི་བྱེ་ཐང་རང་བཞིན་དང་མཚོ་ངོས་མཐོ་རུ་འགྲོ་བ་གཉིས་ལས་གནོད་སྐྱོད་གཞན་ཡོད་དམ།

ཝང་ཝེ་ལཱོ། དཔེར་ན། དེང་སྐབས་བོད་ཀྱི་རྒྱུག་ཆུ་རྒྱས་བཞིན་པ་དེ་ཡག་རྟགས་ཤིག་ཏུ་མཐོང་གི་ཡོད་སྲིད་ཀྱང་། ཉེ་བའི་ལོ་གསུམ་གྱི་འབྲི་ཆུའི་སྐོར་གྱི་སྙན་ཐོ་ལྟར་ན། འཁྱག་རོམ་ཞུས་བའི་རྐྱེན་གྱིས་འབྲི་སྟོད་ནས་བཞུར་པའི་རྒྱུག་ཆུའི་ཚད་གཞི་མཐོ་རུ་སོང་ཡོད་ཀྱང་། འབྲི་ཆུའི་འགག་གསུམ་ནང་ལ་བཞུར་ཚད་བརྒྱ་ཆ་ ༡༢ ཙམ་ཉུང་དུ་ཕྱིན་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་རྒྱུག་ཆུ་དེ་དག་གི་བཞུར་རྒྱུན་དུ་ཆུ་རགས་མང་པོ་བརྒྱབ་སྟེ། དཔེར་ན། ༡༩༥༢ ལོར་པེ་ཅིན་གྱི་ཡོན་ཏེན་ (Yongding) གཙང་བོར་ཀོན་ཐེན་ཆུ་མཛོད་བརྒྱབ་ཡོད་པ་དང་། དེས་པེ་ཅིན་ལ་ཆུ་མཁོ་སྤྲོད་བྱེད་རྒྱུའི་འགན་ལེན་བྱས་ཡོད་ཀྱང་། ཆུ་མཛོད་དེའི་ནང་ད་ལྟ་ཆུ་ཡོད་མ་རེད། དེ་ནི་སྲིད་གཞུང་གིས་ཡོན་ཏེན་གཙང་བོའི་སྟེང་ལ་ཆུ་མཛོད་ ༥༠༠ ལྷག་བརྒྱབ་ཡོད་པ་དང་། ཆུ་མང་རླངས་འགྱུར་བྱུང་པའི་རྐྱེན་གྱིས་ཆུ་རྒྱུན་ཆད་པ་རེད།

རླུང་འཕྲིན་ཁང་། སླར་ཡང་ཕྱིར་གནམ་གཤིས་དྲོད་ཚད་བཤད་པ་ཡིན་ན། ཁྱེད་ཀྱིས་བོད་ཀྱི་གནམ་གཤིས་དྲོད་ཚད་དེ་རྒྱ་ནག་གི་ཆ་སྙོམས་དྲོད་ཚད་ལས་མགྱོགས་ཏུ་འགྲོ་བཞིན་ཡོད་པར་འགྲེལ་བཤད་ཇི་ལྟར་རྒྱག་གི་ཡོད།

ཝང་ཝེ་ལཱོ། ད་ལྟ་རྒྱལ་སྤྱིའི་སྟེང་ལ་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་པ་དེ་མིའི་རིགས་ཀྱི་བྱ་སྤྱོད་སྣ་ཚོགས་ལ་བརྟེན་ཏེ་བྱུང་བ་དང་། ནག་རླངས་ཉིས་འགྱུར་ཕྱིར་འདོན་རྒྱུ་མང་དྲགས་པར་བརྟེན་ཏེ་བྱུང་བ་ཞིག་རེད། བོད་ཀྱི་གནམ་གཤིས་དྲོད་ཚད་མཐོ་རུ་ཕྱིན་པ་དེ་གཙོ་བོ་མཐོ་སྒང་དུ་མིའི་རིགས་ཀྱི་བྱེད་སྤྱོད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པས་རེད། ཐོག་མར་རྒྱ་ནག་ཧན་མི་རིགས་ཀྱིས་བོད་ནང་གཞི་རྒྱ་ཆེ་བའི་གཏེར་ཁ་སྔོག་འདོན་བྱེད་བཞིན་ཡོད་པ་དང་། བོད་རང་གི་སྐྱེ་ཁམས་ཁོར་ཡུག་གི་ནུས་པ་གཞི་རྩའི་ཆ་ནས་ཧ་ཅང་སྐྱོ་བོ་ཡིན་པ། བོད་པའི་རང་བྱུང་ཁོར་ཡུག་བསྐྱར་གསོ་དེ་འབྲི་ཆུ་གཅིག་པུར་བརྟེན་པ་ལྟ་བུ་མ་ཡི་པར། དེ་ནི་མཐོ་སྒང་བོད་ཀྱི་གནམ་གཤིས་དྲོད་ཚད་དམའ་བ་དང་བོད་སའི་རྒྱུ་སྤུས་ཞན་པ། མཐོ་སྒང་བོད་ནི་འཛམ་གླིང་སྟེང་ས་གཤིས་ཆགས་པ་ཕྱི་བ་སོགས་ལ་བརྟེན་ཏེ་བྱུང་བ་ཞིག་རེད། ས་རིམ་ཧ་ཅང་སྲབ་པ་དང་ས་རིམ་ཆགས་པ་དེར་ཡང་ངེས་པར་ཏུ་རྒྱུན་རིང་ལ་ས་ཞིང་འདེབས་པ་དང་རྩི་ཤིང་རིགས་རུལ་བར་བརྟེན་ཏེ་གྲུབ་དགོས་པ་ཞིག་ཡིན་འདུག

སྔོན་ཆད་མཐོ་སྒང་བོད་ཀྱི་རང་བྱུང་སྐྱེ་ཁམས་ནི་རྩྭ་ཐང་རེད། གལ་སྲིད་རྩྭ་ཐང་ལ་གཏོར་སྐྱོན་བྱུང་བ་ཡིན་ན་རིམ་གྱིས་བྱེ་ཐང་དུ་འགྱུར་རྒྱུ་ཡིན་ཡང་། རྩྭ་ཐང་བཙོག་འགྱུར་གཙོ་བོ་ཧན་མི་རིགས་མཐོ་སྒང་ལ་སོང་སྟེ་རྩྭ་སྨན་བཏུས་པ་དང་། དམིགས་བསལ་རྒྱ་ནག་པ་ཚོ་དབྱར་རྩྭ་དགུན་འབུ་ལ་དགའ་མོས་ཡོད་སྟབས། འདིས་རྩྭ་ཐང་ལ་གནོད་སྐྱོན་ཐེབས་ཡོད། སྔོན་ཆད་བོད་ཀྱི་རྩྭ་རྫོང་ཧ་ཅང་སྟུག་པོ་ཡོད་པ་དང་། བྱི་བས་ཁུང་ཕུག་མི་ཐུབ་ཀྱང་། ད་ལྟ་རྒྱ་ནག་མི་མང་གིས་སྨན་རྩྭ་འབོར་ཆེན་བསྐོས་ཏེ་རྩྭའི་རྩ་བར་གནོད་སྐྱོན་བཟོས་པ་དང་། བྱི་བ་མང་དུ་འཕེལ་ཏེ་རྩྭ་སར་གོད་ཆག་འབྱུང་གི་ཡོད། སྲིད་གཞུང་གིས་དུག་རིགས་བེད་སྤྱོད་བྱས་ཏེ་བྱི་བ་གསོད་ཀྱི་ཡོད་ཀྱང་། དེ་དང་མཉམ་དུ་བྱི་བའི་དགྲ་བོ་བྱ་གླག་མང་པོ་འཆི་ལམ་དུ་འདེད་བཞིན་ཡོད། གཞན། བོད་མི་རིགས་ནི་འབྲོག་པའི་མི་རིགས་ཤིག་ཡིན་པ་དང་། སྔོན་ཆད་ནོར་གཡག་གིས་རྩྭ་ཐང་གི་མྱུ་གུ་གསར་བ་ཟ་བ་ལས་རྩྭའི་རྩད་པ་མི་ཟ། པེ་ཅིན་སྲིད་གཞུང་གིས་འབྲོག་པའི་ས་ཆ་བགོ་བཤའ་བརྒྱབ་སྟེ་གཏན་འཇགས་གྲོང་བརྡལ་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་རྗེས། ནོར་ཕྱུགས་ལ་རྩྭ་ཆད་བྱུང་སྟེ་མཐའ་འཁོར་གྱི་རྩྭའི་རྩད་པ་དང་བཅས་པ་ཟོས་ཏེ། རྩྭ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཕོག་གི་ཡོད། འདི་ནི་ཧན་མི་རིགས་ཀྱི་ཞིང་ལས་བྱེད་སྟངས་ཡིན་པ་ལས་འབྲོག་པའི་མི་རིགས་ཤིག་ལ་འོས་འཚམས་ཏན་ནས་མིན།

རླུང་འཕྲིན་ལས་ཁང་། ཕྱི་ཟླ་ ༦ ཚེས་ ༡༤ ཉིན་རྒྱ་ནག་ཤིན་ཧྭ་དྲ་བས་བོད་ལྗོངས་མུ་མཐུད་ལྗང་མདོག་ཏུ་འགྱུར་བ་ཞེས་པའི་རྩོམ་ཡིག་ཅིག་སྤེལ་བའི་ནང་། དེ་སྔོན་ཉམས་རྒུད་དུ་སོང་ཡོད་པའི་བོད་ལྗོངས་ཀྱི་སྤང་ཐང་ཁག་ཉེ་བའི་ལོ་ ༡༥ ནང་སླར་གསོ་བྱུང་སྟེ་རྩི་ཤིང་སྟུག་པོ་རྒྱས་ཡོད་པ་དང་། ལྗོངས་ཡོངས་ཀྱི་སྤང་ཐང་བརྒྱ་ཆ་ ༥༦།༢ གནས་སྟངས་བརྟེན་པོ་ཡིན་པ། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༡།༤ འཕེལ་རྒྱས་སོང་པ་དེས་ལྗོངས་ཡོངས་ཀྱི་ས་ཁྱོན་བརྒྱ་ཆ་ ༡༨།༨ ཟིན་ཡིན་པ་དང་། སྔོན་ཆད་ཉམས་རྒུད་དུ་སོང་བའི་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༢༠།༤ དེས་ལྗོངས་ཡོངས་ཀྱི་ས་ཁྱོན་བརྒྱ་ཆ་ ༡༨།༣ ཟིན་ཡོད་སྐོར་བཀོད་འདུག འཕེལ་རྒྱས་སོང་པའི་ས་ཁྱོན་དེ་ཉམས་རྒུད་དུ་སོང་པའི་ས་ཁྱོན་ལས་རྒྱ་ཆེ་སྐོར་བརྗོད་འདུག རྩོམ་ཡིག་དེའི་ནང་དབྱེ་ཞིབ་བྱས་པ་ལྟར་ན། བོད་ལྗོངས་ཀྱི་ཁ་མདོག་འགྱུར་བ་དེ་གཙོ་བོ་བོད་ཀྱི་ཆུའི་ཚད་གཞི་མཐོ་རུ་འགྲོ་བཞིན་ཡོད་པ་སྟེ། ལོ་བཅུའི་ནང་ལ་མེ་ལི་མེ་ཊར་(millimeter) ༡༤།༦ གོང་འཕེལ་འགྲོ་བཞིན་ཡོད་ཚུལ་བཀོད་འདུག

ཝང་ཝེ་ལཱོ། ཆུའི་ཚད་གཞི་མགྱོགས་མྱུར་གྱིས་གོང་འཕེལ་དུ་ཕྱིན་པ་དེ་བོད་ཀྱི་འཁྱག་རོམ་ཞུས་པའི་མགྱོགས་ཚད་རེད། དེ་ནི་རྟགས་མཚན་ཡག་པོ་ཞིག་མ་རེད། འཁྱག་རོམ་ཞུས་རྗེས་བོད་ཀྱི་མཚོ་མཚེའུ་ཁ་ཤས་ལ་མཚོ་ཆུ་རྒྱས་ཏེ་མཚོ་འགྲམ་ཁུལ་གྱི་རྩྭ་མདོག་ཏོག་ཙམ་ལྗང་ཁུར་འགྱུར་སྲིད། འོན་ཀྱང་། འཁྱག་ཀླུང་ཞུས་ཚར་རྗེས་ལྗང་མདོག་དེ་མུ་མཐུད་སྡོད་མི་སྲིད། རིམ་གྱིས་བྱེ་ཐང་དུ་འགྱུར་རྒྱུ་རེད། རྒྱ་ནག་གི་ཆབ་སྲིད་པ་ཚོར་ག་དུས་ཡིན་ཡང་གཞི་རྩའི་རྒྱུན་ཤེས་ཀྱིས་འདང་གི་ཡོད་པ་མ་རེད། ངས་དཔེ་ཞིག་འཇོག རྒྱ་ནག་གཞུང་གི་སྙན་ཐོའི་ནང་དུ་བོད་ཀྱི་ད་ལྟའི་སྤང་ཐང་ཚད་གཞི་བརྒྱ་ཆ་ ༡༠ བརྒལ་ཡོད་ཀྱང་། གནའ་སྔ་མོའི་ཞིང་བྲན་ལམ་ལུགས་ནས་ཉེ་རབས་བཅོས་བསྒྱུར་ཆེན་མོའི་བར་བོད་ཀྱི་སྤང་ཐང་ཚད་གཞི་བརྒྱ་ཆ་ ༡ ཙམ་རེད། ཨང་གྲངས་འདིས་མི་རྣམས་ལ་དངོས་གནས་ཡིད་ཆེས་དཀའ་བ་ཞིག་སྐྲུན་གྱི་ཡོད། སྔོན་ཆད་ཅང་ཙེ་མིན་གྱི་ནུ་མོས་རྒྱ་ནག་གི་ནགས་ཚལ་དང་འབྲེལ་བའི་དེབ་ཅིག་བྲིས་ཡོད། དེའི་ནང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ནགས་ཚལ་གྱིས་ཁྱབ་ཚད་མུ་མཐུད་གོང་འཕེལ་འགྲོ་བཞིན་ཡོད་པ་དང་། དེ་ནི་ཕྱི་ལོ་ ༡༩༤༩ ལོའི་སྔོན་དང་བསྡུར་ན་ལྡབ་ཁ་ཤས་འཕར་ཡོད་སྐོར་ཞིག་བྲིས་ཡོད་པ་ངས་དྲན་གྱི་འདུག འོན་ཀྱང་། དེའི་ནང་གི་གནད་དོན་གཅིག་གསལ་བོར་བཤད་ན། ཁོ་ཚོས་ནགས་ཚལ་གྱི་མཚན་ཉིད་ལ་བཅོས་བསྒྱུར་བྱས་ཡོད་པ་རེད། སྤྱིར་ནགས་ཚལ་གྱིས་ཉི་འོད་སྒྲིབ་ཚད་དེ་མ་མཐར་བརྒྱ་ཆ་ ༤༠ ཡིན་དགོས་པ་རེད། ཉི་འོད་ཀྱི་བརྒྱ་ཆ་ ༤༠ ཤིང་ནགས་ཀྱིས་བསྒྲིབས་ཡོད་ན་ད་གཟོད་ནགས་ཚལ་ཞེས་པའི་མཚན་ཉིད་ཚང་བ་ཞིག་ལ་ངོས་འཛིན་བྱས་ཆོག་ཀྱང་། རྒྱ་ནག་གཞུང་གིས་ནགས་ཚལ་གྱིས་ཉི་འོད་སྒྲིབ་ཚད་དེ་བརྒྱ་ཆ་ ༢༠ ལ་བཞག་ཡོད། མཚན་ཉིད་བཅོས་བསྒྱུར་བྱེད་མཁན་ཞིག་གིས་དེའི་རིན་ཐང་ལ་ཞིབ་བསྡུར་གྱི་ལྟ་སྟངས་ཡང་དག་ཅིག་ཡོང་ཐབས་མེད་པ་གསལ་བོ་རེད།  

དེ་བཞིན། རྒྱ་ནག་གི་ཆུའི་མཚན་ཉིད་ཀྱང་གནས་ལུགས་དེ་དང་གཅིག་མཚུངས་རེད། ང་ཚོ་ཚང་མས་ཤེས་གསལ་ལྟར་རྒྱ་ནག་ལ་ཆུའི་རྒྱུ་སྤུས་ལ་རིགས་དང་པོ་དང་གཉིས་པ། གསུམ་པ། བཞི་པ་སོགས་ཡོད། རྒྱ་ནག་གཞུང་གིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ལ་ཆུའི་རྒྱུ་སྤུས་ཀྱི་མཚན་ཉིད་བཅོས་བསྒྱུར་བྱས་ཡོད། མཚན་ཉིད་འདི་གཞིར་བཟུང་བྱས་ན། དེ་རིང་གི་ཆུ་རིགས་དང་པོ་འདི་སྔོན་ཆད་ཀྱི་ཆུ་རིགས་གཉིས་པའི་གྲས་ཡིན་པ་དང་། དེ་རིང་གི་ཆུ་རིགས་གཉིས་པ་དེ་སྔོན་ཆད་ཀྱི་ཆུ་རིགས་གསུམ་པ་རེད། དེར་མ་ཟད་སྔོན་ཆད་འཐུང་མི་རུང་བའི་ཆུ་རིགས་བཞི་པ་དེ་ད་ལྟ་འཐུང་ཆུར་གྱུར་ཡོད། འདི་དང་འདི་ལྟ་བའི་དཔེ་བརྗོད་བགྲང་ལས་འདས་པ་ཡོད་ཀྱང་། ངས་དེ་རིང་མང་པོ་བཤད་དེ་སུན་པོ་བཟོ་འདོད་མི་འདུག  

རླུང་འཕྲིན་ལས་ཁང་། མཐའ་མཇུག ཁྱེད་རང་ལ་དམིགས་བསལ་གསུང་རྒྱུ་འདྲ་ཡོད་དམ།

ཝང་ཝེ་ལཱོ། ངས་བཤད་འདོད་པ་དེ་བོད་ཀྱི་ཁོར་ཡུག་གི་གནད་དོན་དེ་བོད་མི་ཚོར་ཡོད་པ་མ་ཟད་རྒྱ་གར་མི་མང་ལའང་ཡོད་ལ། དེ་བས་ཤུགས་ཆེ་ཤོས་ཤིག་རྒྱ་ནག་མི་མང་ལ་ཡོད་པ་གསལ་བོ་རེད། འོན་ཀྱང་། མཐོ་སྒང་བོད་ཀྱི་ཆེད་དུ་ཡར་ལངས་ཏེ་འབོད་སྒྲ་སྒྲོག་མཁན་སུ་གང་ཡང་མི་འདུག གལ་སྲིད་ཉིན་ཞིག་མཐོ་སྒང་བོད་ཀྱི་ས་ཆ་དེ་མེད་བརླག་ཏུ་སོང་ན་རྒྱ་ནག་སྐམ་སའི་མི་མང་རྣམས་ཀྱང་འཆི་ལམ་དུ་བཅུག་ནས་རོ་སྦས་ས་རུ་འགྱུར་རྒྱུ་ལས་གདམ་ཀ་གཞན་མེད། དེར་བརྟེན། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་རྒྱ་ནག་ཧན་མི་རིགས་རང་ཉིད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་རེད། འདི་ནི་ངས་དེ་རིང་བཤད་འདོད་པ་དེ་ཡིན།

འཇིགས་མེད་རྒྱ་མཚོས་བོད་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

ཆུ་ཚོད་ ༡༤ སྔོན་ལ།
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨
ཉེ་ལམ་རྒྱ་ནག་གིས་བླ་རུང་སྒར་གཏོར་བཤིག་གཏོང་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གཞུང་གིས་བླ་རུང་སྒར་དུ་དམག་མི་འབོར་ཆེན་བཀྲམ་ནས་དམ་དྲག་ཤུགས་ཆེན་བྱེད་ཀྱིན་འདུག 

༢༠༢༦/༠༨/༡༨
གཏན་ཉིན་སློབ་གྲྭ་ཁག་གི་རིགས་ལམ་འདུ་འཛོམས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༡༧
Mobile App

གཏན་ཉིན་སློབ་གྲྭ་བཅོ་ལྔ་ཡི་རིགས་ལམ་འདུ་འཛོམས་འཚོག་བཞིན་འདུག 

༢༠༢༦/༠༨/༡༧
Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

༢༠༢༦/༠༨/༡༧
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག

༢༠༢༦/༠༨/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese