མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་བོད་པའི་བུད་མེད་ཀྱི་ཐོབ་ཐང་རྩོད་ཀྱི་མེད་ལ་འདྲ་མཉམ་ཡང་གླེང་གི་མེད།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས་ཀྱིས་ཤེས་རབ་དགའ་ཚལ་སློབ་གླིང་གི་རང་མོས་གླེང་སྟེགས་སྟེང་། རང་ལས་གཞན་གཅེས་ལག་ལེན་དཀའ་སྟབས། གཞན་ལ་གནོད་པ་མེད་པའི་ཐོག་ནས་རང་དོན་ལ་གཙིགས་ཆེན་གྱིས་དཀའ་ངལ་ཡོད་ཚད་སྙིང་སྟོབས་ལ་བསྒྱུར་ཏེ་འབད་བརྩོན་བྱེད་དགོས་ཟེར།

རེས་གཟའ་ཕུར་བུའི་ཉིན། བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་ཤེས་རབ་དགའ་ཚུལ་སློབ་གླིང་དུ། ༼ ཤེས་རབ་དགའ་ཚུལ་སློབ་གླིང་གི་རང་མོས་གླེང་སྟེགས།༽ ཞེས་པའི་སྟེང་། བོད་ཀྱི་མཛངས་དང་སྙན་ངག་པ་ཚེ་རིང་སྐྱིད་ལགས་གདན་འདྲེན་ཞུས་ཏེ། ཁོ་མོའི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཏེ་སློབ་མ་ཚོ་དང་དྲི་བ་དྲིས་ལན་གནང་སོང་། གླེང་སྟེགས་དེའི་སྟེང་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་མཉམ་ཞུགས་གནང་འདུག

ཚེ་རིང་སྐྱིད་ལགས་ཀྱིས་ཐོག་མར་མོ་རང་བཙན་བྱོལ་དུ་གྱར་བའི་བརྒྱུད་རིམ་གླེང་དོན། སྤྱིར་བཏང་མི་ཚེ་ཉམས་མྱོང་ཟེར་དུས་མི་ཆེན་པོ་ཞིག་དང་སློབ་སྦྱོང་ཡོད་མཁན་ཞིག ལོ་ཡང་ཅུང་རྒན་པ་བྱས་རྗེས་དང་ཉམས་མྱོང་མང་པོ་ཡོད་མཁན་ཞིག་གིས་བཤད་ན་ཕལ་ཆེར་ལན་པོ་ཡོད་རྒྱུ་རེད། ཡིན་ནའང་མི་ཆེ་ཆུང་ལ་མ་ལྟོས་པར་ང་ཚོ་ཚང་མར་ཉམས་མྱོང་དང་ཤེས་ཡོན། ཀྱག་ཀྱོག་གི་མི་ཚེའི་ལམ་ཁ་བརྒྱུད་སྟངས་མ་འདྲ་བ་རེ་ཡོད་སྟབས། ང་རང་གིས་སོ་སོ་བཙན་བྱོལ་དུ་གྱར་བའི་བརྒྱུད་རིམ་དང་འབྲེལ་ཏེ་སྐད་ཆ་ཁ་ཤས་བཤད་ན་བསམ་སོང་། ང་ཐོག་མ་ ༡༩༩༩ ལོར་རྒྱ་གར་ལ་ཡོང་སྟེ་སུ་ཇ་སློབ་གྲྭར་ལོ་ ༥ ཙམ་རིང་སློབ་སྦྱོང་བྱས་པ་ཡིན། ང་རང་ལ་ཆུང་ཆུང་སྐབས་གླུ་དང་ལ་གཞས། ཞབས་བྲོ། སྒྲུང་སོགས་དམངས་ཁྲོད་རིག་གནས་ཀྱི་བག་ཆགས་ཤུགས་ཆེན་པོ་བཞག་ཡོད་སྟབས། རྩོམ་རིག་གི་སེམས་ཁམས་ཟེར་ན་འདྲ་ལ་སྒྱུ་རྩལ་གྱི་སེམས་ཁམས་ཟེར་ནའང་འདྲ། ཆུང་ཆུང་སྐབས་ནས་རྩོམ་རིག་ལ་དགའ་བོ་ཞེ་དྲགས་ཡོད། སུ་ཇ་སློབ་གྲྭ་ནས་ཀྱང་དབྱིན་ཡིག་སོགས་ཀྱི་སློབ་ཚན་ཁག་ཡག་པོ་སྦྱངས་ཐུབ་མེད་ཀྱང་རྩོམ་འབྲི་བ་དང་དེབ་ཀློག་རྒྱུར་དགའ་བོ་ཞེ་དྲགས་ཡོད། ངས་སུ་ཇ་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཤིག ཕ་ཡུལ་ནས་ངའི་པཱ་ལགས་ན་གི་འདུག ང་མགྱོགས་པོ་ཕྱིར་ཕ་ཡུལ་དུ་ཤོག་ཅེས་ཡི་གེ་འབྱོར་སྟབས། ངས་སློབ་གྲྭ་ནས་དགོངས་པ་ཞུས་ཏེ་ཕ་ཡུལ་དུ་འགྲོ་རྩིས་བྱས་པ་ཡིན། འོན་ཀྱང་རྗེས་སུ་པཱ་ལགས་གྲོངས་ཚར་བའི་གནས་ཚུལ་ཐོས་ཏེ་ང་ཕ་ཡུལ་དུ་འགྲོ་ཐུབ་ཡོད་པ་མ་རེད། དེ་ལྟར་སློབ་གྲྭ་ནས་ཕྱི་ལོགས་སུ་ཐོན་ཚར་ཡིན་སྟབས། སྤྱི་ཚོགས་ནང་ཆ་རྒྱུས་གང་ཡང་ཡོད་པ་མ་རེད། ཐོག་མ་སོ་སོས་ལྷད་མེད་པའི་སེམས་པ་ཞིག་འཁྱེར་ནས་ཡོང་བ་ཡིན་དུས། སྤྱི་ཚོགས་ནང་གི་རྙོག་གྲ་དང་གནས་ཚུལ་མང་དག་ཅིག་ལ་གདོང་གཏོད་དགོས་བྱུང་སོང་། ཅེས་སོགས་བརྗོད་སོང་།

ཚེ་རིང་སྐྱིད་ལགས་ཀྱིས་ཁོང་མོ་བོད་ཀྱི་མཛངས་མར་བདམས་པའི་བརྒྱུད་རིམ་སྐོར་བརྗོད་དོན། ༢༠༠༣ ལོར་ང་རང་བོད་ཀྱི་མཛངས་མ་འགྲན་བསྡུར་ནང་ཞུགས་པ་ཡིན། སྐབས་དེར་བོད་ཀྱི་མཛངས་མ་འགྲན་བསྡུར་མགོ་བཙུགས་ནས་ལོ་གཅིག་ལས་ཕྱིན་མི་འདུག ང་ཞུགས་སྐབས་བོད་ཀྱི་མཛངས་མ་འགྲན་བསྡུར་ཐེངས་གཉིས་པ་དེ་རེད། སྐབས་དེའི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་ཀྱི་མཛངས་མ་འགྲན་བསྡུར་ཟེར་བ་དེ་བོད་པའི་རིག་གཞུང་དང་ཆོས་ལུགས་སོགས་དང་མཐུན་གྱི་མེད་པའི་བཀའ་སློབ་ཅིག་གནང་བར་བརྟེན་ཏེ། བློ་བཟང་དབང་རྒྱལ་གྱི་བོད་གྱི་མཛངས་མ་འགྲན་བསྡུར་ལས་གཞི་དེར་དཀའ་ངལ་ཆེན་པོ་འཕྲད་པ་རེད། ང་ཞུགས་པའི་ལོ་དེར་ཐོག་མ་ཁེ་ན་ཌ་ནས་བུ་མོ་ ༢ དང་སུད་སི་ནས་ ༡ བཅས་ཁྱོན་བུ་མོ་ ༡༣ ཙམ་གྱིས་ཐོ་འགོད་བྱས་ཡོད་པ་རེད། སྐབས་དེར་བོད་པའི་སྤྱི་ཚོགས་ཙམ་མ་ཟད་རྒྱལ་སྤྱིའི་ཐོག་ཏུའང་དོ་སྣང་གང་འཚམ་ཡོང་གི་ཡོད་པ་རེད། གསར་འགོད་གསལ་བསྒྲགས་སྐབས་བྷེ་བྷེ་སི་གསར་ཁང་སོགས་ཀྱང་བསླེབས་འདུག འོན་ཀྱང་དངོས་གཞིའི་གསར་འགོད་གསལ་བསྒྲགས་ཉིན་བུ་མོ་ ༡༣ གྱི་རྐུབ་སྟེགས་བསྒྲིགས་ཡོད་ཀྱང་། ང་གཅིག་པུ་ལས་སྡིངས་ཆའི་ཐོག་བསླེབས་ཡོད་པ་མ་རེད། སྐབས་དེར་ང་ལོ་ ༡༩ རེད། དགའ་སྐྱོའི་ཚོར་བ་ཤུགས་ཆེན་པོ་ཞིག་བྱུང་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་རྒྱབ་རྩ་སོགས་གང་ཡང་མེད་པའི་བུ་མོ་ཆུང་ཆུང་ཞིག་གིས་བོད་ཀྱི་མཛངས་མའི་གར་སྟེགས་རྒྱུན་སྐྱོང་ཐུབ་ཡོད་པ་དེར་སྤོབས་པ་བྱེད་དགོས་པ་ཞིག་ཆགས་ཡོད། སྤྱི་ཚོགས་ནང་འགྲན་ཡ་མེད་པའི་མཛངས་མ་ཟེར་མཁན་ཡོད་ཀྱང་། ང་རང་ཉིད་ཡིན་ན་བོད་པའི་སྤྱི་ཚོགས་ནང་གི་བུད་མེད་ཚང་མ་ངའི་འགྲན་ཡ་རེད་བསམ་གྱི་ཡོད། སྤྱི་ཚོགས་ཀྱི་གནོད་ཤུགས་ཀྱང་ཡིན་སྲིད་མོད་གཙོ་བོ་སོ་སོར་ཡིད་ཆེས་དང་གདེང་ཚོད་མེད་སོང་བ་རེད།

ཐོག་མ་བོད་ཀྱི་མཛངས་མའི་མིང་དེ་ཐོབ་མ་ཐག་སོ་སོ་བོད་ནས་ཡོང་བའི་གསར་འབྱོར་བ་ཞིག་ཡིན་སྟབས། ཡིག་ཆ་སོགས་ཀྱི་དཀའ་ངལ་འོག་ཕྱི་རྒྱལ་དུ་སྐོར་སྐྱོད་བྱེད་མ་ཐུབ་པར་ངའི་ཚབ་ཏུ་མི་གཞན་པ་གཏོང་དགོས་བྱུང་ཡོད་ཀྱང་། རྗེས་སུ་ང་རང་དངོས་སུ་བསྐྱོད་དེ་ཕྱི་རྒྱལ་གྱི་ཚོགས་འདུ་དེ་འདྲའི་སྟེང་དམིགས་བསལ་ཆེན་པོ་བཤད་ཐུབ་མེད་ཀྱང་། བཙན་བྱོལ་བོད་མིའི་སློབ་གྲྭའི་དཀའ་ངལ་རིགས་དང་བོད་ནང་གི་གནས་སྟངས་སོགས་གང་ཐུབ་ཐུབ་ཅིག་བཤད་པ་ཡིན། དེའི་རྗེས་ལ་ང་རང་འཇར་མན་ནས་སློབ་སྦྱོང་བྱས་ཏེ་བསྡད་ཡོད་སྐབས། ༢༠༠༨ ལོར་ཕ་ཡུལ་ནས་ཨ་མ་ལགས་དང་སྤུན་ཉེ་འགའ་རྒྱ་གར་ལ་གནས་མཇལ་དུ་ཡོང་རྒྱུར་གྲ་སྒྲིག་བྱེད་ཀྱིན་འདུག་སྟབས་ང་རང་འཇར་མན་ནས་རྒྱ་གར་ལ་ཡོང་བ་ཡིན། རྗེས་སུ་ལྷ་སར་ཞི་རྒོལ་བྱུང་སྟེ་ཁོ་རང་ཚོ་རྒྱ་གར་ལ་བསླེབས་ཐུབ་ཡོད་པ་མ་རེད། ང་རང་སྐབས་དེ་ནས་བཟུང་རྒྱ་གར་ནང་བསྡད་དེ་ཐོག་མ་བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་དང་། དེ་ནས་བུད་མེད་ཚོགས་པའི་རྒྱུན་ལས་བྱས་པ་ཡིན། རྗེས་སུ་ཨ་རིར་ཡོང་སྟེ་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་གསར་འགོད་པའི་ལས་ཀ་བྱེད་བཞིན་ཡོད། ངས་དེ་རིང་སྐད་ཆ་ཤོད་བཞིན་པ་འདི་རྒྱབ་ཀྱི་ཚོགས་སྡེ་སོགས་ལ་འབྲེལ་བ་མེད་པར་ང་རང་སྒེར་གྱི་བསམ་ཚུལ་ཙམ་ཞུ་བཞིན་ཡོད། ཅེས་བརྗོད་སོང་།

མཇུག་ཏུ་མོ་རང་གི་ལྟ་སྟངས་སྐོར་ཞིག་བརྗོད་དོན། ཤེས་རབ་དགའ་ཚུལ་སློབ་གླིང་གི་སློབ་མ་ཁྱེད་རང་ཚོར་མཚོན་ན། བོད་ནས་ཕ་མ་བཞག་ནས་ཚུར་ཡོང་པ་རེད། ད་ལྟ་གཅིག་བྱས་ན་ང་དང་འདྲ་བའི་གནས་ཚུལ་དེ་འདྲ་བྱུང་མྱོང་མཁན་ཡོད་རྒྱུ་རེད། ཡིན་ན་ཡང་། གནས་ཚུལ་དེ་ཚོར་སྡུག་ཕྱོགས་རྐྱང་རྐྱང་ལ་བསམ་བློ་མ་བཏང་བར། དགའ་སྤྲོ་དང་སྙིང་སྟོབས་ལ་བསྒྱུར་དགོས་པ་གལ་ཆེན་པོ་རེད། སྔོན་མ་ང་སུ་ཇ་རུ་སྡོད་སྐབས་བོད་ཁྱིམ་སློབ་གྲྭའི་ལྟ་གྲུབ་རང་ལས་གཞན་གཅེས་ཟེར་པ་དེ་རེད། ཡིན་ནའང་ང་ཚོ་མི་ཞིག་ཡིན་པ་དང་། མིའི་སྤྱི་ཚོགས་ནང་སྡོད་དགོས་སྟབས། རང་ལས་གཞན་གཅེས་ཟེར་བ་དེ་ཁག་པོར་མཐོང་གི་ཡོད། འོན་ཀྱང་གཞན་ལ་གནོད་པ་མ་བྱས་པའི་ཐོག་ནས་སྒེར་གྱི་འདོད་འདུན་དེ་གཙིགས་སུ་བཟུང་སྟེ། དེའི་ཐོག་དཀའ་ལས་རྒྱག་རྒྱུ་དང་། བློས་གཏོང་ག་རེ་བྱེད་དགོས་ཀྱང་སྙིང་སྟོབས་ཀྱི་ངོ་བོར་བསྒྱུར་ཏེ་རྒྱུན་འཁྱོང་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། དེ་སློབ་སྦྱོང་རྐྱང་པའི་ཐོག་ནས་བསྒྲུབ་དགོས་པ་ཞིག་ཀྱང་མ་རེད་བསམ་གྱི་འདུག ཅེས་སོགས་བརྗོད་སོང་།

གཏམ་བཤད་དངོས་གཞི་གྲུབ་སྟེ་དྲི་བ་དྲིས་ལན་སྐབས། སློབ་ཕྲུག་ཅིག་གིས་དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་པའི་བུད་མེད་ཀྱི་ཐོབ་ཐང་དང་། ཕོ་མོ་འདྲ་མཉམ་སྐོར་ཤུགས་ཆེན་པོ་གླེང་མཁན་འདུག མ་འོངས་པར་ཁྱེད་ཀྱིས་བོད་པའི་བུད་མེད་སྐོར་ལ་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར། ཚེ་རིང་སྐྱིད་ལགས་ཀྱིས་འདི་ལྟར་བརྗོད་བྱུང་། ངས་བོད་ཀྱི་བུད་མེད་སྐོར་ལ་དམིགས་བསལ་ལས་ཀ་གང་ཡང་བྱ་འདུན་མེད། བོད་པའི་བུད་མེད་ཚོར་རང་དབང་མི་འདུག་ཀྱང་བསམ་གྱི་མེད། ཐོག་མ་ང་བོད་ནས་ཡོང་སྐབས་ཕ་ཡུལ་བོད་ནང་གི་བུད་མེད་དེ་ཚོ་རྗེས་ལུས་རེད། སློབ་སྦྱོང་གི་གོ་སྐབས་རག་གི་མེད་པ་མ་ཟད། སྤྱི་ཚོགས་ནང་ཐོབ་ཐང་སོགས་གང་ཡང་མི་འདུག་བསམ་སོང་ལ། དེའི་སྐོར་ལ་རྩོམ་ཡིག་ཀྱང་རེ་ཟུང་བྲིས་མྱོང་ཡོད། འོན་ཀྱང་རྗེས་སུ་མིའི་སྤྱི་ཚོགས་འདྲ་མིན་མཐོང་ཡོང་སྐབས། ཕ་ཡུལ་གྱི་བུད་མེད་དེ་ཚོ་མི་རིགས་དང་ཡུལ་ལུང་གཞན་གྱི་བུད་མེད་ལས་ལྷག་གི་རྩ་ཆེན་པོ་དང་། ཁོ་རང་ཚོའི་མི་ཚེ་ལའང་གཞན་ལས་ལྷག་པའི་བདེ་སྐྱིད་དང་རིན་ཐང་ལྡན་པ་ཞིག་ལ་མཐོང་གི་འདུག དཔེར་ན། ང་རང་གི་ཨ་མ་དང་གཅེན་མོ་ལྟ་བུར་མཚོན་ན། ཁོ་རང་ཚོའི་མི་ཚེ་ཧྲིལ་བོ་སོ་སོའི་ཁྱིམ་ཚང་དང་བུ་ཕྲུག ཁྱོ་ག་སོགས་ཀྱི་ཆེད་དུ་བློས་བཏང་ཚར་བ་རེད། དེ་ལ་ཁོ་རང་ཚོས་དུས་ནམ་ཡང་ཁེངས་ར་བྱས་མྱོང་ཡོད་པ་མ་རེད་ལ། དེ་ལ་འདོད་པ་མེད་པ་དང་དེ་ནི་དཀའ་སྡུག་ཅིག་ཡིན་པའི་ཚོར་བ་ཙམ་ཡང་ཡོད་པ་མ་རེད། ལྷག་བསམ་འདི་ཇི་ལྟར་བྱུང་བ་རེད་ཟེར་ན། ང་ཚོ་བོད་པའི་ཆོས་ལུགས་རིག་གཞུང་གིས་བཞག་པའི་བག་ཆགས་ཤིག་གི་ནུས་སྟོབས་ལ་བརྟེན་ནས་བྱུང་བ་རེད། མི་དང་ཅ་དངོས་གང་ལ་ཡང་རིན་ཐང་གི་ལྟ་སྟངས་མ་འདྲ་བ་ཡོད་པ་རེད། འདི་རྩ་ཆེན་པོ་རེད་བསམ་གྱི་འདུག གལ་སྲིད་ནུབ་ཕྱོགས་སྤྱི་ཚོགས་ནང་གི་ཕོ་མོ་འདྲ་མཉམ་གྱི་ལྟ་བ་ཤུགས་ཆེན་པོ་ཡོད་མཁན་བུད་མེད་ཅིག་ང་ཚོ་བོད་པའི་སྤྱི་ཚོགས་ནང་བསྡད་དེ་བོད་པའི་ཆོས་ལུགས་རིག་གཞུང་ལ་བག་ཆགས་གཏིང་ཟབ་མོ་ཞིག་འཇོག་ཐུབ་པ་ཡིན་ན། གཞི་ནས་ཁྱོད་ལ་བུད་མེད་ཀྱི་ཐོབ་ཐང་ཟེར་བ་དང་ཕོ་མོ་འདྲ་མཉམ་ཟེར་བ་དེ་དག་ལ་ལྟ་ལྟངས་གཞན་ཞིག་ཡོང་གི་རེད།

ད་ལྟ་ང་རང་གིས་བོད་ནང་གི་བུད་མེད་དེ་ཚོར་ཐོབ་ཐང་མེད་པ་དང་རྗེས་ལུས་ཡིན་པ་ཞིག་ལ་མཐོང་གི་མེད་པ་མ་ཟད། ངའི་ཐོག་མའི་བསམ་བློ་དེ་ཡང་ནོར་འཁྲུལ་ཡིན་པ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཕྱི་རྒྱལ་གྱི་སྤྱི་ཚོགས་མང་པོ་ཞིག་མཐོང་ཡོང་བའི་སྐབས་ལ། སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་ཆེས་གལ་ཆེ་བ་དེ་ཁྱིམ་ཚང་རེད་བསམ་གྱི་འདུག དེར་བརྟེན། མ་འོངས་པ་བོད་ཀྱི་སྤྱི་ཚོགས་དེ་ག་འདྲ་ཞིག་ལ་འགྱུར་མིན་དེ་བོད་ཀྱི་བུད་མེད་ཚོས་སོ་སོའི་ཁྱིམ་ཚང་སྐྱོང་སྟངས་དང་བུ་ཕྲུག་ལ་བརྩེ་དུང་སྤྲོད་སྟངས། ཁྱོ་ག་ལ་བརྩི་བཀུར་བྱེད་སྟངས་སོགས་ལ་རག་ལས་ཡོད་པ་རེད་བསམ་གྱི་འདུག

གལ་སྲིད་བུད་མེད་ཀྱི་ཐོབ་ཐང་དང་ཕོ་མོ་འདྲ་མཉམ་ཟེར་བ་ཞིག་དགོས་ཀྱི་ཡོད་ན། རང་རང་གི་ནུས་པའི་སྟེང་ནས་མངོན་དགོས་པ་ཞིག་རེད་མ་གཏོགས་འཐབ་རྩོད་བྱས་ནས་འཐོབ་དགོས་པ་ཞིག་མ་རེད། ངས་བཙན་བྱོལ་ནང་གི་བུད་མེད་མང་པོ་ཞིག་གིས་སོ་སོ་སྒེར་གྱི་དགོས་མཁོ་ཞིག་དང་། གཞན་པའི་དོ་སྣང་འདྲེན་ཆེད་དུ་བུད་མེད་སྐོར་ལ་སྐད་ཆ་ཤོད་ཀྱི་ཡོད་པ་ཞིག་ལ་མཐོང་གི་འདུག མི་དེའི་རིགས་ཀྱིས་བོད་པའི་བུད་མེད་ཟེར་བ་དང་བོད་མི་རིགས་ཟེར་བ། བོད་མི་རིགས་ཀྱི་རིག་གནས་དང་ཆོས་ལུགས་ཀྱིས་གྲུབ་པའི་བོད་མིའི་སེམས་ཁམས་ཀྱིས་བྱ་དངོས་ལ་ལྟ་བའི་རིན་ཐང་ལྟ་ཚུལ་དེ་རྩ་བ་ཉིད་ནས་རྒྱུས་ལོན་བྱས་མེད་པར། ནུབ་གླིང་གི་བཤད་སྤྱོད་རིགས་ལ་ལད་ཟློས་དང་འུར་སྒྲོག་བྱས་ཏེ་སོ་སོའི་སྒེར་དོན་སྒྲུབ་ཀྱི་ཡོད་པ་རེད་དྲན་གྱི་འདུག དེའི་རྐྱེན་གྱིས་ངས་བོད་པའི་བུད་མེད་ཀྱི་ཐོབ་ཐང་འཐབ་རྩོད་བྱེད་ཀྱི་མེད་ལ། འདྲ་མཉམ་ཟེར་བ་དེ་གལ་ཆེན་པོ་ཞིག་ལ་མཐོང་གི་ཡང་མེད། ཅེས་བརྗོད་བྱུང་།

ཡང་སློབ་ཕྲུག་ཅིག་གིས། ཁྱེད་ཀྱིས་གོང་དུ་གཏམ་བཤད་གནང་སྟངས་ལ་གཞིགས་ན་ཁྱེད་རང་ལོ་སུམ་ཅུ་བརྒལ་ཡོད་པ་ཞིག་མཐོང་སོང་ཡང་ཁྱེད་རང་ད་བར་ཆང་ས་མ་བརྒྱབ་པའི་རྒྱུ་མཚན་ག་རེ་ཡིན། ཞེས་དྲིས་པའི་ལན་དུ་ཁོང་མོས། བཟའ་ཚང་རག་གི་མི་འདུག་(གད་མོ་དང་བཅས།) རྩེད་མོ་རྩེ་ཡིན། ང་ལ་མཚོན་ན། ཐོག་མ་ཕ་ཡུལ་དང་ཁ་བྲལ་ནས་དཀའ་ལས་མང་པོ་ཞིག་བརྒྱབ་པ་རེད། རྗེས་སུ་ངའི་ཕ་མ་གཉིས་ལའང་ངོ་ཐུག་ཐུབ་ཡོད་པ་མ་རེད། དེ་དག་ལ་བསམ་བློ་ཞིག་བཏང་ན། སོ་སོར་རང་བཞིན་གྱིས་དྲི་བ་ཞིག་ཡོང་གི་འདུག ངས་ཅིའི་ཕྱིར་དཀའ་ངལ་འདི་འདྲ་ཞིག་མྱངས་པ་རེད། ང་ཅི་ཞིག་གི་ཆེད་དུ་ཕ་མ་འདས་ཁར་ངོ་ཙམ་ཡང་ཐུག་ཐུབ་ཡོད་པ་མ་རེད། དྲི་བ་འདི་དག་ལ་དྲིས་ལན་ལྟ་བུའི་གྲུབ་འབྲས་རྡོག་རྡོག་ཅིག་བརྩོན་ལེན་བྱེད་པའི་ཆེད་དང་། ཕྱོགས་གཞན་ཞིག་ནས་ང་ཚོ་ཚང་མ་གཅིག་པ་རེད། ག་བར་ཕྱིན་ཡང་མགྲོན་པོ་ལྟ་བུ་ཞིག་དང་། གང་དུ་བསྡད་ཀྱང་གནས་ཚང་འདྲ་བོ་ཞིག་གི་ཚོར་བ་ཡོང་གི་ཡོད་སྟབས། ཁྱིམ་ཚང་དང་བརྩེ་དུང་གི་ཕྱོགས་ནས་ཀྱང་མང་པོ་མང་པོ་ཞིག་བློས་གཏོང་བྱ་དགོས་ཐུག་ཡོང་གི་ཡོད་འདུག ཅེས་སྐྱོ་སྣང་དང་བསྡོངས་ནས་བརྗོད་སོང་། མ་འོངས་པར་བཟའ་ཚང་མི་རིགས་ག་འདྲ་ཞིག་ལ་བསྒྲིག་འདུན་ཡོད་པ་དང་། སྐྱེས་པ་གང་འདྲའི་རིགས་ལ་དགའ་བོ་ཡོད་སྐོར་དྲིས་པའི་ལན་དུ། མ་འོངས་པའི་མི་ཚེ་སྐྱེལ་རོགས་དེ་ངེས་པར་དུ་བོད་པ་ཞིག་ལ་རེ་བ་རྒྱག་གི་ཡོད་པ་དང་། མོ་རང་གི་སྐྱོན་དང་བཟང་གཉིས་ཀར་ངོས་ལེན་དང་བརྩི་བཀུར་བྱེད་ཐུབ་མཁན་གྱི་སྐྱེས་པ་བློ་སྟོབས་ཅན་ཞིག་ལ་བཟའ་ཚང་བྱ་འདོད་ཡོད་སྐོར་བརྗོད་སོང་།

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་འོས་མི་ཚེ་རིང་ཕུན་ཚོགས་ལགས། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས། ༢༠༢༥།༡༢།༨
Mobile App

ཚེ་རིང་ཕུན་ཚོགས་ལགས་ཕྱི་ལོ་ ༢༠༢༦ སྲིད་སྐྱོང་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
རྡོ་རྗེ་བརྟན་མི་རིགས་ལས་རིགས་ལག་རྩལ་སློབ་གྲྭ་གསར་འཛུགས་གནང་མཁན་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག
Mobile App

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་རྒྱ་གཞུང་གིས་འཛིན་བཟུང་བྱས།

ཆུ་ཚོད་ ༢༢ སྔོན་ལ།
མོན་རྟ་དབང་དུ་རྒྱལ་སྤྱིའི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་ཚོགས་འདུ་ཐེངས་དང་པོ་༢༠༢༥།༡༢།༣-༦ འཚོགས། དུས་བབ་ཀྱི་པར།
Mobile App

ང་ཚོ་མོན་པ་རྣམས་ཏཱ་ལའི་བླ་མ་རྣམ་གཉིས་ལ་འབྲེལ་བ་ཡོད་པས་ཧ་ཅང་སྐལ་བ་བཟང་པོ་ཡིན་པ་རྟོགས་ཡོད་ཅེས་གསུངས་སོང་།

༢༠༢༥/༡༢/༠༦
རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉམས་ཞིབ་པ་རྣམ་པས་་གཏམ་བཤད་གནང་བ། ༢༠༢༥།༡༢།༠༦ དུས་བབ་ཀྱི་པར།
Mobile App

ཞིབ་འཇུག་ཚོགས་འདུའི་ཐོག་རྒྱ་ནག་གཞུང་གིས་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུར་བཅོས་སྒྲིག་དང་རྫུན་བཟོས་བྱས་ཡོད་སྐོར་བརྗོད།

༢༠༢༥/༡༢/༠༦
Photo Credit : Free Tibet
Mobile App

ཚེ་རིང་མཚོ་ལགས་བཟང་བཙོན་འོག་བཅུག་ཡོད་འདུག

༢༠༢༥/༡༢/༠༦
Mobile App

རྒྱ་ནག་གཞུང་གི་མདའ་སྐད་གླིང་བསྒྱུར་གྱི་མི་རིགས་སྲིད་ཇུས་གསར་བ། 

༢༠༢༥/༡༢/༠༦

མཆན། 3

  1. སའིི་ལྷ་མོ says:
    ལོ་ 10 སྔོན།

    བོད་ཀྱི་བུད་མེད་ཅིག་གི་ནང་ནས་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ཁྱོད་ཀྱིས་གསུངས་སྟངས་དེ་དངོས་གནས་དོན་སྙིང་ལྡན་པ་ཞིག་རེད།
    དགོངས་ཚུལ་རྣམས་སྤྱི་ཚོགས་ཐོག་ཁྱབ་ཐུབ་པའི་རེ་བ་ཞུ་གི་ཡོད་ལ་སྨོན་ལམ་ཡང་འདེབས་ཀྱི་ཡོད།

    Reply
  2. འཇམ་བཟང་། says:
    ལོ་ 10 སྔོན།

    དྲིས་ལེན་ཡག་པོ་གནང་འདུག་དགའ་བོ་བྱུང་།།
    ཐུགས་རྗེ་ཆེ།།

    Reply
  3. ལྷོ་བ། says:
    ལོ་ 10 སྔོན།

    ང་རང་ཆེས་དགའ་བའི་བོད་ཀྱི་མཛངས་མ་ཚེ་རིང་སྐྱིད་ལགས། ཧ་ལས་པའི་བཀའ་སློབ་དང་དྲི་བ་དྲི་ལན་ཡག་པོ་གསུངས་འདུག ཤེས་ཡོན་འཇོན་ཐང་དང་བསམ་བློ་སོགས་ཕྱོགས་གང་ཐད་ནས་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་པ་ཞིག་ལ་མཐོང་སོང་ལ། མཐོང་བ་ཇི་བཞིན་ནམ་རྒྱུན་ཁྱོད་རང་གི་གསར་འགྱུར་དང་རྩོམ་ཡིག་བཀའ་སློབ་གསུང་བཤད་སོགས་ལ་ཉན་ཡོང་མ་ཁྱད་ཆོས་མ་འདྲ་བ་ཞིག་མངོན་ཡོང་གི་འདུག ཁྱོད་དང་ཁྱོད་ལྟ་བུའི་བུད་མེད་མང་པོ་ཞིག་བོད་པ་ཚང་ལ་ཡོད་ན་བུད་མེད་ཀྱི་ཐོབ་ཐང་ཟེར་བའི་སྡུག་སྐད་དེ་རྒྱག་མི་དགོས་པར་སྐྱེས་པ་ལས་ལྷག་གི་ནུས་པ་ཞིག་བོད་པའི་བུད་མེད་ཚོའི་སྟེང་ནས་མངོན་ཡོང་གི་རེད་ལ། དེས་བོད་པའི་སྤྱི་ཚོགས་དང་འགྲོ་བ་མིའི་རིགས་ཀྱི་ལྷིང་འཇགས་བདེ་སྐྱིད་ཡང་སྐྲུན་ཡོང་གི་ཡོད་པ་རེད། བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese