མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

དམངས་གཙོར་ཐུབ་ཚོད་གཏོང་སྟངས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༦ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཉིས་སྟོང་གཉིས་ལོར་ཟམ་གདོང་རིན་པོ་ཆེ་མཆོག་མི་མང་གིས་བདམས་པའི་བཀའ་ཤག་སྐབས་བཅུ་གཉིས་པའི་བཀའ་བློན་ཁྲི་པར་བཞུགས་རྗེས། བཙན་བྱོལ་སྤྱི་ཚོགས་ནང་བཀའ་ཤག་སྐབས་བཅུ་གསུམ་པར་རིན་པོ་ཆེ་བསྐྱར་དུ་འདེམས་ཆོག་ཀྱང་། སྐབས་བཅུ་བཞི་པར་བཀའ་བློན་ཁྲི་པ་རེག་མིན་ཐད་སེམས་ཁྲལ་ཆེན་པོ་བྱས་ཡོད། དོ་འཁུར་ཅན་འགས་བཀའ་བློན་ཁྲི་པའི་དྲ་ཚིགས་གསར་བཟོ་དང་། འོས་བསྡུའི་ལས་རིམ་མགོ་མ་བཙུགས་པའི་ལོ་གཅིག་གི་གོང་ནས་བཀའ་ཁྲི་འཚོལ་བའི་ལས་འགུལ་སྣ་ཚོགས་སྤེལ་བ་རེད།
    སྐབས་བཅོ་ལྔ་པའི་འོས་བསྡུ་བསླེབ་ལ་ཉེ་སྐབས་སྔར་གྱི་ཚོད་དཔག་ལས་བརྒལ་ཏེ། ང་ཡིན་ཁོ་ཡིན་ཟེར་མཁན་གྱི་བཀའ་བློན་ཁྲི་པའི་འོས་མི་དང་བླང་པ་གཅིག་རྗེས་གཉིས་མཐུད་དུ་ཐོན། བཀའ་བློན་ཁྲི་པའི་དྲ་ཚིགས་སྟེང་དུའང་འོས་མི་ཉི་ཤུ་མ་ཟིན་ཙམ་ཞིག་གི་མཚན་ཐོ་བཀོད་ཡོད། འདི་ཕྱོགས་གཅིག་ནས་དམངས་གཙོའི་འཕེལ་རིམ་ཞེས་བཟང་ཕྱོགས་ཀྱི་གནས་ཚུལ་དུ་བསྒྲག་ཆོག་མོད། ཕྱོགས་གཞན་ཞིག་ནས་བསམ་ན་བཙན་བྱོལ་སྤྱི་ཚོགས་ཀྱི་དམངས་གཙོའི་གནས་ཚད་ཚོད་ཐུག་གི་ཐུབ་ཚོད་ཅིག་ཀྱང་ཆགས་ཡོད།
    སྐབས་དེར་བཀའ་བློན་ཁྲི་པའི་འོས་མི་དག་གིས་ཧོལ་རྒྱུག་ཐོད་བརྒལ་དང་སྨྱོ་སྤྱོད་ཧམ་བཤད་མང་པོ་བྱས་ཏེ། མང་ཚོགས་ཀྱིས་ཀྱང་འོས་མི་དེ་དག་ལ་སྲིད་འབྱོར་རིག་གསུམ་གྱི་ཤེས་ཡོན་མཐོ་བོ་ཡོད་ཤག་གི་བསམ་བློའི་རྨང་གཞིའི་སྟེང་ལ། ཆིག་སྒྲིལ་གསར་གཏོད་རང་ཁ་རང་གསོ། ཕྱི་རྒྱལ་བོད་རིགས་ཚོགས་པ་ཁག་དང་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་མགོ་བསྒྲིལ། བོད་ནས་གསར་དུ་འབྱོར་བ་དང་རྒྱ་གར་མཐོ་སློབ་འཐོན་མཁན་ལས་མེད་དག་ལ་ཉམས་ཞིབ་ཁང་འཛུགས་རྒྱུ་སོགས་སྐྱབས་བཅོལ་བ་ཞིག་གི་གནས་བབ་ལས་བརྒལ་བའི་ཁ་གཡང་བསྒྲགས་པ་དེ་དག་གིས། དམངས་གཙོའི་བྱིས་པ་དང་རྙིང་ཞེན་རྒན་པོའི་སྤྱི་ཚོགས་ཆུང་ཆུང་འདི་རྦད་དེ་མགོ་འཐོམ་དུ་བཅུག་པ་རེད།
    ད་རེས་བཀའ་ཤག་སྐབས་བཅོ་ལྔ་དང་སྤྱི་འཐུས་སྐབས་བཅུ་དྲུག་གི་འོས་བསྡུ་དེ་ཡང་ཚོད་སྒམ་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པ་ད་ལྟ་ནས་ཟུར་བལྟས་ལེབ་མཐོང་རེད། བོད་མིའི་སྒྲིག་འཛུགས་ཀྱི་འོས་བསྡུའི་ལས་རིམ་མགོ་འཛུགས་མ་གནང་སྔོན་ནས་ས་གནས་ཁག་ཅིག་ནང་ཁྱབ་བསྒྲགས་མགོ་འཛུགས་བྱས་ཟིན་ཡོད་པ་དང་། ཕྱི་ཚེས་ ༡༠ ཉིན་དབུས་འོས་བསྡུ་ལྷན་ཁང་གིས་གངས་སྐྱིད་ནས་གསལ་བསྒྲགས་མ་སྤེལ་བའི་ཆུ་ཚོད་གཅིག་གི་སྔོན་ལ། དང་བླངས་འོས་མི་ཞིག་གིས་མེག་གྷན་ནས་གསར་འགོད་གསལ་བསྒྲགས་སྤེལ་སོང་།
    ཨ་རི་དང་ཡུ་རོབ་སོགས་ཆབ་སྲིད་ཚོགས་པ་མང་པོ་དང་དམངས་གཙོ་འཁྲུག་ཆ་ཆེ་བའི་སྤྱི་ཚོགས་ནང་། གཞུང་འབྲེལ་འོས་བསྡུ་གསལ་བསྒྲགས་མ་བྱས་སྔོན་ལ་འོས་མི་སྒེར་གྱིས་ཁྱབ་བསྒྲགས་བྱེད་མི་ཆོག་པ་མ་ཟད། འོས་བསྡུའི་ལས་རིམ་མགོ་འཛུགས་བྱས་རྗེས་ཀྱང་། འོས་མི་ཁྱབ་བསྒྲགས་ལས་རིམ་ཐད་ཀྱི་དངུལ་གྱི་ཡོང་ཁུངས་གསལ་བོ་དགོས་པ་མ་ཟད། ཁྱབ་བསྒྲགས་ལས་དོན་ཐད་འགྲོ་སོང་གཏོང་ཕྱོགས་ལའང་ཚད་བཀག་ཡོད་སྟབས། སྤྱི་ཚོགས་ཀྱི་གོང་འོག་བར་གསུམ་ལ་དམངས་གཙོའི་ཁྲིམས་སྲོལ་གྱིས་ཁྱབ་ཐུབ་ཀྱི་ཡོད།
    འུ་ཅག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་འོས་བསྡུའི་སྒྲིག་གཞི་སོགས་སུ་གནད་དོན་འདི་དག་ཐོག་བྱེད་ཕྱོགས་ཁ་གསལ་མེད་པ་དང་། སྐབས་བཅོ་ལྔ་པའི་བཀའ་ཤག་དང་སྐབས་བཅུ་དྲུག་གི་སྤྱི་འཐུས་འོས་སྤྲུལ་ཚོར། དེང་གི་དམངས་གཙོའི་ཧྲག་བར་དང་བོད་མིའི་སྤྱི་ཚོགས་ཀྱི་ཕྱི་ནང་ལ་རྒྱུས་མངའ་ཆེ་དྲགས་སྟབས། འོག་ནས་མང་ཚོགས་དམངས་གཙོའི་ཁེ་དབང་ལ་སྙོབ་མིན་གྱི་བར་གསེང་བརྒྱུད་དེ། སྒང་ནས་ཆབ་སྲིད་པ་ཚོ་དམངས་གཙོའི་ཁྲིམས་སྲོལ་གྱི་རྒྱ་ལས་བརྒལ་རྒྱུའི་ཉེན་ཁ་ཤིན་ཏུ་ནས་ཆེ་འོ།།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist