མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་བསྒྲུབ་ན་ཇི་བཞིན་བསྒྲུབ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༧ སྟེང་གི་རྩོམ་སྒྲིག་པའི་གཏམ།
བཞུགས་སྒར་དྷ་རམ་ས་ལ་ནས་བོད་མིའི་སྒྲིག་འཛུགས་དང་མདོ་སྨད་ཆོལ་ཁ་སོགས་ཀྱིས་༧གོང་ས་མཆོག་དགུང་གྲངས་བརྒྱ་ཅུར་ཕེབས་པའི་སྐུའི་གྱ་སྟོན་ཚ་ཚ་འུར་འུར་གྱིས་སྲུང་གཙི་ཞུས་སོང་། གྱ་སྟོན་གོ་སྒྲིག་ཞུ་མཁན་དང་སྟོན་མོར་མཉམ་ཞུགས་གནང་མཁན་ཚང་མས་ཅི་མི་སྙམ་པར། གོ་སྐབས་ཤིག་གི་འདུ་ཤེས་བཟུང་སྟེ་ཟང་ཟིང་ལང་ལོང་དང་། དགའ་དགའ་སྤྲོ་སྤྲོས་སྟོན་མོར་རོལ་སོང་། ཡང་སྙིང་བོད་པ་ཚང་གི་ཁོག་པའི་སྙིང་དང་དཔྲལ་བའི་མིག་གཅིག་པུ་དགུང་ལོ་བརྒྱད་ཅུ་བརྒལ་འགྲོ་བཞིན་པའི་ཛ་དྲག་གི་སྐྱོ་གནས་འདིར་སུ་ལ་ཡང་སེམས་ཚུབ་མེད་པ་འདྲ།
    གྱ་སྟོན་མཛད་སྒོར་ཞུགས་མཁན་བླ་ཆེན་དཔོན་ཆེན་དང་། དབང་ཆེན་རྒྱུ་ཆེན་མང་པོ་ཞིག་གིས་གཏམ་བཤད་གནང་སྟེ། ཚང་མས་མགྲིན་དབྱངས་གཅིག་གིས་༧གོང་ས་མཆོག་གི་བཀའ་བརྩི་དགོས་ཚུལ་དང་། དགོངས་པ་བསྒྲུབ་དགོས་སྐོར། ཁོང་གི་བཀའ་དགོངས་བསྒྲུབ་རྒྱུ་དེ་རྒྱལ་བ་དགྱེས་པའི་མཆོད་པ་དང་རང་གཞན་གཉིས་ཀྱི་ཚོགས་བསགས་ཡིན་ཚུལ་བཤད།
    ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་དགོས་ཟེར་བ་འདི་བཙན་བྱོལ་སྤྱི་ཚོགས་ནང་གི་ཁ་ཐོགས་ཚད་ལ་གོམས་ཡོད་པའི་སྤྱིར་བཏང་གི་ཁ་གཡང་ཞིག་ཆགས་ཡོད། དེ་ལྟར་ཤོད་མཁན་གྱིས་སོ་སོའི་ཁ་ནས་ཅི་ཞིག་ཤོད་ཀྱི་ཡོད་པ་དང་། བཤད་པའི་སྐད་ཆ་དེ་ལ་ལྕི་བབ་ག་ཚོད་ཡོད་མེད་ཤེས་ཀྱི་མེད་ལ། མཐའ་ན་སྐད་ཆ་དེ་དག་ཐོག་སོ་སོར་འགན་འཁྲི་ཅི་ཙམ་ཡོད་པའང་ཚོར་གྱི་མེད།
    བོད་ནང་གི་བོད་མི་ཚོས་ཀྱང་ཉིན་འདི་འགར་རྣམ་པ་འདྲ་མིན་ཐོག་གྱ་སྟོན་སྲུང་གཙི་ཞུ་བཞིན་འདུག བོད་སྐད་ལ་དག་ཐེར་དང་བོད་ཡིག་ལ་འགྲན་བསྡུར་བྱས་ཏེ་གྱ་སྟོན་སྲུང་གཙི་ཞུ་བཞིན་འདུག སྔོན་མ་ཉིས་སྟོང་ལྔ་ལོར་སྟག་གཟིག་སྲམ་ལྤགས་ཀྱི་རྒྱན་གོས་མཚམས་འཇོག་བྱས་པ་དང་། ཉིས་སྟོང་བརྒྱད་དགུ་ནས་སློབ་གྲྭ་ཁག་ཏུ་རིགས་ལམ་འཁྲིད་སྤེལ་གནང་བ། ད་ལོའི་གྱ་སྟོན་ལའང་སྲོག་ཀླུ་ཚེ་ཐར་དང་ཚོགས་བསགས་དགེ་སྦྱོར་ཆོས་ཀྱི་མཆོད་པ་རྒྱ་ཆེན་བྱས་ཡོད།
    ༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་འདོད་ཡོད་མཁན་ཚོས་བཀའ་ཇི་བཞིན་བརྩི་རྒྱུ་དང་། དགོངས་པ་ཇི་བཞིན་བསྒྲུབ་དགོས་པ་ལས། གསུང་ཡར་འཐེན་མར་གཅོད་དང་། དགོངས་པ་ཡར་འགྲེལ་མར་དཀྲུག་བྱས་ན། དེ་ནི་སྒེར་དོན་བསྒྲུབ་པ་ལས་༧གོང་ས་མཆོག་གི་བཀའ་དགོངས་བསྒྲུབ་སྟངས་མིན། མི་རེ་ཟུང་གིས་༧གོང་ས་མཆོག་གིས་འདི་བསྒྲུབ་གསུངས་ཡོད་པ་ལས། དེ་མ་བསྒྲུབ་གསུངས་མེད་སྐོར་བཤད་དེ་རང་མགོ་རང་གིས་གཡོག་པ་དང་། ཁོང་གི་དགོངས་པ་འདི་ཡིན་གསུངས་ཡོད་པ་ལས། དེ་ལས་ལྡོག་ན་མི་འགྲིག་གསུངས་མེད་ཚུལ་གྱིས་གཞན་མགོ་བཙན་གྱིས་སྐོར་གྱི་འདུག
    ༧གོང་ས་ཏཱ་ལའི་བླ་མ་མིའི་སྤྱི་ཚོགས་ནང་འཚོ་ཞིང་གཞེས་པའི་མི་ཞིག་ཡིན་སྟབས། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་ཆོས་དང་མ་འདྲེས་པའི་མིའི་ཡ་རབས་བཟང་སྤྱོད་གསུང་གི་ཡོད་པ་བཞིན། མི་སྡེ་སྤྱི་ཚོགས་དང་བོད་དོན་འཐབ་རྩོད་ཁྲོད་ཁོང་གི་སྐུ་གསུང་ཐུགས་ཀྱི་སྤྲོས་པ་མཐའ་ཐག་ཀྱང་མིས་མཐོང་བ་དང་མིས་ཐོས་པ། མིར་མཐུན་པ་རྐྱང་རྐྱང་ཡིན་པ་ལས་མི་དང་མིའི་འཇིག་རྟེན་ལས་འདས་པའི་སྨྲ་བསམ་བརྗོད་མེད་ཀྱི་མཛད་པ་ཅི་ཡང་བསྟན་མེད་ལ་བཀའ་གསུང་གང་ཡང་གནང་མེད་དོ།།

འབྲེལ་ཡོད་གསར་འགྱུར།

Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢༣ སྔོན་ལ།
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

༢༠༢༦/༠༩/༠༧
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese