མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིན་པོ་ཆེ་རྒྱ་གཞུང་གིས་བསད་སོང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་བློ་གྲོས་རབ་བརྟན།

“ང་ལ་ནག་ཉེས་མེད”འདི་ནི་རིན་པོ་ཆེའི་གསུང་རེད།

ཉིན་འདི་དག་ལ་མཚོན་ན་༧གོང་ས་མཆོག་དགུང་གྲངས་༨༠ བཞེས་པའི་དུས་ཆེན་ལ་རོལ་བའི་སྐབས་འདིར། བསམ་བཞིན་དུ་འམ་ཆེད་དུ་དུས་ཚོད་འདི་ལ་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམར་བསད་བཏང་སོང་། འདིས་རྒྱ་གཞུང་གིས་བོད་མི་ཚོ་ལ་ཅི་ཞིག་བྱེད་ཀྱིན་ཡོད་པ་གསལ་བོ་བསྟན་ཡོད།

ངས་དེ་རིང་ཆེད་དུ་སྐུ་གྲོངས་སོང་ཟེར་བ་ལྟ་བུའི་མིང་ཚིག་དེ་བེད་སྤྱོད་གཏོང་གི་མེད་ཅིང་། བསད་སོང་ཟེར་བའི་བྱ་ཚིག་འདི་ཆེད་དུ་བཀོལ་ཡོད། རྒྱུ་མཚན་ནི། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལ་མཚོན་ན་མགོ་མཇུག་བར་གསུམ་དུ་རྒྱ་གཞུང་གིས་མ་ཉེས་ཁ་གཡོག་དང་ཉེས་མེད་ཉེས་ཅན་པར་བཟོས་ཏེ། ལོ་ངོ་ ༡༣ རིང་བཙོན་དུ་བཅུག་མཐར་རིན་པོ་ཆེ་འཇིག་རྟེན་འདི་དང་ཁ་གྱེས་པ་རེད། འདི་ནི་རྒྱ་གཞུང་གི་མི་གསོད་སྟངས་ཤིག་རེད་ལ། ལྷག་པར་དུ་མི་དཀར་པོ་དང་གྲགས་ཅན་ཚོ་གསོད་སྟངས་ཤིག་རེད། འདི་ཤེས་པའི་ཐོག་ནས་བྱ་ཚིག་གང་གནད་ལ་འཁེལ་བ་དེ་སྤྱོད་རྒྱུ་གལ་ཆེ་སྟབས། འདིར་རིན་པོ་ཆེ་ཆེད་དུ་བསད་པ་རང་ཡིན་དུས་བསད་ཅེས་པའི་བྱ་ཚིག་དེ་བཀོལ་ཡོད།

རིན་པོ་ཆེ་ལ་མཚོན་ན། དགོན་པ་མང་པོ་དང་ལྷ་སྡེ་མི་སྡེ་མང་པོ་ཅན་དེ་འདྲ་མིན་ཚོད་རེད་ལ། ས་གནས་ས་ཐོག་གི་རིན་པོ་ཆེ་དཀྱུས་མ་ཞིག་རེད། འོན་ཀྱང་རིན་པོ་ཆེའི་ཕྱག་ལས་ལ་མཚོན་ན། ཁོར་ཡུག་སྲུང་སྐྱོབ་དང་ས་གནས་ཀྱི་ཉམ་ཐག་བུ་གུ་ཚོར་ཤེས་ཡོན་སྤྲོད་པ། མི་མང་ཕན་ཚུན་མཐུན་སྒྲིལ་བྱེད་དགོས་པའི་ཕྱག་ལས་གནང་བ་ལྟ་བུ་རེད། འདི་དག་ནི་གཞུང་དང་ཚོགས་སྡེ། མི་སྒེར་སུ་ཞིག་ཡིན་ཡང་དགའ་དགོས་པ་ཤ་སྟག་རེད། རེད་དེ། རྒྱ་ནག་གཞུང་གིས་རིན་པོ་ཆེའི་ཕྱག་ལས་དེ་དག་གི་རྐྱེན་གྱིས་བཙོན་དུ་བཅུག་སྟེ་དམར་བསད་བཏང་བ་རེད།

རྒྱ་གཞུང་གིས་བཤད་ན། ཁྲིན་ཏུའུ་གྲོང་ཁྱེར་དུ་འབར་རྫས་གས་གཏོར་དང་རིན་པོ་ཆེ་འབྲེལ་བ་འདུག་ཚུལ་ བཤད་པ་དེ་རེད། དེ་ནི་མི་དཀར་བོ་ཞིག་ལ་ཆེད་དུ་ཞྭ་མོ་ནག་པོ་གཡོག་དགོས་དུས་ཁག་འཁྲི་ས་ཞིག་དགོས་པ་རེད། གལ་ཏེ་འབར་རྫས་ཤིག་གས་གཏོར་བྱུང་ཡོད་ན། དེ་ནི་རིན་པོ་ཆེ་ཆེད་དུ་ཉེས་ཅན་པར་བཟོ་པར་རྒྱ་གཞུང་རང་གིས་འབར་རྫས་བཀད་མི་སྲིད་པའང་མ་རེད། 

རིན་པོ་ཆེ་ལ་མཚོན་ན་ནང་པའི་དགེ་སློང་ཞིག་རེད། རིན་པོ་ཆེ་དང་ལོ་ངོ་དུ་མས་རིང་གཤིབ་ནས་བསྡད་པའི་ས་གནས་མི་མང་གིས་རིན་པོ་ཆེ་ལ་ནག་ཉེས་ཅི་ཡང་མེད་ལ་དཀར་བོ་དཀར་རྐྱང་ཡིན་ཞེས། སྲོག་དམར་པོ་གཏའ་མར་བཞག་སྟེ་ཞུ་གཏུག་བསྟུན་མར་བྱས་པ་དེས། རིན་པོ་ཆེ་ནི་དོན་གྱི་རིན་པོ་ཆེ་ཞིག་ཡིན་པ་བསྟན་ཡོད་ཅིང་། དེ་འདྲའི་མི་མང་གིས་དགའ་བསུ་ཐོབ་པའི་མི་ཞིག་ལ་འབར་རྫས་གས་གཏོར་ལ་འབྲེལ་བ་འདུག་ཟེར་ན། དེ་ནི་ཧམ་པ་དང་ཉེས་འགེལ་རང་ལས་འགྲོ་ས་གཞན་མེད།

“ང་ལ་ནག་ཉེས་མེད་”འདི་ནི་རིན་པོ་ཆེའི་སྐད་ཆ་རེད། བཙོན་དུ་ནག་ཉེས་ཅི་ཞིག་བགྲངས་བ་དང་། སྡུག་དཀའ་ལས་ཅི་ཙམ་མྱངས་ནའང་ང་ལ་ནག་ཉེས་མེད་ཅེས་ལན་བཏབ་ཡོད། རང་ཉིད་དཀར་པོ་ཡིན་པ་དང་རྒྱ་གཞུང་གིས་ཉེས་འཁེལ་དག་ལ་འབྲེལ་བ་ཡེ་ནས་མེད་པ་ཡིན་དུས། དེའི་ལན་དེ་ཡང་ང་ལ་འབྲེལ་བ་མེད་དང་ནག་ཉེས་མེད་ཅེས་དངོས་ཡོད་གང་ཡིན་པ་དེ་མ་བསད་བར་དུ་རིན་པོ་ཆེས་རྒྱུན་སྐྱོང་བྱས་པ་དེས། སྐྱེས་པ་ཕ་རྒོད་ཅིག་གི་བློ་བརྟན་འགྱུར་མེད་ཀྱི་རང་གཤིས་དེ་མངོན་ཡོད་པ་རེད།

དྲང་བདེན་དང་དངོས་ཡོད་ལ་རྒྱབ་གཏད་དེ། དབང་ཤེད་དང་ཉེས་འཁེལ་གྱིས་ཡོད་ཚད་ཐག་གཅོད་ཀྱིན་པའི་རྒྱ་གཞུང་ལ་མཚོན་ན། མི་ཞིག་ལ་ལག་མ་འཁེལ་ན། མཐའ་མར་ཚེ་བཙོན་དང་ཡང་ན་སྲོག་ཐོག་གཏོང་རྒྱུ་དེ་རེད། རིན་པོ་ཆེའི་ཐོག་ལའང་ལག་བསྟར་དེ་རང་བྱས་སོང་། འདིས་རིན་པོ་ཆེ་ནི་རླབས་ཆེན་གྱི་སྐྱེས་བུ་ཞིག་ཡིན་པ་དང་། དངོས་ཡོད་དང་དྲང་བདེན་གཞིར་བཞག་སྟེ་བལྟས་ན། རིན་པོ་ཆེ་ནི་རྒྱ་གཞུང་གི་དབང་འཛིན་པ་ཚོ་ལས་ཧ་ཅང་གི་ཁྱད་དུ་འཕགས་པ་ཞིག་ཡིན་པ་བསྟན་ཡོད་ཅིང་། བོད་མི་རིགས་ལ་མཚོན་ནའང་རིན་པོ་ཆེ་ནི་མི་རབས་འདིའི་མིག་དཔེར་བལྟ་ས་ཞིག་ཏུ་གྱུར་སོང་།

བོད་མི་རིགས་འདི་རྒྱ་འོག་ནས་ཡལ་འགྲོ་བཞིན་པའི་སྐབས་འདིར། རྒྱ་འོག་ནས་ལས་དོན་ཅི་ཞིག་བསྒྲུབ་དགོས་ནའང་། དཀའ་ངལ་ཡོད་བ་ཤེས་བཞིན་དུ་བོད་མི་རིགས་འདིའི་ཆེད་དུ་རིན་པོ་ཆེས་སྡུག་མྱངས་སོང་། གཅེས་པའི་ཚེ་སྲོག་དེ་ཡང་འཕྲོག་སོང་། རིན་པོ་ཆེ་ལྟ་བུའི་ཕོ་རྒོད་ཉུང་ངུ་ཞིག་གི་དྲིན་ལས་བོད་མི་རིགས་འདིའི་དབུགས་རྒྱུན་ད་དུང་ཆད་བཅུག་མེད། འདི་ང་ཚོས་ཤེས་ཡོད་ལ། འདི་ང་ཚོས་མཐོང་ཡོད། 

རིན་པོ་ཆེ་ཁྱེད་རང་གི་ཕ་ས་གངས་རིའི་ལྗོངས་དང་ཁ་བྲལ་སོང་། ཁྱེད་ཀྱིས་གནང་བའི་ཕྱག་ལས། ཁྱེད་ཀྱིས་བོད་མི་རིགས་འདིའི་ཆེད་དུ་མྱངས་པའི་སྡུག་བསྔལ། ཁྱེད་ཀྱིས་གངས་རིའི་ལྗོངས་ལ་འཆང་བའི་སླད་མེད་པའི་ལྷག་བསམ་དག་ལ་ང་ཚོས་སློབ་ སྦྱོང་བྱས་ཏེ། ཁྱེད་ཀྱི་ཕུགས་བསམ་གྱི་གངས་ལྗོངས་དེ་མངོན་འགྱུར་བྱ་རྒྱུ་ཡིན། རིན་པོ་ཆེ། ཁྱེད་གངས་རིའི་ལྗོངས་ལ་དགོས་མཁོ་ཡོད། སླར་ཡང་ཕེབས་གནང་རོགས།

 

 

འབྲེལ་ཡོད་གསར་འགྱུར།

In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧
Front Slider

དགུང་ལོ་ ༩༨ ཡིན་པའི་ནོར་བུ་རྒྱལ་ལགས་ཐུགས་དམ་དུ་བཞུགས་ཡོད་པའི་སྐོར་ལ་བཅར་འདྲི་ཞུས།

༢༠༢༦/༠༧/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese