མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ནང་ལྐོག་རྔན་སྤྲོད་ལེན་གྱི་ཉེན་ཚབས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༦
Share on FacebookShare on TwitterShare on EmailShare on Whatsapp

ནེའུ་ཡོག་དུས་བབ་གསར་ཁང་གི་དཔྱད་བརྗོད།

 གཟའ་ཕུར་བུའི་ཉིན། རྒྱ་གར་རྒྱལ་ཡོངས་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས། རྒྱ་གར་དབུས་གསང་བའི་ལས་ཁུངས་ (CBI) ལ་རྒྱལ་ནང་གི་སྔར་ལས་ལྷག་པའི་ཐལ་ཆེ་བའི་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་ལ་བརྟག་དཔྱད་ཞིབ་འཇུག་དགོས་པའི་བཀའ་རྒྱ་བསྒྲགས་པ་རེད། དེ་ཡང་བེ་པམ་སི་ཁམ་ (Vyapam scam) བྱ་བའི་ལྐོག་རྔན་སྤྲོད་ལེན་གྱི་ཁུངས་གཙོ་བོ་དེ་མ་ཌེ་ཡ་པིར་དྷེ་ཞི་ (Madhya Pradesh) མངའ་སྡེའི་འདེམས་བསྐོ་ལྷན་ཁང་ཡིན་ཞིང་། ལྷན་ཁང་དེས་གཞུང་འབྲེལ་སྨན་སློབ་ཁང་གི་ས་མིག་སྟོང་བར་ཞུགས་འདོད་ཡོད་མཁན་ཚོར་ལས་གནས་དེ་སྤྲོད་ཀྱི་ཡོད་མེད་པའི་ཐད་ལ་རྩོད་གླེང་མང་པོ་འབྱུང་གི་ཡོད་ཅིང་། སློབ་ཕྲུག་ཚོས་ལས་གནས་དེ་འཐོབ་ཆེད་འདེམས་བསྐོ་ལྷན་ཁང་གི་དཔོན་རིགས་ཚོར་ལྐོག་རྔན་འབོར་ཆེན་སྤྲད་པ་དང་། ཁྲིམས་འགལ་གྱི་ལྐོག་དངུལ་དེ་ཡང་ཆབ་སྲིད་ལས་འགུལ་དང་འབྲེལ་མིན་ཐད་ལ་རྒྱ་གར་གཞུང་གིས་དོགས་གཞི་བྱེད་ཀྱི་ཡོད།

འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱུན་མ་ཆད་པའི་ལྐོག་རྔན་སྤྲོད་ལེན་གྱི་རྩོད་རྙོག་དེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༤ ཉིན་དྲ་བརྙན་གསར་འགོད་པ་ཨ་ཁི་ཤཱེ་སེནྒ་ (Akshay Singh) ཡི་འདས་རྐྱེན་དང་འབྲེལ་བ་ཡོད་མེད་ལ་དོགས་གཞི་བྱེད་ཀྱི་ཡོད་པ་དང་། གསར་འགོད་པ་དེས་གོང་སྨོས་ལས་གནས་དེ་རེག་ཐབས་སུ་དཔོན་རིགས་ཁག་ཅིག་ལ་ལྐོག་རྔན་སྤྲད་པའི་རྩོད་གླེང་ནང་ཚུད་ཅིང་། ཕྱིས་སུ་གཞན་གྱིས་ལྐོག་གསོད་བཏང་བའི་སློབ་ཕྲུག་ཅིག་གི་ཁྱིམ་མི་ཚོར་བཅར་འདྲི་ཞུས་སྐབས། ཁོས་ཁྱིམ་ཚང་དེ་གར་ཇ་བཏུང་རྗེས་ཁ་ནས་ཝུ་བ་བསྐྱུགས་ཏེ་འདས་གྲོངས་སུ་གྱུར་བ་རེད།

མ་ཌེ་ཡ་མངའ་སྡེའི་དཔོན་རིགས་ཤིག་གིས་བརྗོད་དོན་ལྟར་ན། རེབ་དེའི་ལྐོག་རྔན་སྤྲོད་ལེན་གྱི་རྩོད་གླེང་ཁྲོད་དུ་མི་གྲངས་ ༢༤ ལྷག་ལྐོག་གསོད་ཐེབས་ཡོད་འདུག་ལ། ༢༠༡༣ ལོ་ནས་ད་ལྟའི་བར་མངའ་སྡེ་སྲིད་གཞུང་གིས་རྟོག་ཞིབ་བརྒྱུད་དེ་ལྐོག་རྔན་སྤྲོད་ལེན་དང་འབྲེལ་བའི་མི་སྣ་ ༢༠༠༠ འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་། དེའི་ཁྲོད་ཀྱི་མང་ཆེ་བ་རྒྱུག་འབྲས་ཆེས་ཞན་པའི་རིགས་ཡིན་ཞིང་། ཁོ་ཚོས་བློ་རིག་རྣོ་བའི་སློབ་ཕྲུག་གཞན་པར་ལྐོག་རྔན་སྤྲད་དེ། ཁོ་རང་ཚོའི་ཚབ་ཏུ་གཞུང་འབྲེལ་ལས་གནས་ཁག་ལ་ཡིག་ཚད་གཏོང་དུ་བཅུག་པ་རེད།

སྤྱིར་བཏང་ད་རེབ་ཀྱི་རྟོག་ཞིབ་གསར་བ་བརྒྱུད་དེ་ལྐོག་རྔན་སྤྲོད་ལེན་བྱེད་མཁན་ཚོ་རྩ་སློག་བྱེད་དགོས་ཡོད་མོད། འོན་ཀྱང་ཡིད་སྐྱོ་བའི་གཏམ་རྒྱུད་འདི་ནི་རྒྱ་གར་ཆབ་སྲིད་པའི་ཁྲོད་ཀྱི་ཚབས་ཆེ་བའི་ལྐོག་ཟ་རུལ་སུངས་ཀྱི་དཔེ་མཚོན་གཞན་ཞིག་ཡིན་ངེས་ལ། གནད་དོན་འདིའི་ཁྲོད་དུ་ཡོན་ཚད་ཞན་པའི་སྨན་པ་དང་ཆེད་ལས་ཁས་པ་ཚོས་གཞི་རིམ་མི་མང་ཁྲིམས་འགལ་གྱི་ཉེན་ཁེར་དེད་ཅིང་། ཁོ་ཚོའི་རྒྱུ་ནོར་གྱི་ཡོང་ཁུངས་གཙོ་བོ་དེ་མཐོ་སློབ་ཁག་དང་སྲིད་གཞུང་གི་ལས་རིགས་ཁག་ཏུ་འཛུལ་ཞུགས་བྱེད་མཁན་ཚོའི་ལག་ནས་ལྐོག་རྔན་ལེན་པའི་འཇོན་ནུས་དེ་རེད།

ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་འདིས། ལོ་སྔོན་མར་རན་ཌ་ར་མོ་ཌེ་ (Narendra Modi) སྲིད་བློན་དུ་འདེམས་མཁན་མི་མང་གི་ཡིད་སེམས་ཕངས་སུ་བཅུག་ཡོད་དེ། མི་མང་གིས་སྲིད་བློན་མོ་ཌེ་དང་ཁོང་གི་ཆབ་སྲིད་ཚོགས་པ་བ་རི་ཊེ་ཡ་རྗ་ན་ཊས་ (Bharatiya Janata Party) རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཚར་གཅོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཡིན་ན་ཡང་བེ་པམ་སི་ཁམ་འདྲ་བའི་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་གཞན་ཞིག་ནི། ཟླ་སྔོན་མར་ཁེ་སྤོགས་ཆེས་ཆེ་བའི་རྒྱ་གར་རྒྱལ་ཡོངས་དབྱུག་རྩེད་སྤོ་ལོའི་ (cricket) མཐུན་ཚོགས་ནང་ཁུལ་དུའང་ལ་ལེ་ཊ་གྷེཊ་ (Lalitgate) བྱ་བར་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་བྱུང་ཞིང་། གོང་འོག་གི་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་དེ་གཉིས་བྷེ་ཇེ་ཕེ་ (B.J.P) སྲིད་དབང་འོག་གི་མངའ་སྡེ་ཁག་ནང་བྱུང་བ་དང་། སྐུ་ཞབས་མོ་ཌེས་ཨུ་ཚུགས་ཀྱིས་གནད་དོན་དེ་གཉིས་ཐད་ལ་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད་པ་རེད།  

ཟླ་འདིའི་ཚེས་ ༢༡ ཉིན་འཚོགས་འཆར་ཡོད་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ། གལ་འགངས་ཆེ་བའི་ལས་དོན་མང་པོ་ཞིག་བསྒྲུབ་རྒྱུ་ཡོད་ཀྱང་། ཉེ་ལམ་བྷེ་ཇེ་ཕེ་སྲིད་དོན་ཚོགས་པས་ཁོ་རང་ཚོའི་ཁ་གཏད་རྒྱལ་གར་རྒྱལ་དམངས་ཚོགས་པ་ (INC) སྲིད་སྟེགས་ལས་ཕབ་པའི་རྐྱེན་གྱིས། ད་རེབ་རྒྱ་གར་རྒྱལ་དམངས་ཚོགས་པའི་ངོས་ནས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་འདི་དག་ཐད་གྲོས་གླེང་བྱ་བར་དགའ་ཚོར་སྐྱེ་བཞིན་ཡོད། ཡིན་ནའང་། ཐེངས་འདིའི་གྲོས་ཚོགས་སྟེང་ཉོ་འཚོང་ལས་རིགས་ཐད་ཀྱི་གནད་དོན་མང་པོ་ཞིག་ལ་གྲོས་བསྡུར་བྱ་ཐབས་མེད་པ་འདྲ། རྒྱུ་མཚན་ནི། སྐུ་ཞབས་མོ་ཌེས་ལྐོག་རྔན་སྤྲོད་ལེན་གྱི་གནད་དོན་འདི་དག་ལ་ཐེར་འདོན་བྱ་དགོས་པ་མ་ཟད། ཁོས་ད་དུང་རྒྱ་གར་དབུས་གསང་བའི་ལས་ཁུངས་དང་གསར་འགོད་པ། དེ་བཞིན། མི་སྒེར་གྱི་གནས་ཚུལ་མཁོ་འདོན་སོགས་བརྒྱུད་དེ། རང་དབང་གི་སྒོ་ནས་རྒྱལ་ནང་གི་ལྐོག་ཟ་རུལ་སུངས་གཙང་བཤེར་བྱ་འགུལ་ལ་འགན་སྲུང་བྱེད་དགོས་པ་རེད།

མ་ཡིག་འབྲེལ་ཐག http://www.nytimes.com/2015/07/13/opinion/dangerous-corruption-in-india.html?_r=0

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese