མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མིའི་འོས་བསྡུ་དང་དེའི་འཇིག་ཉེན་གླེང་སློང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༡༨
Share on FacebookShare on TwitterShare on EmailShare on Whatsapp
གསར་འགོད་པ་ཊེམ་ཧུ་མིས། (Tim Hume)

གཟའ་འཁོར་འདིའི་ནང་འབར་མའི་འོས་བསྡུ་ལྷན་ཁང་ནས་གསལ་བསྒྲགས་བྱས་པ་ལྟར་ན། འབར་མ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཕྱི་ཟླ་ ༩ ཚེས་ ༨ ཉིན་ལ་གཏེན་འཁེལ་བ་དང་། ད་རེབ་ཀྱི་འོས་བསྡུ་དེ་འབར་མའི་ཞི་དྲག་གཉིས་ལྡན་གྱི་གཞུང་འཛིན་འོག་འཚོགས་རྒྱུ་ཡིན་འདུག

ཉེ་ལམ་ནས་འབར་མ་རྒྱལ་ཁབ་འདི་རྒྱལ་སྤྱིའི་ཟུར་བཅད་དང་སྲིད་དབང་སྒེར་འཛིན་ལམ་ལུགས་འོག་སྐྱོབ་ཐབས་སུ། ༢༠༡༡ ལོ་ནས་བཟུང་འབར་མིའི་སྲིད་གཞུང་གིས་སྲིད་འབྱོར་གཉིས་ཐད་ནས་བཅོས་བསྒྱུར་ལ་བརྩོན་ཏེ། འབར་མ་རྒྱལ་ཡོངས་འོས་བསྡུ་ཆེན་མོ་དེ་ཡང་འདས་པའི་མི་ལོ་བཅུ་ཕྲག་རིང་དུས་ཐོག་མའི་ཤོག་ཁག་སྣ་ཚོགས་འོག་གི་འོས་བསྡུ་དང་མི་འདྲ་བར། རང་དབང་དང་དྲང་བདེན་ཡོང་བར་རེ་ལྟོས་འཆང་གི་ཡོད་པ་དང་། ཐེངས་སྔོན་མའི་འོས་འདེམས་ཁྲོད་ལྕམ་ཨུང་སན་སུ་ཀེའི་དབུ་ཁྲིད་འོག་གི་རྒྱལ་ཡོངས་དམངས་གཙོ་ཚོགས་པར་ (NLD) རྒྱལ་ཁ་ཐོབ་ནའང་། འབར་མའི་དམག་གཞུང་གིས་དེ་ལ་ངོས་ལེན་མ་བྱས་པ་རེད།

 ལྕམ་ཨུང་སན་སུ་ཀེ་སྲིད་འཛིན་འོས་འགྲན་ནང་ཞུགས་སྲིད་དམ།
འབར་མའི་དམངས་གཙོ་ཚོགས་པའི་གཙོ་འཛིན་དང་ནོ་བྷལ་ཞི་བདེ་གཟེངས་རྟགས་བཞེས་མཁན་ལྕམ་ཨུང་སན་སུ་ཀེ་མཆོག་ནི། འབར་མའི་དམག་གཞུང་གི་བཟང་བཙོན་འོག་མི་ལོ་ ༡༥ ཙམ་ཁྲི་མུན་དུ་སྐྱེལ་དགོས་བྱུང་བའི་འབར་མ་མི་རིགས་ཀྱི་དཔའ་མོ་ཞིག་ཡིན་པ་ཙམ་མ་ཟད། ཁོང་མོས་འབར་མའི་མི་མང་གིས་དགའ་མགུ་ཡི་རངས་བྱེད་པའི་འབར་མ་རྒྱལ་ཁབ་ཀྱི་སྲིད་དོན་པ་མང་ཤོས་ཟིལ་གྱིས་གནོན་བཞིན་ཡོད། ཡིན་ན་ཡང་འབར་མའི་དམག་གཞུང་གི་ཁྲིམས་འོག་ཏུ། ཁོང་མོ་འབར་མའི་སྲིད་འཛིན་འོས་བསྡུའི་ནང་ཞུགས་པར་འགོག་རྐྱེན་བཟོ་བཞིན་ཡོད། རྒྱུ་མཚན་ནི། འབར་མ་དམག་གཞུང་གི་རྩ་ཁྲིམས་འོག ཕྱི་གླིང་གི་ཁྱིམ་མིར་འབྲེལ་འདྲེས་ཆེ་བའི་ཆེས་མཐོའི་དཔོན་རིགས་སུ་ཡིན་རུང་། འབར་མའི་སྲིད་འཛིན་འོས་འདེམས་ནང་ཞུགས་པར་བཀག་འགོག་བྱེད་ཀྱི་ཡོད་ལ། ལྕམ་ཨུང་སན་སུ་ཀེའི་སྐུ་ཟླ་རྗེས་མ་དེ་ཨིན་ཇིའི་མི་ཡིན་པ་མ་ཟད། ཁོང་མོའི་བུ་ཕྲུག་གཉིས་ལའང་ཨིན་ཇིའི་མི་སེར་གྱི་ལག་འཁྱེར་ཡོད་པ་རེད།

ཟླ་སྔོན་མར། རྒྱལ་ཡོངས་གྲོས་ཚོགས་ནས་ལྕམ་ཨུང་སན་སུ་ཀེ་སྲིད་འཛིན་འོས་གཞི་ལས་ཕྱིར་འཐེན་དགོས་པའི་གྲོས་འཆར་བཏོན་རུང་། གལ་ཏེ་ཁོང་མོ་སྲིད་འཛིན་འོས་མིར་ལངས་བ་ཡིན་ན། ལྕམ་ཨུང་སན་སུ་ཀེ་ཡང་བསྐྱར་འབར་མའི་སྲིད་འཛིན་འོས་གཞིར་ཁྱབ་བསྒྲགས་སྲིད་ཅིང་། ད་རེབ་ཀྱི་སྲིད་འཛིན་འོས་བསྡུ་དེ་མི་དམངས་མང་ཚོགས་ཀྱིས་ཐད་ཀར་འོས་ཤོག་ལྡུག་རྒྱུ་མ་ཡིན་པར། རྒྱལ་ཡོངས་གྲོས་ཚོགས་ངོས་ནས་གཤམ་གསལ་ལྟར་འདེམས་བསྐོ་བྱེད་རྒྱུ་ཡིན་འདུག  འབར་མའི་གསར་དེབ་ (The Irrawaddy) ཀྱི་རྩོམ་སྒྲིག་པ་ཨུང་ཛོ་ (Aung Zaw) ཟེར་བ་ཞིག་གིས་སི་ཨན་ཨན་གསར་ཁང་ལ། “རྒྱལ་ཡོངས་དམངས་གཙོ་ཚོགས་པས་ལྕམ་ཨུང་སན་སུ་ཀེ་ད་རེབ་ཀྱི་སྲིད་འཛིན་འོས་འགྲན་ནང་ཞུགས་ཐུབ་པའི་རེ་འདུན་དེ་མངོན་འགྱུར་འབྱུང་གི་འཇུག་མི་སྲིད” ཅེས་ཟེར།

 དེས་ན། རྒྱལ་ཡོངས་དམངས་གཙོ་ཚོགས་པས་དམིགས་བྱ་དེ་ཅི་ལྟར་ལག་བསྟར་བྱེད་དམ།
 ༢༠༡༠ ལོར་རྒྱལ་ཡོངས་དམངས་གཙོ་ཚོགས་པས་ལྕམ་ཨུང་སན་སུ་ཀེ་ (སྐབས་དེར་ཁོང་མོ་བཟང་བཙོན་དུ་ཚུད་ཡོད།) འོས་གཞི་ནས་ཕྱིར་འཐེན་སྲིད་ཇུས་ལ་ངོ་རྒོལ་བྱས་ནའང་། འབར་མའི་དམག་གཞུང་གིས་ཕྱིས་ཀྱི་ ༢༠༡༢ ལོའི་སྲིད་འཛིན་འོས་འདེམས་ལ་དམ་དྲགས་ཤུགས་ཆེར་བྱས་པ་རེད།

གོང་ཞུས་རྩོམ་སྒྲིག་པ་ཨུང་ཛོ་ལགས་ཀྱིས། “གལ་ཏེ་འབར་མའི་སྲིད་འཛིན་འོས་བསྡུ་དེ་དྲང་བདེན་དང་རང་དབང་ཡོང་ཚེ། རྒྱལ་ཡོངས་དམངས་གཙོ་ཚོགས་པར་མང་མོས་ཀྱི་འོས་ཤོག་འཐོབ་ངེས་རེད། ཡིན་ནའང་། རྒྱལ་ཡོངས་དམངས་གཙོ་ཚོགས་པས་འབར་མ་རྒྱལ་གཞུང་གི་ངོ་བོ་མཚོན་ཐུབ་མིན་དེ་དོགས་གཞི་ཞིག་རེད” ཅེས་བརྗོད་བྱུང་།

རྒྱལ་ཡོངས་གྲོས་ཚོགས་ཀྱི་རྐུབ་སྟེགས་ ༦༦༤ ཁྲོད་ཀྱི་བཞི་ཆའི་གཅིག་འབར་མའི་དམག་གཞུང་གིས་བཟུང་ཡོད་པ་མ་ཟད། གྲོས་མི་ཚོར་འབར་མའི་དམག་གཞུང་གི་རྩ་ཁྲིམས་བསྒྱུར་བཅོས་ཀྱིས། དམངས་གཙོའི་གཞུང་གསར་བ་འཛུགས་རྒྱུར་དངོས་བཤུག་བརྒྱུད་གསུམ་ནས་ཐལ་དྲགས་པའི་གནོན་ཤུགས་སྤྲོད་མུས་ཡིན་ཞིང་། ཟླ་སྔོན་མར་རྒྱལ་ཡོངས་གྲོས་ཚོགས་ནས་རྩ་ཁྲིམས་བསྒྱུར་བཅོས་ཐད་འབར་མ་དམག་གཞུང་གི་བཀག་སྡོམ་དབང་ཆ་ཕྱིར་འཐེན་གྱི་གྲོས་གཞི་བཏོན་པ་དང་། ཉེ་བའི་ཆར་གྱི་སྒྲིག་རིམ་འོག གྲོས་ཚོགས་ཀྱི་རྐུབ་སྟེགས་བཞི་ཆའི་གཅིག་བཟུང་བའི་འབར་མའི་དམག་གཞུང་ལ་བྱེད་ནུས་ལྡན་པའི་རྩ་ཁྲིམས་བཅོས་བསྒྱུར་བཀག་སྡོམ་དབང་ཆ་མ་སྤྲད་སྔོན་ལ། གྲོས་ཚོགས་གོང་འོག་གི་རྐུབ་སྟེགས་བརྒྱ་ཆའི་ ༧༥ ལྷག་ཟིན་པའི་རྩ་ཁྲིམས་ལ་བསྒྱུར་བཅོས་གཏོང་གི་ཡོད་པ་དང་། རྩོམ་སྒྲིག་པ་ཨུང་ཛོ་ལགས་ཀྱིས། “ང་ཚོས་འོས་བསྡུའི་རྗེས་ཀྱི་ཆབ་སྲིད་གནས་བབ་ལ་གཞིག་དགོས་ཏེ། ཤོག་ཁག་ཕན་ཚུན་དབར་ཚབས་ཆེ་བའི་ཆབ་སྲིད་ཀྱི་གྲོས་ཆོད་འཇོག་སྲིད་པ་མ་ཟད། འབར་མ་རྒྱལ་ཁབ་ཀྱིས་ངོས་ཟིན་དཀའ་བའི་འཇིག་ཉེན་ཞིག་ལ་གདོང་ལེན་དགོས་ཀྱང་སྲིད་པ་རེད” ཅེས་ཟེར།

 ད་རེབ་ཀྱི་སྲིད་འཛིན་འོས་འགྲན་ནང་གཞན་སུ་ཞིག་མཉམ་ཞུགས་བྱེད་སྲིད་དམ།

སྤྱིར་འབར་མའི་སྲིད་ཚོགས་ཁག་མང་པོ་ཞིག་ད་རེབ་ཀྱི་སྲིད་འཛིན་འོས་འགྲན་ནང་ཞུགས་འདུན་ཡོད་ནའང་། གཙོ་བོ་འབར་མའི་སྲིད་འཛིན་ཐེན་སེན་ (Thein Sein) གཞུང་གི་ཕྱོགས་གཏོགས་འབར་མའི་ཆིག་སྒྲིལ་ཡར་རྒྱས་མཐུན་ཚོགས་ (USDP) དང་འབར་མའི་དམངས་གཙོ་ཚོགས་པ་གཉིས་ཡིན་ཞིང་། འབར་མའི་ཆིག་སྒྲིལ་ཡར་རྒྱས་མཐུན་ཚོགས་ཀྱི་འོས་གཞི་ཐག་ཆོད་བྱུང་ཡོད་པ་རེད། ཡིན་ན་ཡང་སྐུ་ཞབས་ཨུང་ཛོ་ལགས་ཀྱིས་བརྗོད་དོན་ལྟར་ན། འབར་མའི་དམག་སྤྱི་ཆེན་མོ་ཟུར་བ་དང་སྲིད་འཛིན་ཐེན་སེན་ཟེར་བ་དེ་ཐེངས་གཉིས་པའི་སྲིད་འཛིན་འོས་འགྲན་ནང་ཞུགས་པར་གྲ་སྒྲིག་བྱེད་ཀྱི་ཡོད་པ་དེས། ཤོག་སྡེ་ཁག་ (སྲིད་འཛིན་ཤོག་ཁག་དང་གྲོས་ཚོགས་ཤོག་ཁག དེ་བཞིན་ཆིག་སྒྲིལ་ཡར་རྒྱས་མཐུན་ཚོགས་བཅས་ཀྱི་བར) གི་དབང་ཤེད་ལ་འགོག་རྐྱེན་ཐེབས་ཀྱི་ཡོད་འདུག 

རྩོམ་སྒྲིག་པ་ཨུང་ཛོ་ལགས་ཀྱི་བརྗོད་དོན། “གྲོས་ཚོགས་ཤོག་གི་སྟོབས་ཤུགས་ཇེ་ཆེར་རྒྱས་ཀྱི་ཡོད་པ་དང་དུས་ཀུན་ཆབ་སྲིད་ཀྱི་རྩེད་མོར་རོལ་བའི་དམག་གཞུང་གི་ཤོག་ཁག་སྔར་བས་ཀྱང་སྲིད་འཛིན་ཤོག་ཁག་དང་མཐུན་ སྒྲིལ་འབྱུང་སྲིད་པར་སྣང་ཞིང་། འབར་མའི་དམག་གཞུང་གི་དམག་སྤྱི་ཚོར་སྲིད་འབྱོར་གཉིས་ཀྱི་དབང་སྟོབས་ཆེ་གཤིས། ད་རེབ་ཀྱི་སྲིད་འཛིན་འོས་བསྡུའི་ནང་ཁོ་ཚོར་མགོ་འདོགས་ཞུ་རྒྱུ་མ་གཏོགས། ཁོ་ཚོ་ཕམ་ཉེས་སུ་གཏོང་རྒྱུ་དེ་རེ་དོགས་སྐྱེས་པ་ཞིག་རེད” ཅེས་ཟེར།

 ཐེངས་འདིའི་སྲིད་འཛིན་འོས་བསྡུ་དེ་འཇིག་ཉེན་ཅི་ཞིག་ལ་འཕྲད་སྲིད་དམ།
འདས་པའི་མི་ལོ་བཅུ་ཕྲག་རིང་རྒྱལ་སྤྱི་དང་འབྲེལ་ལམ་རྩ་ནས་ཆད་པའི་འབར་མ་རྒྱལ་ཁབ་གློ་བུར་དུ་དམངས་གཙོའི་ལམ་ཕྱོགས་སུ་བསྐྱོད་པར། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་དགའ་བསུ་ཡི་རངས་ཞུ་ཡི་ཡོད་ནའང་། ཉེ་བའི་ལོ་ངོ་འགའ་ཞིག་ནང་། མི་འབོར་ས་ཡ་ ༥༡ གིས་གྲུབ་པའི་འབར་མའི་རྒྱལ་ཁབ་ཆབ་སྲིད་བཅོས་བསྒྱུར་གྱི་ཐད་ནས་ལོག་ལམ་དུ་ཚུད་སྲིད་ཀྱང་པའི་འཇིག་ཉེན་ཞིག་ལ་རང་ཤུགས་ཀྱིས་འཕྲད་ཡོད།
འབྱུང་འགྱུར་དམངས་གཙོའི་སྲིད་གཞུང་གསར་བ་ཞིག་ཆགས་པའི་མཐུན་འགྱུར་དེས། འབར་མ་རྒྱལ་ཁབ་ཀྱི་དུས་ཡུན་རིང་བའི་དཀའ་རྙོག་མང་པོ་སེལ་བ་དང་། ཡུན་གྱིས་ཆབ་སྲིད་བཅོས་བསྒྱུར་གྱི་གྲོས་གཞི་ལག་ལེན་དུ་བསྟར་གི་རེད།

མི་རིགས་སྣ་ཚོགས་སུ་འཕེལ་ཞིང་རང་བྱུང་གི་ཐོན་ཁུངས་ཅུང་ལེགས་པའི་འབར་མ་རྒྱལ་ཁབ་ཀྱིས་རྩོད་གཞི་མང་པོར་ (དེའི་ནང་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་བར་གྱི་རྒྱུན་མི་ཆད་པའི་རྩོད་རྙོག་ཀྱང་ཚུད་ཡོད) གདོང་ལེན་བྱེད་དགོས་ཤིང་། དེ་ཡང་གཙོ་བོ་ར་ཁི་ཧན་ (Rakhine) ནུབ་ཁུལ་གྱི་རྒྱལ་ཁབ་མེད་པའི་རའོ་ཧེན་གྷ་ཁ་ཆེ་མི་རིགས་ (Rohingya Muslims) ཡིན་པ་དང་། རའོ་ཧེན་གྷ་ཁ་ཆེ་མི་རིགས་ཀྱི་དཀའ་སྡུག་གཙོ་བོ་དེ་ཤར་ལྷོ་ཨེ་ཤེ་ཡའི་ཡུལ་གྱར་གྱི་དཀའ་ཉེན་ལས་འབྱུང་གི་ཡོད།

རའོ་ཧེན་གྷ་དང་ཁ་ཆེ་མི་རིགས་ལ་བཅངས་པའི་ཞེ་འཁོན་དེ་ཡང་མི་རིགས་རིང་ལུགས་པ་ཚོས་འབར་མའི་ནང་པའི་དགེ་འདུན་པའི་སྡེར་བརྒྱུད་སྐུལ་བཏང་བ་ལས་འབྱུང་གི་ཡོད་ཅིང་། རྒྱུ་རྐྱེན་དེ་ལ་བརྟེན་ནས་ཆོས་ལུགས་གྲུབ་མཐའ་མི་གཅིག་པའི་བར་གཉེན་སྒྲིག་མི་ཆོག་པ་དང་འབར་མ་མི་རིགས་ཀྱི་ཆོས་དང་རིག་གཞུང་གི་ངོ་བོ་འགན་སྲུང་བྱེད་ཀྱི་ཡོད་པ་རེད།

དེང་སྐབས་འབར་མ་གཞུང་ངོས་ནས་ཀྱང་རྒྱལ་ནང་གི་ངོ་ལོག་ཟིང་འཁྲུག་ཞི་འཇགས་སུ་གཏོང་བའི་གྲོས་གཞིར་མིང་རྟགས་འགོད་པའི་སྟ་གོན་བྱེད་ཅིང་། རྒྱལ་ནང་གི་གྱེན་ལོག་ཟིང་འཁྲུག་དེ་ཡང་ ༡༩༤༨ ལོར་འབར་མ་རྒྱལ་ཁབ་རང་བཙན་བྱས་ཉིན་ནས་བྱུང་བ་ཞིག་ཡིན། ད་ལོར་ཁོ་ཁན (Kokang) མངའ་ཁུལ་དུ་འབྱུང་གིན་པའི་ཟིང་འཁྲུག་གི་མེ་ལྕེ་དེ་རྒྱ་ནག་དང་འབྲེལ་བའི་འབར་བའི་མཐའ་མཚམས་ཁག་ཏུ་མཆེད་ཀྱི་ཡོད།

སྐུ་ཞབས་ཨུང་ཛོ་ལགས་ཀྱི་བརྗོད་དོན་ལྟར་ན། རེ་འདུན་གྱིས་བརྟས་ཆེ་བའི་གྲངས་ཉུང་མི་རིགས་ཀྱི་ཤོག་ཁག་འདི་དག་ཆབ་སྲིད་གྲོས་མོལ་གཞི་བཟུང་ཐོག དེ་ལོའི་འབར་མིའི་སྲིད་འཛིན་འོས་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་ཡིན་འདུག
 
མ་ཡིག་འབྲེལ་ཐག http://edition.cnn.com/2015/07/09/asia/myanmar-elections-date-set-qa/

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese