མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་གཤེགས་རྗེས་ཀྱི་སེམས་ཚོར།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཚེ་རིང་རྡོ་རྗེས།

སྐྱེས་ཆེན་དམ་པ་ཁྱེད་ཉིད་བཟང་སྤྱོད་དང་ཞི་བདེ་ཁོ་ནའི་དོན་དུ་འཚོས་ཏེ། རང་གི་ཡོད་ཚད་གཞན་དོན་དུ་བློས་གཏོང་བའི་ཚེ་ན། ཀླ་ཀློ་དམར་པོས་དོན་མེད་ཉེས་འགེལ་བྱས་ཏེ་ཚེ་བཙོན་ལ་བཅུག བོད་གཞིས་བྱེས་གཉིས་དང་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་བདེན་སྐྱོབ་སྐད་འབོད་མ་བྱས་བསམ་པ་མེད་ཀྱང་། ང་ཚོ་སྟོབས་ཤུགས་ཞན་དྲགས་པས་ཁྱེད་ཉིད་བསྐྱབས་མ་ནུས།

ཀྱེ་མ། བོད་མི་རླབས་ཆེན་རྣམས་ནི་གཅིག་འཕྲོར་གཅིག་བལྟས་བལྟས་རིག་རིག་ལ་རྩ་མེད་གཏོང་གིན་འདུག ཀླ་ཀློ་དམར་པོས་གདུག་རྩུབ་ཚད་མེད་འདི་འདྲ་བྱེད་ཕོད་པ་རྒྱུ་མཚན་ཅི་ལ་ཐུག འཇིག་རྟེན་འདིའི་རྒྱུ་འབྲས་ཀྱི་བློ་མིག་ཞར་བ་འདྲ། ཞིབ་ཏུ་བསམས་ན། སྟོབས་འབྱོར་ཅན་ཕལ་ཆེ་བས་རང་རེ་ལྟ་བུའི་ཉམ་ཆུང་དྲང་བདེན་བསྐྱབས་མ་མྱོང་ལ། སྐྱོབ་ཀྱང་མི་སྲིད། ད་ཆར་ཁོ་ཚོ་ནི་ཚོང་འབྲེལ་གྱི་ཁེ་ཕན་ཉི་ཚེ་བ་ཞིག་གི་ཆེད་དུ། ཀླ་ཀློ་དམར་པོ་ཚང་གི་ལྟག་སྒོ་ན་འཚང་ཁ་ཤིག་ཤིག་བྱེད་ཀྱིན་འདུག

གནས་བབ་དེ་འདྲའི་འོག་ནས་ཁྱེད་ཉིད་གང་འདོད་དུ་མུན་བཙོན་ལ་བཅུག་སྟེ་མངོན་སུམ་འཛེམ་མེད་ཀྱིས་བཀྲོངས། ཐ་ན་སྐུ་ཕུང་ཡང་བཙོན་རའི་ནང་དུ་བཙན་གྱིས་སྦྱིན་སྲེག་བྱས་པས་མི་ཚད། མྱ་ངན་གྱི་མིག་ཆུ་འདོན་བཞིན་ཁྱེད་ཀྱི་སྐུ་བདག་ལ་འོངས་པ་རྣམས་ལ་མེ་མདའ་ཡིས་བསུ་བ་བྱས།

སའི་གོ་ལ་འདིའི་སྟེང་ན་གཉའ་གནོན་མྱོང་འདོད་མི་སུ་ཡང་མ་མཆིས།  འོན་ཀྱང་། བདེན་པ་དང་རང་དབང་། དམངས་གཙོ་སོགས་ཀྱི་གཤེད་མ་ཀླ་ཀློ་དམར་པོ་རྒྱ་ཡན་དུ་བཏང་ན། འགྲོ་བ་མི་ཐུན་མོང་གི་བདེ་སྐྱིད་ལ་ཆག་ཆེན་ཉམ་ང་འབྱུང་བར་མཐུན་རྐྱེན་སྤྲད་པ་མིན་ནམ། 

དུས་རབས་སྔོན་མར་རང་གི་རྒྱལ་ཁབ་ཁོ་ན་བསྲུངས་ཏེ་གཞན་གྱི་བདེ་སྡུག་སྣང་མེད་དུ་བཞག་པར་བརྟེན། སྲིན་པོ་མི་གཟན་མའོ་ཙེ་ཏུང་དང་། ཧི་ཐི་ལི། སི་ཏ་ལེན་སོགས་ཀྱིས་གླགས་རྙེད་ནས། འགྲོ་བ་མིའི་རིགས་སྤྱི་ལ་གནམ་ས་ཆ་ལང་བརྡབ་པ་ལྟ་བུའི་སྡུག་བསྔལ་བཟོས་པ་དེ་ཁྱེད་ཚོས་བརྗེད་སོང་བ་འདྲ། ད་ནི་ངའི་སེམས་ལ་ཞེད་སྣང་ལངས་པ་དང་། སའི་གོ་ལའི་ཁྱིམ་ཚང་ཆེན་པོ་འདི་བདེ་འཇགས་མིན་པའི་ཚོར་སྣང་ཇེ་ཆེར་གྱུར་སོང་།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist