མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྟག་དང་རྒྱ་མིའི་ཝ་མོ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp
རིན་ཆེན་དབང་རྒྱལ། (རྡ་ས་རིགས་སློབ)
༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་བཙོན་ནས་སྐུ་སྲོག་འཕྲོག་པར་སྐྱོ་གདུང་དྲག་པོས་མྱ་ངན་ཞུ། ཁོང་ལོ་ངོ་དུ་མའི་རིང་བཙོན་འཇུག་གི་སྡུག་སྦྱོང་དྲག་པོས་མནར་ཏེ་མཐའ་མར་སྐུ་སྲོག་ཀྱང་འཕྲོག་པ་རེད། འོ་ན། དོན་དུ་ཁོང་བཙོན་དུ་འཇུག་པའི་དངོས་ཀྱི་སྦྱོར་བ་རྩོམ་མཁན་དེ་སུ་ཡིན་ནམ།

    དེ་ནི་ཉེ་དུས་སྲིད་འཛིན་ཞི་ཅིན་ཕིན་གྱིས་དམར་ཤོག་ནང་ཁུལ་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་བརྡུང་གཏོང་བ་ཟེར་བའི་ནང་གི”སྟག”དང་”སྦྲང་མ”གཉིས་ལས་སྟག་རྒན་ཀྲུག་ཡོང་ཁཱང་ཡིན། དེ་ཡང་། ཁོས་ ༡༩༩༩ ལོ་སི་ཁྲོན་ཞེང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས་ཏེ། ༢༠༠༢ ལོ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་འཇུ་བཟུང་གི་བཀའ་རྒྱ་བསྒྲགས་པ་དང་། རེ་ཞིག་ལམ་འགྲོ་རྒྱུག་སྟེ་དཔོན་ཆུང་ “སྦྲང་མའི” གོ་གནས་ནས་དཔོན་ཆེན་”སྟག”གི་གོ་གནས་སུ་འཕོ་འགྱུར་བྱས་པ་རེད། འོན་ཀྱང། དོན་ངོ་མར་ཁོ་སྟག་ཅིག་ཡིན་ནམ་མིན་ཞེ་ན། ང་ཚོས་འདིར་དོན་ཚན་ལྔ་ཡི་སྒོ་ནས་ཁོ་དང་རིན་པོ་ཆེ་གཉིས་ཀྱི་མི་ཚེ་ལ་ཞིབ་བསྡུར་ཅིག་བྱ། 

གཅིག
    ཀྲུག་ཡོང་ཁཱང་ལོ་རབས་བཞི་བཅུ་པར་དམར་ཤོག་སྲིད་གཞུང་མགོ་མ་ཚུགས་པའི་སྔོན་དུ་སྐྱེས་ཤིང་དམར་པོའི་སློབ་གྲྭར་ཞུགས་ནས་དམར་པོའི་ཤོག་ཁག་གི་མགོ་གཡོག་དྲན་འཕྲུལ་གྱི་སྲིད་བྱུས་ལ་ཕྱི་ཚུལ་ནས་བློ་སྙིང་དཀར་བའི་མི་ཞིག་ཏུ་འགྱུར་བའི་སློབ་གསོ་ཐོབ་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ལོ་རབས་ལྔ་བཅུ་པར་འཁྲུངས་ཤིང་སྐུ་ན་ཕྲ་མོའི་དུས་ནས་ཆོས་སྒོར་ཞུགས་ཏེ། འབྱུང་འགྱུར་གཞན་ཕན་སྒྲུབ་པའི་སློབ་གསོ་ཡི་རྨང་གཞི་ཐོབ།  
 
གཉིས།
    ཀྲུག་ཡོང་ཁཱང་གོ་གུང་བར་གྱི་འཐབ་རྩོད་དང་སྲིད་གཞུང་བརྗེ་བསྒྱུར་གྱི་རླུང་འཚུབ་ཁྲོད་ཀྱི་སྲིད་དོན་གྱི་བྱ་བྱེད་ལ་རིང་དུ་འདྲེས་ཏེ་འཚར་ལོངས་བྱུང་ཞིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་དམར་པོའི་སྲིད་གཞུང་གིས་བོད་ལ་དབང་བསྒྱུར་བའི་དམག་འཁྲུག་གི་དུད་ཞགས་དང་རིག་གནས་གསར་བརྗེའི་དྲག་པོའི་འབུར་འཇོམས་ཀྱི་བག་ཆགས་གཏིང་ཟབ་ཐོབ་སྟེ་འཚར་ལོངས་བྱུང་།   
གསུམ།
    ཀྲུག་ཡོང་ཁཱང་གིས་ས་གནས་ཀྱི་རྡོ་སྣུམ་བཟོ་གྲྭའི་ལས་འཛིན་པ་ནས་དབུས་གཞུང་གི་རྡོ་སྣུམ་ལས་གྲྭའི་སྤྱི་ཁྱབ་འགན་འཛིན་གྱི་གོ་གནས་བླངས་ཏེ་རྡོ་སྣུམ་ཕྱིར་འཚོང་གི་ལས་དོན་བསྒྲུབས་པ་ཁོ་ན་ལས་དམངས་ཕན་གྱི་ལས་དོན་གང་ཡང་བྱས་མེད། འོན་ཀྱང། བསྟན་འཛིན་བདེ་ལེགས་ཀྱིས་ནང་ཆོས་ཀྱི་བཀའ་སློབ་བསྩལ་བ་ནས་སྐད་ཡིག་དར་སྤེལ་དང་། དྭ་ཕྲུག་གསོ་སྐྱོང་ནས་བགྲེས་སོང་རོགས་ཕན། ཁྱིམ་ཚང་འཆམ་མཐུན་ནས་མི་རིགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་ནས་དུད་འགྲོ་ཚེ་ཐར་སོགས་ཀྱི་བྱ་གཞག་བསྒྲུབས།
བཞི།
    ཀྲུག་ཡོང་ཁཱང་གིས་དམར་ཤོག་ཕྱོགས་ཁག་ལ་བློ་སྙིང་དཀར་བའི་ཟོལ་གྱིས་རྡོ་སྣུམ་ཕྱིར་འཚོང་གི་ལས་ལ་ཧུར་ཐག་གིས་ཞུགས་ཏེ། རྡོ་སྣུམ་འགྲེམ་འཚོང་གི་མ་དངུལ་ནས་རང་ཉིད་ཕྱུག་བདག་ཅན་དུ་འགྱུར་བའི་བགྲོད་ལམ་བརྟན་པོ་བཙུགས་པ་དང་ཆབས་ཅིག སི་ཁྲོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ནས་དབུས་ཀྱི་ཆེས་མཐོའི་དཔོན་རིགས་ཀྱི་གྲས་སུ་ཚུད་པའི་སྲིད་དོན་གྱི་གཡོ་འཕྲུལ་ཀྱང་དོན་ཐོག་ཏུ་སྨིན། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་མི་རིགས་ཀྱི་བདེན་དོན་ཁུར་དུ་བླངས་པ་ལས་མིག་མཐོང་ལག་ཟིན་གྱི་འབྲས་བུ་སྨིན་ཏེ། རང་ཡུལ་གྱི་མི་མང་གི་འདི་ཕྱི་གཉིས་ཀྱི་དོན་དམ་པའི་བླ་མ་རུ་གྱུར་པར་མ་ཟད། མཐོང་རྒྱ་ཡངས་པའི་རྒྱ་རིགས་ཤེས་ཡོན་ཅན་རྣམས་ཀྱི་ཁྲོད་དུ་བོད་ཀྱི་བླ་མ་ཨ་ངག་བཀྲ་ཤིས་ཞེས་མཚན་སྙན་རྒྱས་ཏེ། རྩོམ་པ་པོ་ཝང་ལི་ཞུང་ཡིས་བོད་ཀྱི་བླ་མ་ཨ་ངག་བཀྲ་ཤིས་ལ་མི་མང་གིས་བརྩི་བཀུར་ཐོབ་པའི་རྒྱུ་མཚན་ནི་འདི་ཡིན་ཞེས་ཞིབ་འཇུག་གིས་རྩོམ་ཡིག་ཅིག་ཀྱང་བྲིས་ཡོད།
ལྔ།
    ཀྲུག་ཡོང་ཁཱང་གིས་གསར་བརྗེ་གླུ་དབྱངས་རྙིང་པ་དྲིལ་སྒྲོག་གི་དཔོན་ངན(པའོ་ཞི་ལེ་དང་བློ་མཐུན་ཡིན)དང་ལག་སྦྲེལ་བྱས་པའི་གསང་བ་དམར་ཤོག་ནང་ཁུལ་དུ་ཁྱབ་སྟེ། ལྐོག་རྔན་འབོར་ཆེན་བླངས་པ་དང་། དབང་ཆ་ལོག་པར་སྤྱད་པ། བསམ་བཞིན་དུ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་སྒྲོག་པ་ཞེས་པའི་ནག་ཉེས་འོག་ཚེ་བཙོན་དུ་ཚུད། ད་དུང་གཞུང་གི་ཁྲིམས་ལུགས་ལ་བརྩི་བཀུར་ཡོད་པའི་རྣམ་འགྱུར་སྟོན་ཁུལ་བྱས་པ་རེད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་མཆོག་ཤི་གསོན་གྱི་འགག་འཕྲང་དུ་ལུས་པའི་བོད་མི་རིགས་འདིའི་དོན་དུ་སྐུ་ལས་བསྐྱོན་པའི་མཐའ་མར་བཙོན་དུ་ཚུད་དེ་བཙོན་ནས་མཐར་སྐུ་སྲོག་ཀྱང་འཕྲོག་པ་རེད།

    མདོར་དྲིལ་ན། ཀྲུག་ཡོང་ཁཱང་གིས་ཝ་མོའི་འཇབ་འགྲོས་ཀྱི་གསང་བའི་བྱེད་ཐབས་བཀོལ་ཏེ་རང་ཉིད་ཝ་མོར་འགྱུར་བའི་ལས་ཁོ་ན་བྱས་ཤིང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་མི་རིགས་ཀྱི་བདེན་དོན་ཁུར་དུ་བླངས་ཏེ་རང་ཉིད་སྟག་ཏུ་འགྱུར་བའི་སྦྱོར་བ་འབའ་ཞིག་བརྩམས་པ་རེད། དེས་ན། ཀྲུག་ཡོང་ཁཱང་ནི་རྒྱ་མིའི་ཝ་མོ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་བོད་ཀྱི་སྟག་ཡིན།། །།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

སྐར་མ ༤༢ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༢ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༣ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 1

  1. གནས་ཚང་། says:
    ལོ་ 11 སྔོན།

    ད་རེས་ཀྱི་དོན་རྐྱེན་འདི་ཀྲིག་ཡོན་ཁང་བཙོན་མ་ཞིག་ལ་འགེལ་ས་ལྷག་ཡོག་མ་རེད། གསོད་མཁན་ཞིས་ཅིན་ཕེན་སྲིད་གཞུང་རེད་ལ། དེ་ལྟར་སྐད་ཤུགས་ཆེན་པོས་འཛམ་གླིང་ལ་གོ་ཐུབ་པ་གནང་དགོས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese