མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་སྲོག་གཅོད་སྟངས།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༦༦༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་འོག་ཏུ་སྐུ་གཤེགས་པའི་གནས་ཚུལ་ཐོན་མ་ཐག རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་སྔ་རྗེས་སུ་ཐོན། ཨ་རི་དང་དབྱིན་ཡུལ། ཡུ་རོབ་མཐུན་ཚོགས་སོགས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བསྒྲགས་གཏམ་སྤེལ། ཕྱི་རྒྱལ་ཡུལ་གྲུ་ཁག་དང་དྷ་རམ་ས་ལ་སོགས་ཀྱི་བོད་མི་རྣམས་ཀྱང་ངར་ནས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྣ་ཚོགས་སྤེལ་སོང་།
    ཡིད་སྐྱོའི་གནས་ཚུལ་འདི་དང་མཉམ་དུ་བོད་པའི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་ཨ་ལགས་གུང་ཐང་ཚང་། མཁན་པོ་འཇིགས་མེད་ཕུན་ཚོགས་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཞིའི་སྐུ་པར་མཉམ་སྦྱར་ཞིག་ཁྱབ་བཞིན་འདུག་ལ། དེ་དང་མཉམ་དུ་བོད་པའི་སྐྱེ་ཆེན་འདི་དག་ལ་རྒྱ་ནག་གིས་གསོལ་རྔན་ནག་པོ་སྤྲད་དེ་སྐུ་བཀྲོངས་པ་རེད་ཅེས་གླེང་གི་འདུག
    རིན་པོ་ཆེ་སྐུ་བཀྲོངས་སོང་། བསད་སོང་ཞེས་ཚོར་ཤུགས་རྐྱེན་པོའི་གསར་འགྱུར་དང་རྩོམ་ཡིག་གཅིག་མཇུག་གཉིས་མཐུད་དུ་སྤེལ་སོང་། རིན་པོ་ཆེའི་སྤུན་མཆེད་སྒྲོལ་དཀར་ལྷ་མོས་ཀྱང་རྒྱ་གཞུང་གིས་སྐུ་ཕུང་བདག་པོར་རྩིས་སྤྲོད་མི་བྱེད་པ་ནི་གནོང་ཞིག་ཡོད་པའི་རྟགས་རེད། དེ་མིན་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་ཁུངས་སྐྱེལ་དགོས་ཞེས་རེ་ཞུའི་ཡི་གེ་ཕུལ་འདུག
    ང་ཚོའི་ཕྱོགས་ནས་ཀྱང་མ་འཁྱོང་ས་དང་མ་འཇོན་པ་མང་པོ་བྱུང་སོང་། རིན་པོ་ཆེ་མཆོག་གིས་ངའི་དོན་དུ་ཁྱེད་ཚོས་གོང་རིམ་ལ་ཞུ་གཏུག་གང་བྱེད་དགོས་ན་བྱེད་ཞོག ལ་ལས་གོང་རིམ་ལ་ཞུ་གཏུག་དང་ལས་འགུལ་སྤེལ་ན། ངའི་གནས་སྟངས་སྡུག་ཏུ་འགྲོ་སྲིད་སྐོར་ཤོད་མཁན་ཡོད་ཚོད་འདུག་ཀྱང་། ང་ད་སྐབས་ལྷུང་ས་མེད་ན་མ་གཏོགས་ལྷུང་ཚར་ཡོད། ཅེས་གསུངས་པ་འདི་ལ་འབབ་པའི་ལས་ཀ་ཞིག་བྱེད་ཐུབ་མ་སོང་།
    སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་བོད་མི་མང་གིས་དད་གིས་བྱེད་ཡུལ་བླ་སྤྲུལ་ཞིག་ཡིན་པའི་སྟེང་། བོད་པའི་སྤྱི་ཚོགས་ཞབས་ཞུ་བ་དང་ཤེས་ཡོན་སློབ་གསོ་བ། ངེས་པ་དོན་གྱི་བོད་མི་ལར་ཞེན་སྙིང་སྟོབས་ཅན་ཞིག་ཡིན་སྟབས། རྒྱ་ནག་གཞུང་གི་ཁ་ཡག་ཚིག་འཇམ་དང་དངུལ་དངོས་བསླུ་བྲིད་ཀྱིས་མ་ཁུག་ཅིང་། བཙོན་འཇུག་མནར་གཅོད་ཀྱིས་ཀྱང་མ་ཕམ་སྟབས་མཐའ་མར་བྱེད་ཐབས་འདི་བཀོལ་བ་རེད།
    བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་པ་དང་། སྤྱི་ཚོགས་ཞབས་ཞུ་བ། ཤེས་ཡོན་སློབ་གསོ་བ་སོགས་རེ་རེ་བཞིན་བཙོན་དུ་ཚུད་འགྲོ་བ་དང་། བཙོན་ནས་ཀྱང་ཕྱིར་འོང་མེད་པ་ཆགས་ཀྱིན་ཡོད། ཕྱིར་ལོག་མཁན་རེ་གཉིས་ཡོད་པ་དག་གི་དབང་བོའི་ནུས་པ་ཉམས་ཚར་ཡོད། དེ་བཞིན་རྩོམ་པ་པོ་དང་སྙན་ངག་པ། གཞས་པ་གཞས་མ་སོགས་སྒྱུ་རྩལ་པ་མང་པོ་ཞིག་ཀྱང་བཙོན་འཇུག་བཀག་བསྐྱིལ་བྱས་ཏེ། བྱུང་ན་ཚེ་སྲོག་ལ་བསྙབ་པ་དང་མ་བྱུང་ན་བསམ་བློར་རྒོལ་ནས་རྨེག་མེད་གཏོང་གི་འདུག
    ལྷག་པ་རྒྱག་སྟངས་དེའི་རྗེས་འབྲེལ་དུ་རིན་པོ་ཆེའི་བུ་སློབ་ཚོ་སྐུ་གདུང་ལ་མཇལ་སྐབས། ཞལ་དང་ཕྱག་སེན་ནག་པོ་ཆགས་ཡོད་པ་དངོས་སུ་མཐོང་སྟེ། ཁོང་དུག་གིས་བཀྲོངས་པར་ངོས་འཛིན་གཅིག་གྱུར་བྱུང་འདུག འདི་ནི་གནའ་བོའི་དབྱིན་ཇི་བཙན་རྒྱལ་སྐབས་དང་། དེ་སྔའི་གྷ་ཌ་ཧྥེ་དང་སཱ་ཌམ། ད་ལྟའི་འབར་མ་དྲག་པོའི་སྲིད་གཞུང་བཅས་ཀྱི་བསྒྱུར་བྱེད་སྟངས་དང་། རྒྱ་ནག་གཞུང་གིས་བོད་སོག་ཡུ་གུར་གསུམ་གྱི་ནང་སྲོག་གཅོད་སྟངས་ཡིན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist