མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མའོ་ཙེ་ཏུང་དུས་སྐབས་ཀྱི་རྒྱ་ནག་གི་གསར་བརྗེ་ནོར་འཛོལ།

བོད་ཀྱི་དུས་བབ།
༢༠༡༥/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༠ ཉིན་ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་སི་ཊན་ཧྥོར་ཌི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཚོགས་རིག་པ་བ་དང་རྒྱ་ནག་ཆེད་མཁས་པ་སྐུ་ཞབས་ཝལ་ཌིར་ (Andrew G. Walder) ལགས་སུ་ལ་དྲི་བ་དྲིས་ལེན་གནང་བ་ཞིག་འདིར་བོད་བསྒྱུར་བྱས་ཡོད།

སྐུ་ཞབས་ཝལ་ཌིར་ལགས་ཀྱིས་བརྩམས་པའི་ <<མའོ་ཙེ་ཏུང་དུས་སྐབས་ཀྱི་རྒྱ་ནག་གི་གསར་བརྗེ་ནོར་འཛོལ།>> (China Under Mao: A Revolution Derailed) ཞེས་པའི་བརྩམས་ཆོས་དེ་ཉེ་ལམ་ཧར་ཝིར་ཌི་གཙུག་ལག་སློབ་ཆེན་པར་སྐྲུན་སྡེ་ཚན་ནས་འགྲེམ་སྤེལ་བྱས་ཡོད་པ་དང་། དེབ་དེའི་ནང་སྔོན་གྱི་དུས་ཟིང་ཆེན་མོའི་སྐབས་དམར་ཤོག་རིང་ལུགས་ཐུན་མོང་གི་ལམ་ལུགས་འོག རྒྱ་ནག་གི་སྤྱི་ཚོགས་རྨང་རྡོ་ (དམིགས་བསལ་གྱིས་མི་སྒེར་གྱི་རྒྱུ་ནོར་བདག་དབང་དང་ཆོས་དད་རང་དབང་།)རྩ་བ་ནས་བརྫོགས་པའི་སྐོར་བྲིས་ཡོད་པ་དང་། ཁོང་གིས་དཀའ་ཉེན་གྱི་དུས་སྐབས་དེའི་མའོ་ཙེ་ཏུང་གི་གཡོ་ཟོལ་ཐེར་འདོན་བྱས་ཡོད་པ་ལས། ཁོས་རྙོག་འཛིང་ཆེ་བའི་སི་ཏ་ལེན་རིང་ལུགས་ལས་ཀྱང་སྐབས་དེའི་གུང་ཁྲན་རིང་ལུགས་གསར་བར་བློ་སྤོབས་ཅི་ཡང་བསླངས་མེད།

དངོས་ཡོད་རིང་ལུགས་ཀྱི་བརྩམས་ཆོས་འདིའི་ནང་། སྐུ་ཞབས་ཝལ་ཌིར་ལགས་ཀྱིས་མའོ་ཙེ་ཏུང་འདས་རྗེས་ཀྱི་ཕྱི་ལོ་ ༡༩༧༠ ནང་རྒྱ་ནག་གིས་ཅིའི་ཕྱིར་དཔལ་འབྱོར་སྲིད་ཇུས་སྒོ་འབྱེད་བྱས་པ་དང་། དེང་གི་དམར་ཤོག་རིང་ལུགས་ཀྱི་འཕེལ་རྒྱས། དེའི་དབང་ཤེད་སོགས་འགྲེལ་བརྗོད་གནང་ཡོད།

གཤམ་བཀོད་དྲི་བ་དྲིས་ལན་བརྒྱུད་དེ། རྩོམ་པ་པོས་མའོ་ཙེ་ཏུང་གི་སྲིད་དབང་དུས་སྐབས་ཀྱི་ནང་འཁྲུག་ཁྲོད་དུ་གུང་ཁྲན་ཏང་ལ་རྒྱལ་ཁ་ཐོབ་པ་དང་། རིག་གནས་གསར་བརྗེ་ཆེན་མོའི་སྐབས་ཀྱི་གནོད་འཚེ་ཡོད་ཚད་ཀྱི་འགན་མའོ་ཙེ་ཏུང་ལ་ཡོད་པ། དེ་བཞིན། དེང་གི་སྲིད་འཛིན་ཞི་ཅེན་ཕེན་གྱི་སྲིད་དབང་ནང་མའོ་ཙེ་ཏུང་གི་དབང་སྒྱུར་ལམ་ལུགས་ཀྱི་གྲུབ་ཆ་ག་རེ་ཡོད་མེད་སོགས་ཀྱི་སྐོར་གླེང་ཡོད།

དྲི་བ། འདས་པའི་མི་ལོ་བཅུ་ཕྲག་ཡར་སྔོན་གྱི་རྒྱ་ནག་ནང་གུང་ཁྲན་རིང་ལུགས་ཀྱི་དབང་སྒྱུར་དང་མའོ་ཙེ་ཏུང་སྐོར་ཀྱི་བརྩམས་ཆོས་གསར་བ་ཞིག ང་ཚོར་ཅིའི་ཕྱིར་མཁོ་བ་ཡིན་ནམ།

དྲིས་ལན། དམར་ཤོག་རིང་ལུགས་དུས་སྐབས་ཀྱི་རྒྱུ་རྐྱེན་རེ་འགའ་ཞིག་བཅོས་བསྒྱུར་དུས་སྐབས་སུ་བྱུང་རེད། ཡིན་ནའང་། སྐབས་དེའི་སྤྱི་ཚོགས་ཚན་རིག་པ་མང་ཤོས་ཤིག་གིས་རྒྱ་ནག་གི་བཅོས་བསྒྱུར་དམིགས་འབེན་དུ་འཛིན་གྱི་ཡོད། བཅོས་བསྒྱུར་དེ་དག་ཧ་ཅང་གློ་བུར་ཐོལ་རྒྱག་ཅིག་དང་འཁྲུག་ཆ་དོད་པོ་ཞིག་ཡིན་སྟབས། དམིགས་འབེན་ཡོད་ཚོད་བཅོས་བསྒྱུར་ལ་གཏད་དགོས་བྱུང་རེད། གོང་སྨོས་རྒྱུ་རྐྱེན་དེ་དག་རིམ་བཞིན་མངོན་འགྱུར་དང་ཉམ་རྒུད་དུ་ཕྱིན་པ་རེད། ཆེད་མཁས་པ་མ་ཁི་ཧྥར་ཁུ་བོ་ཧིར་ (Roderick MacFarquhar) དང་སི་ཆོན་ཧལ་མེ་ཆིལ་ (Michael Schoenhals) ཧྥེར་ཌི་རེ་ཁི་ཊེ་ཝེ་སི་ (Frederick Teiwes) ཝ་རིན་སུན་ (Warren Sun) སོགས་ཚང་མས་ལྟ་ཚུལ་འདི་རང་འདོན་མགོ་བརྩམས་རེད། ལྟ་ཚུལ་འདི་དག་ནང་སྐབས་དེའི་ཆབ་སྲིད་གཙོ་གནད་དུ་བཟུང་ཡོད་པ་དང་། ཁོ་ཚོས་དུས་སྐབས་དེའི་གོ་ནོར་མང་པོ་ཞིག་སེལ་ཡོད་པ་རེད། ང་རང་གི་ལྟ་ཚུལ་ནང་། ངས་ནི་ཆེས་གནད་དུ་འཁེལ་བའི་ཆབ་སྲིད་ལམ་ལུགས་དང་དེའི་མཇུག་འབྲས་ག་རེ་བྱུང་ཡོད་མེད་གཙོ་བོར་བཟུང་ཡོད་པ་རེད་བསམ་གྱི་འདུག

དྲི་བ། ཁོ་ཚོས་གོ་ནོར་ག་རེ་སེལ་བ་རེད།

དྲིས་ལན། དཔེར་ན། སྐུ་ཞབས་སུན་དང་ཊེ་ཝེ་སི་གཉིས་ཀྱིས། ང་ཚོས་ཤོག་ཁག་གཉིས་བར་གྱི་འཐབ་རྩོད་ (༡༩༦༠ ལོའི་སྔོན་དང་མཆོང་སྐྱོད་ཆེན་མོ་རྗེས་ཏེ། མུ་གེ་ཁྲོད་མི་ས་ཡ་ ༣༠ ལྷག་རྐྱེན་ལམ་དུ་ཤོར་བའི་དུས་ཀྱི་མའོ་ཙེ་ཏུང་དང་གཙོ་འཛིན་གཞན་དག་བར་གྱི་དཔལ་འབྱོར་སྲིད་ཇུས།) ཅིག་ཏུ་འདོད་པ་དེ་འདྲ་མ་ཡིན་པ་གསལ་བོར་བསྟན་རེད། ཡིན་རྒྱུ་ནི་ལྟ་ཚུལ་དེའི་རྩ་བ་ཏིན་ཞའོ་ཕེན་དང་ལེའོ་ཧྲོ་ཅེ་གཉིས་ཀྱིས་མའོ་ཙེ་ཏུང་ལས་ལོགས་སུ་གོ་གནས་ཤིག་འཛིན་འདོད་པ་རེད། རྩོད་རྙོག་གི་དུས་སྐབས་དེར་ལྟ་ཚུལ་འདིའི་འབྱུང་རྐྱེན་འཚོལ་ཞིབ་བྱས་པ་རེད། མའོ་ཙེ་ཏུང་དང་ཁོང་གི་གཞོགས་གཏོགས་ཚོས་ཏིན་ཞའོ་ཕེན་དང་ལེའོ་ཧྲོ་ཅེ་གཉིས་ལ་སྐྱོན་འཛུགས་བྱས་སྟབས། མཁས་པ་ཚོས་སྣང་ཚུལ་དེ་དོན་དངོས་ཤིག་ཏུ་བསམས་པ་དང་། རྩོད་གཞི་ངོ་མའི་ཐད་ཀྱི་ང་ཚོའི་གོ་རྟོགས་དེ་ནོར་བ་རེད།

མའོ་ཙེ་ཏུང་གི་བསམ་པར་མི་མང་པོ་ཞིག་ཁོ་རང་ནང་བཞིན་བརྩོན་སེམས་དང་སྤྲོ་སེམས། ལྷག་བསམ་ཆེན་པོ་མི་འདུག་སྙམ་རེད། ཡིན་ན་ཡང་ལེའོ་ཧྲོ་ཅེ་ལྟ་བུའི་མི་མང་པོ་ཞིག་ཁོ་མཉམ་དུ་འགྲོ་ཡོད་པ་མ་རེད། དེའི་རྐྱེན་པས། ཤོག་ཁག་གཉིས་ཐད་ཀྱི་ང་རང་ཚོའི་བསམ་པའི་འཆར་སྒོ་མ་གཅིག་པ་རེད།

མཆོང་སྐྱོད་ཆེན་མོ་འདྲ་བའི་ལས་འགུལ་གཞན་དག་དང་བསྡུར་ན། ང་ཚོ་རིག་གནས་གསར་བརྗེ་ཆེན་མོར་རྒྱུས་མྱོང་ཅི་འདྲ་ཡོད་པ་ཧ་ལས་དགོས་པ་དེ་འདྲ་རེད། དམར་སྲུང་དམག་གི་ལས་འགུལ་ (དམིགས་གསལ་གཙུག་ལག་སློབ་ཆེན་ཁག) སོགས་ཚང་མར་སོ་སོའི་ཤོག་ཁག་འཐེན་འཁྱེར་གྱི་གསར་ཤོག་རེ་ཡོད་ཅིང་། ཁོ་ཚོས་རང་རང་གི་གལ་ཆེའི་བྱུང་བ་མཐའ་དག་དུས་རིམ་ལོ་རྒྱུས་སུ་འགོད་ཀྱི་ཡོད། དེར་བརྟེན། དེང་སྐབས་ང་ཚོར་ལོ་རྒྱུས་ཡིག་ཚགས་ནི་སྟོང་ཕྲག་མང་པོ་ཡོད་རེད།

ལོ་རྒྱུས་ཡིག་ཚགས་ནང་གསོང་བོར་བཀོད་པའི་ལས་འགུལ་གཅིག་ལའང་ང་རང་གིས་བསམ་བློ་གཏོང་ཐུབ་ཀྱི་ མི་འདུག ང་ཚོས་དེ་ནི་གདུག་རྩུབ་ཀྱི་གནོད་འཚེ་ཞིག་ཏུ་སེམས་ཀྱི་ཡོད། ཡིན་ན་ཡང་མི་གང་མང་ཞིག་གིས་སོ་སོས་བསྒྲུབས་ཟིན་པ་མཐའ་དག་ཡིག་ཐོག་ཏུ་འགོད་ཀྱི་ཡོད་རེད།

དྲི་བ། ང་ཚོའི་བསམ་པར། དམར་ཤོག་རིང་ལུགས་ཀྱི་འཇབ་རྒོལ་དམག་འཁྲུག་གི་དུས་རིམ་དེ་ཁོ་རང་ཚོའི་དབང་སྒྱུར་ལམ་ལུགས་ཐད་ནས་མེད་མི་རུང་བ་ཞིག་ཡིན་རྒྱུ་རེད་བསམས་ཀྱང་། ཁྱེད་ཀྱིས་དེ་ལྟ་མ་ཡིན་པའི་འགྲེལ་བརྗོད་དེས།  ང་ནི་ཧོན་ཐོར་དུ་བཅུག་བྱུང་། དོན་དངོས་སུ་ཁྱེད་ཀྱིས་སྐབས་དེའི་སྡེ་གཟར་ (གོ་མེན་ཏང་དང་གུང་ཁྲན་ཏང་གཉིས་བར་གྱི་ཟིང་འཁྲུག) དེ་འཇབ་རྒོལ་དམག་འཁྲུག་དང་མི་འདྲ་བར་ཧ་ཅང་གལ་པོ་ཆེ་ཚུལ་རྩོད་ཤགས་རྒྱག་གི་ཡོད་དམ།

དྲིས་ལན། འདས་པའི་མི་ལོ་ ༡༥ རིང་ལ་ངས་ལོ་རྒྱུས་ཤེས་བྱ་མང་པོ་བཀླགས་པའི་ནང་སྡེ་གཟར་དང་དེའི་ཁྲོད་དུ་བཀྲོངས་པའི་མི་རིགས་རིང་ལུགས་ (གོ་མེན་ཏང་) ཀྱི་མི་སྣ་བཅས་གཙོ་བོར་བསྟན་ཡོད་སྟབས། འཇབ་རྒོལ་དམག་འཁྲུག་སྐབས་སུ་ཁོ་ཚོར་དབང་ཤེད་རྒྱས་ཐུབ་མེད་པ་ངས་ཤེས་རྟོགས་བྱུང་། ཁྱོད་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་སྣ་དེ་ཚོར་ལྟོས་དང་། དེ་ཁྱོད་རང་གིས་ཀྱང་གསལ་བོར་རྟོགས་ཡོང་གི་རེད། ང་ཚོས་གཙུག་ལག་སློབ་ཆེན་ཁག་ནང་བཀླགས་པའི་ལོ་རྒྱུས་ཡིག་ཚགས་ནང་དེ་ལྟར་མཆན་འགྲེལ་བཀོད་འདུག་ཅིང་། ང་རང་ལ་མཚོན་ན། དེ་ཧ་ཅང་གསལ་བོར་བསྟན་འདུག་སྙམ་པ་བྱུང་།

དོན་དམ་གུང་ཁྲན་ཏང་གིས་ཉི་ཧོང་ལ་དམག་འཁྲུག་ཆེན་པོ་དེ་འདྲ་བརྒྱབ་མེད་འདུག རྒྱལ་དམངས་ནང་འཁྲུག་ (གོ་མེན་ཏང་ད་གུང་ཁྲན་ཏང་གཉིས་བར་གྱི་འཁྲུག་རྩོད།) ལ་བརྟེན་ནས། གུང་ཁྲན་རིང་ལུགས་པར་དབང་ཤེད་རྒྱས་པ་དེ་ངོ་མ་ལྷ་སྒྲུང་ལྟ་བུ་རེད།

སྔོན་ཆད་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཀྱི་དམར་སྲུང་དམག་གིས་ན་ཙེ་ཏང་ལ་དམག་འཐབ་བྱས་པ་དང་འདྲ་བར།  རྒྱ་ནག་གི་དབང་སྒྱུར་དེ་ཡང་གཙོ་བོ་དྲག་པོའི་དམག་དཔུང་གི་དབང་སྒྱུར་ཞིག་རེད། སྐབས་དེར་གཞི་རྒྱ་ཆེ་བའི་དམག་དཔུང་ལ་རྟིང་སྐུལ་ཆེན་པོའི་མཐུན་འགྱུར་འོག མི་རིགས་རིང་ལུགས་པ་ (གོ་མེན་ཏང་) ཕམ་ཉེས་བཏང་རེད། ངས་བསམ་ན་དེ་ད་དུང་འདུ་ཤེས་ཀྱི་ཀློང་དུ་ཟུག་མེད་པ་འདྲ་བྱུང་།

དྲི་བ། འདིས་གུང་ཁྲན་རིང་ལུགས་པའི་དབང་སྒྱུར་ལམ་ལུགས་ལ་ཤུགས་རྐྱེན་ག་འདྲ་ཐེབས་པ་ཡིན་ནམ།

དྲིས་ལན། མའོ་ཙེ་ཏུང་ལ་སྔར་རྗེས་སུ་ཧ་ལས་དགོས་པའི་རྒྱལ་ཁ་དེ་འདྲ་ཐོབ་པ་རེད། མི་ཚང་མས་ཁོ་དེ་འདྲ་མགྱོགས་པོར་མི་རིགས་རིང་ལུགས་པ་ལས་རྒྱལ་ཐུབ་ཀྱི་མ་རེད་ཅེས་བཤད་བསྡད་ཡོད་རེད། ཐ་ན་སི་ཏ་ལེན་གྱིས་ཀྱང་རེ་དོགས་ཀྱི་རྩོད་ཤགས་བརྒྱབ་རེད། ཡིན་ན་ཡང་ཁོས་འབད་བརྩོན་ལྷོད་མེད་བྱས་མཐར་རྒྱལ་ཁ་ཐོབ་རེད། དེ་འདྲ་ཡིན་སྟབས། ༡༩༥༠ ཁོས་ཡང་བསྐྱར་མཆོང་སྐྱོད་ཆེན་མོའི་བྱེད་ཐབས་ལག་ལེན་བསྟར་རེད། ཁོ་རང་གི་བསམ་པར། ཁྱོད་ཀྱིས་ལས་འགུལ་ཅི་ཡང་མཐའ་སྐྱེལ་ཐུབ་པར་སེམས་ཀྱི་ཡོད་པ་མ་ཟད། ཁོས་ད་དུང་མི་གཞན་གྱི་ཁ་ལ་ཉན་མི་འོས་པའང་རྟོགས་འདུག

དྲི་བ། མའོ་ཙེ་ཏུང་ལ་འགྱུར་བ་ཅི་ཡང་མ་བྱུང་བ་དེས་ཀྱང་ང་རང་ཧོན་ཐོར་དུ་བཅུག་སོང་། ནང་འཁྲུག་དེའི་རྗེས་སུ། ཁོས་ད་དུང་ཅི་གང་ཡང་རྟོགས་མེད་པ་འདྲ།

དྲིས་ལན། དང་ཐོག་སི་ཏ་ལེན་གྱིས་ཀྱང་གུང་ཁྲན་རིང་ལུགས་ཁྱབ་སྤེལ་ཐད་ལ་འབད་བརྩོན་བྱས་རེད། ཡིན་ན་ཡང་ཟིང་འཁྲུག་གི་རྗེས་སུ། ཁོས་རང་ཉིད་ཀྱི་དེ་སྔའི་ལྟ་བ་དེ་ཕྱོགས་གཉིས་སུ་མ་ལྷུང་བའི་སྒོ་ནས། ལྟོས་བཅས་ཀྱིས་བར་གནས་གཡས་ཕྱོགས་པ་ལྟ་བུར་གྱུར་ཅིང་། མའོ་ཙེ་ཏུང་གིས་རང་གི་ལྟ་བ་མ་བསྒྱུར་བའི་མི་ཚད། སྐབས་དེར་ཁོས་གུང་ཁྲན་རིང་ལུགས་སྔར་བས་དར་སྤེལ་བཏང་རེད།

དྲི་བ། དོན་དངོས་སུ་ཁོ་རང་བློ་གྲོས་ཀྱིས་སྟོང་བར་སྣང་སྟེ། ཁྱེད་ཀྱི་བརྗོད་དོན་ལྟར་ན། ཁོ་རང་གི་ཤེས་པའི་གུང་ཁྲན་རིང་ལུགས་ཀྱི་བསམ་བློ་ཡོད་ཚད་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ (ཨུ་རུ་སུའི་སྤྱི་ཚོགས་དམངས་གཙོ་ཚོགས་པ)  (Bolsheviks) ཀྱི་གུང་ཁྲན་ཏང་གི་ལོ་རྒྱུས་འབའ་ཞིག་ཡིན་ཞིང་། ལོ་རྒྱུས་དཔེ་དེབ་དེ་ཡང་སི་ཏ་ལེན་གྱིས་བརྩམས་ཏེ། ༡༩༣༨ ལོར་ཐོག་དང་པོར་པར་དུ་སྐྲུན་པ་ཡིན་འདུག

དྲིས་ལན། ཁོ་དམག་དོན་པ་ཆེན་པོ་ཞིག་ཡིན་རུང་། ཁོང་གི་བྲིས་རྩོམ་ (དོན་དམ་ཁོས་བརྩམས་པ་ཡིན་མིན་མི་ཤེས།) ཡོད་ཚད་ཁོ་རང་གི་དྲུང་ཡིག་ཁྲིན་པའོ་ཏཱ་ལྟ་བུའི་མི་མང་གིས་རྩོམ་སྒྲིག་བྱས་པ་ཡིན་ཞིང་། ཁོ་རང་གི་མར་ཁེ་སི་ལི་ཉེན་རིང་ལུགས་ཀྱི་ངེས་ཤེས་ཡོད་ཚད་སི་ཏ་ལེན་རིང་ལུགས་སྐོར་གྱི་ནོར་འཁྲུལ་ཆེ་བའི་མ་དཔེ་གཞིར་བཟུང་བ་ཡིན་འདུག

དྲི་བ། ངས་ཤེས་འདོད་པའི་དོན་དག་གཞན་ཞིག་ནི། ༡༩༥༠ ལོའི་སྟོད་ཙམ་ནས་ཁོ་རང་གི་བྱ་གཞག་ལ་ཕམ་ཉེས་དེ་འདྲ་ཅི་ལྟར་བྱུང་བ་རེད།

དྲིས་ལན། ཁོས་རང་ཉིད་ཀྱི་ནོར་འཁྲུལ་སྦ་གསང་བྱ་བར་ཧ་ཅང་མཁས་པོ་དེ་འདྲ་ཡོད་རེད། ངས་ཁོང་གི་ལེགས་ཉེས་ཡོད་ཚད་ཡིག་ཐོག་ཏུ་ཕབ་རག་བར་དེ་ལྟར་བསམས་པ་མ་བྱུང་། ཡིན་ན་ཡང་ ༡༩༥༧ རྗེས་ཀྱི་ཁོང་གི་བསམ་འདུན་མཐའ་དག་དོན་འཁྱོལ་བྱུང་བ་མི་འདུག

ཁོས་བསམ་བཞིན་དུ་ཞིང་བ་མང་ཚོགས་ལྟོགས་སྐོམ་གྱིས་འཆི་རུ་འཇུག་འདོད་ཡོད་མ་རེད། ང་རང་གི་བསམ་ཚུལ་ལྟར་ན། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ཟེར་བ་དེ། ཡིན་རྒྱུ་ནི་སི་ཏ་ལེན་གྱིས་གལ་ཏེ་ཞིང་བ་མང་ཚོགས་ཀྱིས་མཉམ་ལས་ཅན་ལ་འགོག་རྒོལ་བྱས་ཚེ། ཁོ་ཚོ་བཀྲིས་སྐོམ་གྱིས་མནར་དུ་འཇུག་འདོད་ཡོད་རེད། ངས་བསམ་ན་སྤྱིར་བཏང་མའོ་ཙི་ཏུང་གིས་ཞིང་བ་མང་ཚོགས་ལྟོགས་གྲིར་འཆི་རུ་འཇུག་རྩིས་མེད་ནའང་། ཁོ་རང་ལ་འགོག་རྒོལ་ཐེབས་རྐྱེན། དོན་དངོས་དེ་འདྲ་བྱུང་བ་དང་། ཁོས་དེ་ནི་མཉམ་ལས་ཅན་གྱི་གནོན་སྐྱོན་ཡིན་པའི་ལྟ་ཚུལ་བཏོན་རེད།

ཁོས་དུས་རྒྱུན་ཉེན་ཚབས་ཆེ་བའི་ལས་འགུལ་རབ་དང་རིམ་པར་བསླངས་པ་དང་། གལ་ཏེ་ལས་འགུལ་དེ་ལག་འགྲུབ་མ་བྱུང་བ་ཡིན་ན། ཁོས་ལས་འགུལ་གཞན་བརྗེ་སྤེལ་བྱས་ཀྱང་། དེ་ཡང་ལག་འགྲུབ་བྱུང་བ་མ་རེད། དེའི་རྐྱེན་པས། མི་ལོ་བཅུ་ཕྲག་རིང་གི་རིག་གནས་གསར་བརྗེ་ཆེན་མོ་དེ་ཟིང་ཟིང་ལོང་ལོང་དུ་གྱུར་རེད།

དྲི་བ། ཁྱེད་རང་གིས་རིག་གནས་གསར་བརྗེ་སྐབས་སུ་ཡུལ་མི་ས་ཡ་ ༡.༡ ནས་ས་ཡ་ ༡.༦ ཡས་མས་ཤིག་རྐྱེན་ལམ་དུ་ཤོར་ཡོད་སྐོར་བྲིས་འདུག

དྲིས་ལན། དུས་སྐབས་དེའི་རྩོམ་རིག་ལོ་རྒྱུས་ཁྲོད་མི་གྲངས་ས་ཡ་ ༤༠.༠༠༠ ནས་ས་ཡ་ ༨.༠༠༠ གླེང་གི་ཡོད་སྟབས། དེ་ཡང་ལྟོས་བཅས་ཀྱིས་བར་གནས་གཡས་ཕྱོགས་པའི་ལྟ་ཚོད་ཅིག་ཡིན་པ་རེད། མི་འབོར་བརྒྱ་ཆའི་གཅིག་ཟིན་པའི་མི་གྲངས་ས་ཡ་ ༧༥༠ ཙམ་རྐྱེན་འདས་སུ་གྱུར་ཅིང་། དེས་སི་ཏ་ལེན་གྱི་ཡ་ང་བའི་བཙན་ཤེད་འོག་གི་མིའི་ཤི་གྲངས་ལས་ལྔ་ཆའི་གཅིག་ཡས་མས་ཟིན་གྱི་ཡོད། མི་རེ་འགས་ངས་དུས་སྐབས་དེའི་ཤི་གྲངས་ཇེ་ཉུང་ལ་བཏང་འདུག་ཅེས་སུན་འབྱིན་བྱེད་ཀྱང་། དེ་ང་རང་གི་བསམ་འཆར་ཙམ་བཏོན་པ་ཡིན།

རིག་གནས་གསར་བརྗེ་ཁྲོད་ཀྱི་གནད་དོན་གཞན་ཞིག་ནི། མི་མང་དམར་གསོད་གཏོང་མཁན་མང་ཆེ་བ་སློབ་ཕྲུག་དང་དམར་སྲུང་དམག་མིན་ནའང་། ཁོ་རང་ཚོའི་སྲིད་གཞུང་རེད། ང་ཚོས་སྐབས་དེར་སློབ་མ་ཚོས་རང་གི་དགེ་རྒན་ཡང་དམར་གསོད་བྱས་པར་དོ་སྣང་བྱུང་ཡོད་རེད། དེ་ངོ་མ་ཡིད་སེམས་ན་བ་ཞིག་ཡིན། ཡང་ན་ང་ཚོས་ངོ་ལོག་ཤོག་ཁག་བར་གྱི་དྲག་པོའི་འཐབ་འཁྲུག་ལ་དོ་སྣང་བྱུང་ཡོད། འོན་ཀྱང་དམར་གསོད་ཡོད་ཚད་སྲིད་གཞུང་གི་བཀའ་བཀོད་གཞིར་བཞག་གིས་བྱུང་རེད། དུས་སྐབས་དེའི་ཤི་རྨས་ཧ་ཅང་འཁྲུག་ཆ་དོད་པོ་ཞིག་ཡིན་ནའང་། དེ་དམར་སྲུང་དམག་གིས་བསླངས་པའི་ཟིང་ཆ་མིན་པར། དེ་དྲག་དམག་བསྐྱར་འཛུགས་ཀྱི་བཀའ་བཀོད་རེད། དུས་སྐབས་དེའི་སྨན་བཅོས་ལས་ནད་ཡམས་ཚབས་ཆེ་བ་རེད།
དྲི་བ། མི་མང་གིས་ནམ་རྒྱུན་རྒྱ་ནག་གི་སྲིད་འཛིན་ཞི་ཅེན་ཕེན་དེང་སྐབས་མའོ་ཙེ་ཏུང་གི་དུས་སྐབས་དང་། ཐ་ན་རིག་གནས་གསར་བརྗེ་མོར་མོས་མཐུན་བྱེད་ཀྱི་འདུག་ཟེར།
དེ་ལ་ཁྱེད་རང་ལྟ་ཚུལ་ག་རེ་ཡོད།

དྲིས་ལན། ཁོས་རིག་གནས་གསར་བརྗེ་སྐབས་ཀྱི་མའོ་ཙེ་ཏུང་གི་མཚོན་དོན་ཁ་ཤས་ལ་བསྟུན་གྱི་ཡོད་རེད། མི་མང་གིས་དུས་སྐབས་དེར་ཕྱིར་ལྟ་དུས། དེ་ནི་ལྐོག་ཟ་རུལ་སུངས་མེད་པ་ཞིག་ཏུ་མཐོང་གི་ཡོད། དེ་ག་ནང་བཞིན་ཨུ་རུ་སུའི་རྒྱལ་ནང་དུའང་། མི་མང་གིས་སི་ཏ་ལེན་དུས་སྐབས་ལ་ཕྱིར་ལྟ་དུས། ཁོ་རང་རྒྱལ་དོན་ལ་གཞོལ་མཁན་ཞིག་ཏུ་མཐོང་གི་ཡོད། ཁྱོད་ཀྱིས་རྒྱ་ནག་མི་མང་གིས་ཀྱང་མའོ་ཙེ་ཏུང་ལ་ལྟ་སྟངས་དེ་ག་རང་བཟུང་ཡོད་ རེད་ཅེས་བཤད་ཆོག་སྟེ། ཁོས་མི་མང་རྩ་འཛུགས་དང་རྟིང་སྐུལ་གྱིས་ལས་དོན་མང་པོ་བསྒྲུབས་རེད། ཁོ་ཚོས་དེའི་མཇུག་འབྲས་བརྗེད་ཚར་འདུག

དོན་དག་དེས་ང་ལ་ཨ་རིའི་སྡེ་གཟར་རྗེས་ཀྱི་ཨ་རིའི་ལྷོ་ཁུལ་གྱི་གནས་སྟངས་དྲན་སྐུལ་བྱས་སོང་། ཁྱོད་ཀྱིས་ཨ་རིའི་ནང་འཁྲུག་གི་དུས་རིམ་ (Reconstruction) ཤེས་ཀྱི་རེད། ༡༨༧༠ ལོའི་རྗེས་སུ་ཁོ་ཚོས་ལོ་རྒྱུས་བསྐྱར་བྲིས་བྱས་རེད། དེ་ཡང་རྒྱལ་ཕྲན་མཉམ་འབྲེལ་གྱི་དར་ལྕོག་དེ་རང་གི་ཕ་ས་ཕ་གཞིས་དང་ཡུལ་སྲོལ་གོམས་གཤིས་མཚོན་བྱེད་ཅིག་ཏུ་བསླངས་པ་མ་གཏོགས། བྲན་གཡོག་ཚེ་གཡོག་དང་ཁྲིམས་མེད་ཉེས་འགེལ་བྱེད་ཆེད་དུ་བསླངས་པ་མ་རེད། དེ་དྲང་བདེན་གྱི་ལོ་རྒྱུས་ཡིག་ཚགས་རེད།

ཞི་ཅེན་ཕེན་གྱི་དམིགས་འབེན་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་། དཔལ་འབྱོར་འཕེལ་རྒྱས་ཡིན་ཞིང་། དེ་སྔོན་མའོ་ཙེ་ཏུང་གི་དམིགས་འབེན་དེ་ལྟ་ཡིན་པ་མ་རེད། མའོ་ཙེ་ཏུང་གིས་རྒྱལ་དོན་རླུང་ལ་བསྐུར་འདོད་ཅིང་། ཁོ་རྒྱན་པོ་འགྱེད་པར་དགའ་བོ་ཡོད་རེད། ཁོས་ཟིང་འཁྲུག་འབའ་ཞིག་གི་ཀློང་དུ་ད་གཟོད་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་མ་གཏོགས། གོ་རིམ་དང་ལྡན་པའི་སྒོ་ནས་བྱ་གཞག་ཅི་ཡང་ལེགས་འགྲུབ་མི་སྲིད་པར་འདོད། ཞི་ཅེན་ཕེན་དེ་དང་འདྲ་བ་མ་རེད།

དཔེ་མཚོན་ཞིག་བཀོད་ན། ཞི་ཅེན་ཕེན་གྱིས་ལྐོག་ཟ་རུལ་སུངས་གཙང་བཤེར་བྱེད་པ་མ་ཟད། ཁོས་ད་དུང་སྨྲ་བརྗོད་རང་དང་གསར་འགོད་རང་དབང་ལའང་འབུར་འཇོམ་བྱེད་ཀྱི་ཡོད་རེད། ཡིན་ནའང་། མའོ་ཙེ་ཏུང་གིས་ཐེངས་གཉིས་ལ་ལམ་ལུགས་བཅོས་བསྒྱུས་བྱས་པ་རེད། ༡༩༥༦ ལོའི་མེ་ཏོག་སྣ་བརྒྱའི་ལས་འགུལ་དང་རིག་གནས་གསར་བརྗེའི་ནང་། ཁོས་དགག་རྒྱག་ལམ་ལུགས་སྒོ་འབྱེད་བྱས་པ་རེད། ཁོས་ལམ་ལུགས་དེའི་ཕྱི་ནང་གི་མི་མང་འབོད་འགུག་གིས་དགག་རྒྱག་བྱས་པ་རེད། ཞི་ཅེན་ཕེན་གྱིས་དེ་ལྟར་བྱེད་འདོད་ཡོད་མ་རེད།

མའོ་ཙེ་ཏུང་ནི་བསམ་ཡུལ་ལས་འདས་པའི་རྨང་བཅོས་རིང་ལུགས་པ་ཞིག་ཡིན་པ་མི་མང་གིས་བརྗེད་ཚར་འདུག ཡིན་ན་ཡང་དེང་གི་དངུལ་ལོའི་སྟེང་བཀོད་པའི་སྐུ་བརྙན་དེ་འདྲ་རེད། མཇུག་མཐར་མི་འདི་རིགས་ལ་ཚང་མས་དོ་སྣང་བྱེད་ས་ཞིག་ཆགས་ཀྱི་ཡོད་རེད།

དྲི་བ། བཟང་ཕྱོགས་ནས། ཁོས་དེང་གི་རྒྱ་ནག་དང་དེའི་མངའ་ཁོངས་གཅིག་སྡུད་བྱས་རེད།

དྲིས་ལན། རེད། དེ་ག་རང་རེད། འོན་ཀྱང་མི་ལོ་ ༢༠ རིང་ལ་ཁོས་རིག་གནས་དང་སྤྱི་ཚོགས། དཔལ་འབྱོར་གང་ཅིའི་ཐད་ནས་རྒྱ་ནག་རྗེས་ལུས་ཐེབས་སུ་བཅུག་པ་རེད། གལ་ཏེ་ཁོས་ ༡༩༦༡ ནས་ ༡༩༦༢ བར་འཕོ་འགྱུར་ཕྲན་བུ་བཏང་ཡོད་ཚེ། དེང་གི་རྒྱ་ནག་གི་ལམ་ཕྱོགས་འདི་ག་འདྲ་ཞིག་ཡིན་སྲིད་པར་ངོ་མ་བསམ་གཞིག་གཏོང་འདོད་པ་ཞིག་ཡིན། ༡༩༧༨ ལོ་ནས་རྒྱ་ནག་གིས་རང་ཉིད་ལ་གཅོང་རོང་ཟབ་མོ་ཞིག་བྲུས་ཡོད་སྟབས། བཅོས་བསྒྱུར་གྱི་མགོ་ཚུགས་ཐུབ་ཡོད་མི་སྲིད་དེ། ལོ་གཅིག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱ་ཆའི་ ༡༠ དེ་ཁོ་ཚོས་མི་ལོ་ ༢༠ རིང་ལ་སྔར་བཞིན་དཔལ་འབྱོར་གོང་འཕེལ་ཅི་ཡང་མ་བྱུང་བར་འུར་ཤོབ་བྱེད་ཀྱི་ཡོད་རེད།

དྲི་བ། ཡིན་ནའང་། གཏོར་བཤིག་དེས་བཅོས་བསྒྱུར་གྱི་ལམ་ཕྱོགས་བཏོད་ཡོད་དམ།  

དྲིས་ལན། མའོ་ཙེ་ཏུང་གིས་དཔོན་ངན་ལམ་ལུགས་ལ་གཏོར་བཤིག་བཏང་བ་དེ། གཅིག་བྱས་ན་བཅོས་བསྒྱུར་གྱི་འགོག་རྡོ་རུ་འགྱུར་སྲིད། དམར་ཤོག་ཚོགས་པ་དང་དཔོན་ངན་ལམ་ལུགས་གཉིས་དུས་ད་ལྟ་ད་དུང་ཡང་ ༡༩༧༠ ལོའི་ཟིང་འཁྲུག་ཁྲོད་ལྷག་བསྡད་ཡོད་སྟབས། སུ་རུ་སུའི་གུང་ཁྲན་རིང་ལུགས་པའི་གཙོ་འཛིན་ཀོར་བྷ་ཆི་ཧྥི་ (Gorbachev) ལས་ཀྱང་། ཏིན་ཞའོ་ཕེན་ལྟ་བུའི་གཙོ་འཛིན་ཚོར་བཅོས་བསྒྱུར་གྱི་འདམ་ག་མང་པོ་ཡོད་རེད། ཁོ་རང་གི་ཁ་གཏད་ཀྱི་དྲག་པོའི་དཔུང་དམག་ལ་སྐབས་དེའི་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཁབ་ནང་བཞིན་གྱི་སྟོབས་ཤུགས་ཡོད་མ་རེད།

མ་ཡིག་འབྲེལ་ཐག http://sinosphere.blogs.nytimes.com/2015/07/20/q-and-a-andrew-g-walder-on-china-under-mao/?_r=0

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༩ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese