མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་ཨོ་རྩེད་གོ་སྐབས་སྤྲོད་མི་རུང་།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp
སང་ཉིན་མ་ལེ་ཤི་ཡའི་རྒྱལ་སར་ ༢༠༢༢ ལོའི་རྒྱལ་སྤྱིའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་ཀྱི་མགྲོན་བདག་རྒྱལ་ཁབ་འོས་འདེམས་བྱ་འཆར་ཡོད་པའི་ཁྲོད་རྒྱ་གི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་གླེང་སློང་མང་པོ་ཡོང་བཞིན་འདུག

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སང་ཉིན་རྒྱལ་སྤྱིའི་ཨོ་ལིམ་པིག་ལུས་རྩལ་འགྲན་ཚོགས་གོ་སྒྲིག་ཚུགས་ཆུང་གི་ངོས་ནས། མ་ལེ་ཤི་ཡའི་རྒྱལ་ས་ཁུ་ལཱ་ལུམ་ཕུར་ (Kuala Lumpur)ཞེས་པ་རུ། ༢༠༢༢ ལོའི་དགུན་ཁའི་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་དེ་རྒྱལ་ཁབ་གང་དུ་འཚོགས་མིན་ཐད་གསང་བའི་འོས་ཤོག་བླུག་རྒྱུ་ཡིན་འདུག

པེ་ཅིན་གཞུང་གིས་རྩེད་འགྲན་གྱི་མགྲོན་བདག་རྒྱ་ནག་ལ་འཐོབ་ཐབས་སུ་སྐུལ་སློང་ལས་འགུལ་སྣ་ཚོགས་ཤིག་རྩོམ་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་ཚོགས་པ་ཁག་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཚབས་ཆེན་ཡིན་སྟབས། ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་དེ་པེ་ཅིན་ལ་སྤྲོད་མི་རུང་བའི་འབོད་སྐུལ་ཞུ་བཞིན་ཡོད་འདུག

ཁ་སང་ཀྲུང་གོར་ལྟ་བ་ཞེས་པའི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བའི་ནང་། ༢༠༢༢ ལོའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་བསྐོང་སའི་གྲོང་ཁྱེར་འོས་འདེམས་ཐག་གཅོད་ཁྱབ་བསྒྲགས་བྱེད་པར་ཉིན་གཉིས་ལས་མེད་པའི་སྐབས་འདིར། པེ་ཅིན་གཞུང་གི་དགུན་ཁའི་ཨོ་རྩེད་ཚོགས་ཆུང་གི་སྐུ་ཚབ་ཚོགས་པ་མ་ལེ་ཤེ་ཡའི་རྒྱལ་ས་ཁུ་ལཱ་ལུམ་ཕུར་དུ་བསླེབས་པ་དང་མཐའ་མཇུག་གི་འོས་ཤོག་བླུག་རྒྱུར་སྐུལ་སློང་ལས་འགུལ་སྤེལ་བཞིན་ཡོད་ཅིང་། ཁོ་ཚོས་ ༢༠༠༨ ལོའི་པེ་ཅིན་ཨོ་རྩལ་ཚོགས་ཆུང་གི་ཉམས་མྱོང་གཞིར་བྱས་ཏེ་ད་རེབ་ཀྱི་འོས་ཤོག་བླུག་རྒྱུར་སྐུལ་སློང་བྱེད་ཀྱི་ཡོད་འདུག

༢༠༠༨ ལོར་པེ་ཅིན་དུ་ཨོ་རྩེད་འགྲན་ཚོགས་བསྐོངས་སྐབས། རྒྱ་ནག་གིས་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ལ་ཁས་ལེན་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་དོན་གནད་ཁག་སྣང་མེད་བཏང་ཡོད་པ་དང་། ཨོ་རྩེད་ར་བ་གསར་རྒྱག་སྐབས་རྩ་འཛིན་སྒྲིག་གཞིར་སྣང་མེད་བཏང་སྟེ། མི་དམངས་ཁྲི་ཕྲག་མང་པོ་བཙན་ཤེད་ཀྱིས་གནས་སྤོར་དུ་བཅུག་པ་མ་ཟད། གུན་གསབ་ཀྱང་འོས་འཚམས་ཞིག་སྤྲད་མི་འདུག ལྷག་པར་དུ་ཨོ་རྩལ་འགྲན་ཚོགས་དངོས་གཞིའི་སྐབས་སྡུག་ཕྱོགས་ཀྱི་གསར་འགྱུར་བཀག་སྡོམ་ཞིབ་བཤེར་བྱས་པ་སོགས་འཁོད་འདུག

ཁ་སང་དབྱིན་ཇིའི་ལྟ་སྲུང་དྲ་བས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གི་འགྲོ་བ་མིའི་སྲུང་སྐྱོབ་ཚོགས་པས་ ༢༠༡༣ ལོའི་ཟླ་ ༣ པར་ཞི་ཅིན་ཕིན་རྒྱ་ནག་གི་སྲིད་འཛིན་དུ་བསྡད་པ་ནས་ད་ལྟའི་བར་དུ་ཉུང་མཐའ་ཡང་གཞུང་ལ་ཁ་གཏད་གཅོག་མཁན་དང་ལས་འགུལ་སྤེལ་མཁན། དགེ་རྒན་ཆེན་མོ་བ་དང་གསར་འགོད་པ་སོགས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་མཁན་ ༡༨༠༠ འཛིན་བཟུང་བྱས་ཡོད་པ་མ་ཟད། ཉེ་བའི་བདུན་ཕྲག་ཁ་ཤས་ནང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ ༢༦༠ ཙམ་མངོན་གསལ་དོད་པོས་བཀག་འགོག་དང་འདྲི་གཅོད་བྱས་ཡོད་སྟབས། རྒྱལ་སྤྱིའི་ཨོ་ལིམ་པིག་ཚུགས་ཆུང་གིས་རྒྱ་ནག་ནང་དགུན་ཁའི་ཨོ་རྩེད་འགྲན་ཚོགས་སྤྲོད་རྒྱུ་རྩ་བ་ནས་ཁས་ལེན་བྱེད་མ་རུང་སྐོར་བཀོད་འདུག

ཟླ་འདིའི་ཚེས་ ༢༣ ཉིན་བོད་ཀྱི་ཆབ་སྲིད་བཙོན་པ་མགོ་ལོག་འཇིགས་མེད་ལགས་དང་། འཛམ་གླིང་ཡུ་གུར་ལྷན་ ཚོགས་ཀྱི་ཚོགས་གཙོ་རེ་བྷེ་ཡཱ་ཁ་ཌིར་ (Rebiya Kadeer)། ནང་སོག་འགྲོ་བ་མིའི་ཆ་འཕྲིན་ལྟེ་གནས་ཀྱི་ཚོགས་གཙོ་ཧི་བྷ་ཐུ་ (He Batu)།  མི་དམངས་ཀྱི་ནུས་ཤུགས་གསར་འཛུགས་བྱེད་མཁན་ཨ་རིར་གནས་སྡོད་རྒྱ་རིགས་ཡཱང་ཅན་ལེ་ (Yang Jianli) བཅས་ཀྱིས་མཉམ་འབྲེལ་ཐོག རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ལ་ཞུ་ཡིག་ཅིག་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་ ༢༠༠༨ ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་འགྲུབ་རྗེས། དེ་སྔ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཁས་ལེན་བྱས་པའི་གནད་དོན་ཁག་རྡོག་རོལ་ཚབས་ཆེན་བཏང་སྟེ། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་ལ་སྣང་ཆུང་ཁྱད་གསོད་ཚད་མེད་བྱས་ཡོད་སྐོར་དང་། ༢༠༠༨ ལོའི་ཨོ་རྩེད་འགྲན་ཚོགས་དེས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་འགྲོ་བའི་ཚབ་ཏུ་རྦད་དེ་ཇེ་སྡུག་ཏུ་སོང་ཡོད་པ་དང་། ཉེ་ཆར་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱེད་མཁན་ཁྲིམས་རྩོད་པ་འཛིན་བཟུང་བྱས་པ་དང་། ནང་སོག་དང་ཤིན་ཅང་སོགས་ཀྱི་གྲངས་ཉུང་མི་རིགས་ལ་དྲག་གནོན་བྱས་པ་སོགས། གལ་སྲིད་རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་ཀྱིས་ ༢༠༢༢ ཀྱི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་པེ་ཅིན་ནང་འཚོགས་རྒྱུ་ངོས་ལེན་བྱས་ཚེ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཡག་པོ་ཡོད་པའི་གནས་སྟངས་ཤིག་རྒྱལ་སྤྱིའི་སྟེང་ཁྱབ་བརྡལ་འགྲོ་རྒྱུར་དངོས་གཏན་ཡིན་སྟབས། རྒྱལ་སྤྱིའི་ཨོ་རྩེད་ལྷན་ཚོགས་བདེན་པའི་ལོ་རྒྱུས་ཀྱི་དབང་བོར་བཞུགས་ཏེ་རྒྱ་ནག་ནང་འཚོགས་རྒྱུ་ངོས་ལེན་མི་བྱེད་པར། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་འཁུར་དགོས་པའི་ལམ་སྟོན་བྱ་རྒྱུའི་རེ་སྐུལ་ཞུས་འདུག

ཚེས་ ༢༨ ཉིན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་པའི་ནང་། དགུན་ཁའི་ཨོ་རྩེད་འགྲན་ཚོགས་པེ་ཅིན་ནང་བསྐོང་དགོས་པའི་དམིགས་ཡུལ་ནི་རྒྱ་ནག་མི་མང་གིས་རྒྱལ་ནང་གི་ཨོ་རྩེད་ཡར་རྒྱས་གཏོང་རྒྱུ་དང་། རྒྱ་མི་ས་ཡ་ ༣༠༠ ལྷག་དགུན་ཁའི་རྩེད་འགྲན་ནང་འཛུལ་ཞུགས་བྱ་རྒྱུ་ཡིན་ཞེས་དང་། རྒྱ་ནག་མི་དམངས་བྱིངས་ཀྱིས་སེམས་གཏིང་ནས་ངོ་མཚར་བའི་དགུན་ཁའི་ཨོ་རྩེད་འགྲན་ཚོགས་ལེགས་འགྲུབ་འབྱུང་པའི་རེ་ལྟོས་བྱེད་བཞིན་པའི་སྐབས་འདིར། མི་དམངས་རེ་ཟུང་གིས་ཨོ་རྩེད་འགྲན་ཚོགས་དེ་ཆབ་སྲིད་ཐད་ལ་བེད་སྤྱོད་བྱེད་བཞིན་པ་དེ་ནི་ཨོ་རྩེད་འགྲན་ཚོགས་ཀྱི་རིན་ཐང་སྣང་མེད་བཏང་པ་ཞིག་རེད། ཅེས་བརྗོད་འདུག

༢༠༡༤ ལོའི་ཟླ་ ༡༢ ནང་རྒྱ་སྤྱིའི་ཨོ་རྩེད་ཚོགས་ཆུང་གིས་༼ ༢༠༢༠ ཨོ་ལོམ་ཕེ་ཁིའི་གྲོས་འཆར་༽ ཞེས་པའི་གྲོས་གཞི་ཞིག་ལེགས་བཅོས་བྱས་ཡོད་འདུག གྲོས་འཆར་དེའི་ནང་ཐོག་མར་རྒྱལ་ཁབ་ཅིག་གིས་ཨོ་རྩེད་འགྲན་ཚོགས་བསྐོང་རྒྱུ་ཁས་ལེན་བྱེད་སྐབས། རྒྱལ་ཁབ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་པ་དང་ལས་བཟོ་བའི་རང་དབང་ཡོད་པ། ཁོར་ཡུག་སྲུང་སྐྱོབ་དགོས་པ་སོགས་ཀྱི་མཐུན་རྐྱེན་ནི་རྒྱལ་ཁབ་དེའི་ཆ་རྐྱེན་གཙོ་བོ་ཞིག་ཡིན་སྐོར་བཀོད་ཡོད་འདུག

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

ཆུ་ཚོད་ ༡༦ སྔོན་ལ།
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

ཆུ་ཚོད་ ༡༨ སྔོན་ལ།
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

༢༠༢༦/༠༣/༢༣
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese