མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གྱི་དམར་མཆོད་མཚམས་འཇོག་བྱ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༠
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་མིག་དམར་ཉིན་བལ་ཡུལ་གྱི་གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པས་ (Gadhimai Temple Trust) བལ་ཡུལ་ནང་ལོ་ངོ་བརྒྱ་ཕྲག་དུ་མའི་སྲོལ་རྒྱུན་གྷ་དྷི་མཱི་ཡི་དུས་ཆེན་ལ་སེམས་ཅན་འབུམ་ཕྲག་མང་པོ་དམར་མཆོད་གཏོང་རྒྱུའི་ལམ་སྲོལ་དེ་མཚམས་འཇོག་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་འདུག

ཁ་སང་བལ་ཡུལ་སྤྱི་མཐུན་ (myrepublica) ཞེས་པའི་དྲ་ཚིགས་སྟེང་། བལ་ཡུལ་གྱི་གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རམ་ཆན་ཌར་སཱ་ (Ram Chandra Sah)ཡིས། “ང་ཚོས་དུས་སྟོན་སྐབས་ཀྱི་དུད་འགྲོ་དམར་མཆོད་མཚམས་འཇོག་བྱ་རྒྱའི་ཁྱབ་བསྒྲགས་བྱས་མེད།” ཅེས་དེ་གའི་གསར་ཁང་ལ་བརྗོད་འདུག

འོན་ཀྱང་། རེས་གཟའ་མིག་དམར་ཉིན་རྒྱ་གར་དུས་བབ་ཀྱིས་རམ་ཆན་ཌར་སཱའི་སྐད་ཆ་ལུང་འདྲེན་བྱས་ཏེ། གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པས་དུད་འགྲོ་དམར་མཆོད་མཚམས་འཇག་བྱ་རྒྱུ་ཡོངས་ཁྱབ་གསལ་བསྒྲགས་བྱས་འདུག ཅེས་འཁོད་འདུག དེ་བཞིན། ཧྥ་རན་སིའི་གསར་ཁང་ (AFP) གིས། གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པའི་དྲུང་ཆེ་མཱོ་ཌིལ་ལི་ཁུ་ཞི་ཝ་ (Motilal Kushwaha) སྐད་ཆ་ལུང་འདྲེན་བྱས་པའི་ནང་། “ཐེབས་རྩ་ཚོགས་པའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་དུད་འགྲོ་དམར་མཆོད་རྩ་བ་ནས་མཚམས་འཇོག་བྱ་རྒྱུ་ཐག་གཅོད་བྱས་ཡོད།” ཅེས་འཁོད་འདུག

ཐེངས་རྩ་ཁང་གི་སྤྱི་ཁྱབ་འགན་འཛིན་རམ་ཆན་ཌར་སཱ་ཡིས་བརྒྱུད་ལམ་ཁག་གི་གསར་འགྱུར་ལ་ཧང་སང་ཏེ་ཁོས་གསལ་བཤད་བྱས་དོན། ཐེབས་རྩ་ཚོགས་པས་ཆོས་དད་བྱེད་མཁན་རྣམས་ལ་མཛད་སྒོ་གོ་སྒྲིག་བྱས་པ་ལས་དམར་ མཆོད་བྱ་དགོས་པའི་སྐུལ་མ་བཏང་མྱོང་མེད་ཅེས་སྤྱི་མཐུན་གསར་ཁང་ལ་བརྗོད་ཡོད་པ་འཁོད་འདུག

ཁ་སང་ (Indiarealtime) གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་གྷ་དྷི་མཱི་ལྷ་ཁང་ཐེབས་རྩ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་རམ་ཆན་ཌར་སཱ་ཡི་བསྒྲགས་གཏམ་སྤེལ་པའི་ནང་། “མི་རབས་ཁ་ཤས་ལ་གནས་སྐོར་བ་མང་པོ་ཞིག་གིས་རང་ཉིད་ཀྱི་འཚོ་བ་ཡར་རྒྱས་ཡོང་བའི་རེ་བ་བཟུང་ནས་སེམས་ཅན་མང་པོ་དམར་མཆོད་བཏང་ནས་གྷ་དྷི་མཱི་ལྷ་མོར་མཆོད་པ་བྱས་ཡོད་པ་རེད། ད་ལྟ་དམར་གསོད་དང་འཚེ་བ་དེ་དག་སྤངས་ནས་ཞི་བདེ་ཡི་ཕྱག་མཆོད་དང་དགའ་སྤྲོ་ཡི་དུས་སྟོན་ལ་འགྱུར་དགོས་པའི་དུས་ལ་བསླེབས་པ་རེད།” ཅེས་བརྗོད་པ་འཁོད་ཡོད་འདུག

བལ་ཡུལ་གྱི་དུད་འགྲོ་སྲུང་སྐྱོབ་དྲ་རྒྱ་གསར་གཏོད་མཁན་མཱ་ནའོ་ཇི་གྷོ་ཊམ་ (Manoj Gautam) གྱིས། “ང་ཚོས་ལྷ་ཁང་ཐེབས་རྩ་ཚོགས་པས་ཉམས་ཆུང་དུད་འགྲོ་དམར་གསོད་གཏོང་རྒྱུ་མཚམས་འཇོག་བྱེད་པར་བསྔགས་བརྗོད་བྱེད་ཀྱི་ཡོད། དེ་ནས་རྗེས་ཕྱོགས་ཁོ་ཚོས་རྒྱལ་ཁབ་འདིའི་དུད་འགྲོ་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད།” ཅེས་བརྗོད་འདུག

གནས་ཚུལ་དེའི་ནང་དུ། རྒྱ་གར་དང་བལ་ཡུལ་ནས་ཡོང་པའི་ཧིན་དྷི་གནས་མཇལ་བ་ཚོ་ལོ་ལྔ་རེ་མཚམས་ཀྱི་དམར་མཆོད་དུས་སྟོན་དེར་འཛུལ་བཞུགས་བྱེད་ཀྱིན་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོར་ཆོས་བྱེད་མཁན་ཚོས་རང་ཉིད་དང་ཁྱིམ་ཚང་གི་འཚོ་བ་གོང་འཕེལ་འགྲོ་བར་ཡིད་ཆེས་བྱས་ནས་མ་ཧེ་དང་ར་ལུག ཁྱིམ་བྱ་སོགས་སེམས་ཅན་ ༥༠༠༠༠༠ ལྷག་དམར་མཆོད་བཏང་ཡོད་འདུག ཅེས་བཀོད་འདུག

བལ་ཡུལ་ལྷོ་ཤར་གྱི་བྷ་ར་ (Bara) རྫོངས་ནང་གི་བྷ་རི་ཡཱ་གྲོ་ (Bariyarpur) གྲོང་རྡལ་དུ་ཚོགས་བཞིན་པའི་གྷ་དྷི་མཱི་དམར་མཆོད་དུས་སྟོན་ནི་ཁག་ཅིག་གིས་དེ་ནི་གདོད་མའི་དུས་ནས་བྱུང་བ་ཞིག་ཡིན་ཚུལ་དང་། ཡང་ཁག་གིས་འདི་ནི་ལོ་ངོ་ ༢༦༥ གོང་ནས་བྷ་ཝན་ཆའོ་ཌ་རེ་ (Bhagwan Chowdhary) ལགས་ཀྱིས་ལྷ་མོ་གྷ་དྷི་མཱི་ཡི་ལྟ་བ་གཞིར་བཟུང་བྱས་ནས་གསར་གཏོད་མཛད་ནས་བཟུང་ལོ་རྒྱུས་རིང་བཞིན་གྱི་སྲོལ་རྒྱུན་དུ་གྱུར་ནས་དུས་རབས་གསུམ་ཙམ་ལ་ཉམ་ཆུང་སེམས་ཅན་ས་ཡ་མང་པོ་དམར་གསོད་བྱས་སྐོར་སོགས་གླེང་བཞིན་ཡོད་པ་རེད།  

གསར་འགོད་པ། འཇིགས་མེད་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༡༥ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༨ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese