མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བརྒྱུད་ལམ་ནང་ཁྲིམས་ཀྱི་དབང་བསྒྱུར་ཤུགས་ཆེར་བརྗོད་དོན་ཅི་ཡིན།

བོད་ཀྱི་དུས་བབ།
༢༠༡༥/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp
 
༢༠༡༢ ལོར་ཞི་ཅེན་ཕེན་ལ་སྲིད་དབང་ཐོབ་པ་ནས་བཟུང་། དམར་ཤོག་ཚོགས་པ་དང་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཡང་ནས་བསྐྱར་དུ་ “ཁྲིམས་ཀྱི་དབང་བསྒྱུར” (rule of law) ཅེས་པའི་གོ་དོན་ནན་ཆེར་བརྗོད་པ་དང་། རྒྱ་ནག་ནང་གི་བཅའ་ཁྲིམས་གཏན་འབེབས་དང་དེའི་ཁག་ཐག་གི་རྣམ་འགྱུར་འོག་ཏུ། དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་གཙང་བཤེར་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད།

ཡིན་ནའང་། དུས་རྒྱུན་སྤྱི་ཚོགས་སྟེང ‘འཁྲུག་རྩོད་སློང་བ’དང་། ‘རྩོད་གླེང་གི་གླགས་འཚོལ་བའི’དོགས་གཞིའི་འོག ཉེ་ལམ་ནས་འབད་བརྩོན་འདི་དག་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ་སོགས་འཛིན་བཟུང་དང་བཙོན་འཇུག་གི་རྦ་རླབས་འཕྱུར་བའི་གྲིབ་ཡོར་འོག་ཤོར་བ་རེད། སྔོན་ཆད་ཡིན་ན། འདི་ནི་ཡང་ནས་བསྐྱར་དུ་གཞན་གྱི་རྒྱུ་ནོར་ལ་གཏོར་བཅོམ་གཏོང་བའམ། དངོས་འབྲེལ་རྒོལ་རྡུང་བྱེད་པ། ཡང་ན་སྤྱི་དམངས་སྒྲིག་ཁྲིམས་ལ་གཏོར་བཤིག་གཏོང་གི་ཡོད་པའི་བྱ་སྤྱོད་རིགས་ལ་ངེས་པར་དུ་དམ་དྲག་བྱེད་དགོས་པའི་གཏུགས་བཤེར་ཞིག་རེད། འོན་ཀྱང་ ༢༠༡༣ ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ལྟ་རྟོག་ཁང་ནས་ཁྲིམས་གཞི་ཞིག་འགྲེམ་སྤེལ་བྱས་པ་དང་སྦྲགས་ཏེ། ཁྲིམས་གཞི་དེ་དྲ་ལམ་ཁག་ནང་ཁྱབ་སྤེལ་བྱས་པའི་ནང་། འགྲེལ་བརྗོད་མཁན་ཚོས་དྲ་ལམ་ཁག་ཏུ་གསལ་བསྒྲགས་རྫུན་བཟོའམ་དཀྲོག་གཏམ་བརྒྱུད་བསྒྲགས་བྱས་པ་ཡིན་སྲིད་པའི་གྱོད་འཛུགས་བྱེད་ཀྱི་ཡོད་རེད།

སྤྱི་ཚོགས་སྟེང‘འཁྲུག་རྩོད་སློང་བ’དང‘རྩོད་གླེང་གི་གླགས་འཚོལ་བ’ནི་རྒྱ་ནག་གི་བཅའ་ཁྲིམས་ཆེད་མཁས་པ་ཚོས་བརྗོད་པའི‘དངུལ་ཁུག་གི་ནག་ཉེས་ (pocket crime) ཞེས་པ་ལྟ་བུར་གྱུར་ཅིང་། ཁྲིམས་འགལ་གྱི་གྱོད་འཛུགས་དེ་ཡང་ཁྱབ་ཆེ་བའི་ཁྲིམས་འགལ་དུ་གཏུགས་བྱེད་བཤེར་སྲིད་པ་རེད།

འདིར་བཀོད་པའི་དྲི་བ་དྲིས་ལན་ཁག་ནང་། ཁྲོན་ཆིན་གཙུག་ལག་སློབ་ཆེན་ (Chongqing University) གྱི་ཁྲིམས་ལུགས་སྡེ་ཁག་གི་སློབ་དཔོན་ཆེན་མོ་ཁྲིན་ཀྲོན་ལེན་ (Chen Zhonglin) དང་ལྷན་དུ། རྒྱལ་ནང་གི‘ཁྲིམས་ཀྱིས་གཏན་འབེབ’ཅེས་པའི་གོ་དོན་དང་དེའི་བཀོལ་སྤྱོད། སྤྱི་ཚོགས་སྟེང‘འཁྲུག་རྩོད་སློང་བ’དང‘རྩོད་གླེང་གི་གླགས་འཚོལ་བའི’གཏུགས་བཤེར་སོགས་ལ་བགྲོ་གླེང་བྱས་པ་གཤམ་གསལ་ལྟར།

དྲི་བ། ཁྱེད་ཀྱིས་བལྟས་ན། དམར་ཤོག་ཚོགས་པས‘ཁྲིམས་ཀྱི་དབང་བསྒྱུར’ནན་བཤད་བྱེད་དགོས་པའི་རྒྱུ་མཚན་ཅི་རེད།

དྲིས་ལན། ༡༩༩༠ ལོ་ནས་ ‘ཁྲིམས་ཀྱི་དབང་བསྒྱུར།’ལ་འཕོ་འགྱུར་བཏང་བ་དང་། རྒྱ་ནག་གི་འཛིན་སྐྱོང་དོ་དམ་པ་སོ་སོའི་གཞི་རྩའི་སྲིད་ཇུས་ཤིག་རེད། འོན་ཀྱང་དེང་གི་འཛིན་སྐྱོང་དོ་དམ་འཕེལ་རིམ་གསར་བ་ཞིག་ཏུ་སླེབས་ཡོད། དེ་ལྟར་འཕེལ་བ་ལའང་རྒྱུ་མཚན་འདྲ་མིན་སྣ་ཚོགས་ཡོད། ཐད་ཀའི་རྒྱུ་རྐྱེན་ཞིག་ནི་ཏང་ནང་ཁུལ་དུ་སྟག་མང་པོ་ (ཆེས་མཐོའི་དཔོན་རིགས་ཚོ) ཡོད་པའི་རྐྱེན་གྱིས་ཡིན་སྲིད་དེ། ཁོ་ཚོས་བཅའ་ཁྲིམས་འདིའི་སྟངས་འཛིན་ལས་གཡོལ་ཐབས་འཚོལ་བཞིན་ཡོད་པ་རེད། མ་ཟད་མི་མང་ཡང་རྒྱལ་ཁྲིམས་བཤིག་མཁན་ལ་ཞེ་འཁོན་ཡོད་སྟབས། དེང་གི་འཛིན་སྐྱོང་དོ་དམ་གྱི་ངོས་ནས། ‘ཁྲིམས་ཀྱི་དབང་བསྒྱུར།’དང་དེའི་འཕོ་འགྱུར་འགྲེམ་སྤེལ་སྐོར་གླེང་བའི་རེ་འདུན་ཡོད་པ་རེད།

དྲི་བ། ཁྱེད་རང་གིས་བསམ་ན། ‘དངུལ་ཁུག་གི་ནག་ཉེས’འདི་རིགས་རྒྱ་ནག་གི་ཁྲིམས་མཐུན་ལམ་ལུགས་ནང་གནས་འོས་པ་ཞིག་ཏུ་འདོད་དམ།

དྲིས་ལན། ང་རང་གི་འདོད་ཚུལ་ལྟར་ན། རྒྱ་ནག་གི་ཁྲིམས་མཐུན་ལམ་ལུགས་ཁྲོད་དུའང་ ‘དངུལ་ཁུག་གི་ནག་ཉེས’འདི་རིགས་ཡོད་འོས་པར་འདོད། འདི་ནི་ ‘སྤྱི་ཚོགས་ཐུན་མོང་གི་རྩ་ཁྲིམས་ལམ་ལུགས’ དང་ ‘སྤྱི་དམངས་བྱེ་བྲག་ཅིག་གི་བཅའ་ཁྲིམས་ལམ་ལུགས’གཉིས་བར་གྱི་ཁྱད་པར་རེད། ‘སྤྱི་ཚོགས་ཐུན་མོང་གི་རྩ་ཁྲིམས་ལམ་ལུགས’ (ཨ་རི་དང་དབྱིན་ཇིའི་རྒྱལ་ཁབ་གཉིས་ནང་ཁྲིམས་ལུགས་འདི་ལག་བསྟར་བྱེད།) འོག ཁྲིམས་དཔོན་གཅིག་ལ་རྩ་འཛིན་གཉིས་མེད་མི་རུང་། རྩ་འཛིན་དང་པོ། ཁྲིམས་དཔོན་ཚོས་གནད་དོན་དེ་ཁྲིམས་མཐུན་ལམ་སྲོལ་གང་རུང་ལ་འབྲེལ་མེད་ཐད་ལ་མནོ་བསམ་གཏོང་དགོས་པ་དང་། རྩ་འཛིན་གཉིས་པ། གལ་ཏེ་ལམ་སྲོལ་གང་ལའང་མི་མཐུན་ཚེ། ད་ལྟའི་གནད་དོན་དེ་ལ་ཐོག་མར་གནད་དོན་དེའི་རིགས་ལས་མནོ་བསམ་གཏོང་བ་དང་། དེ་ནས་གནད་དོན་དེ་ཁྲིམས་མཐུན་གྱི་ངོ་བོ་ཆགས་ཀྱི་ཡོད།

ཡིན་ནའང་། ‘སྤྱི་དམངས་བྱེ་བྲག་ཅིག་གི་བཅའ་ཁྲིམས་ལམ་ལུགས’ (རྒྱ་ནག་ནང་བཅའ་ཁྲིམས་འདི་ལག་བསྟར་བྱེད) འོག ཁྲིམས་དཔོན་གྱིས་འདྲི་བསྟུན་བྱེད་ས་གཅིག་པུ་དེ་ཡང་བཅའ་ཁྲིམས་དེ་ག་རང་ཡིན། དེའི་རྐྱེན་གྱིས། ད་ལྟ་ཡོད་པའི་བཅའ་ཁྲིམས་དེ་འོས་འཚམ་ཞིག་མིན་སྟབས། ཁྱོད་ལ་གནད་དོན་འདི་དག་གླེང་བྱེད‘དངུལ་ཁུག་གི་ནག་ཉེས’ཤིག་དགོས་མཁོར་གྱུར་བ་རེད། དེ་མ་གཏོགས་གནད་དོན་འདི་དག་སེལ་ཐབས་ཡོད་མ་རེད།

དྲི་བ། ཁྱེད་ཀྱིས་བསམ་ན་གོང་སྨྲས་གཏུགས་བཤེར་འདི་ལོག་པར་སྤྱད་འདུག་གམ།

དྲིས་ལན། སྤྱི་ཚོགས་སྟེང ‘འཁྲུག་རྩོད་སློང་བ’ དང་ ‘རྩོད་གླེང་གི་གླགས་འཚོལ་བ’ཞེས་པའི་སྐད་ཆ་འདི་དག་རྩད་ཞིབ་བྱེད་ཚུལ་ལ་གཞིག་ན། གོང་སྨོས་གཏུགས་བཤེར་དེ་ལོག་པར་སྤྱད་ཡོད་ཤག་རེད། དཔེར་ན། ‘རང་སྣང་གང་དྲན’དང་ ‘ཞེ་འཁོན’ (རྩོམ་སྒྲིག་པས། ཁྲིམས་འགལ་བཅའ་ཁྲིམས་དོན་ཚན་ ༢༩༣ གསལ་བསྒྲགས་སུ་སྤེལ་བའི་ནང་། དཔེར་ན། ཞེ་འཁོན་གྱི་གནས་བབ་འོག་ནས་རང་སྣང་གང་དྲན་གྱིས་གཞན་ལ་རྒོལ་རྡུང་བྱེད་པ་ཞེས་བཀོད་འདུག) ཞེས་པའི་ཆེས་རྣོ་ངར་ལྡན་པའི་སྐད་ཆ་འདི་འདྲ་བེད་སྤྱོད་བཏང་འདུག དེ་དངོས་གནས་བློས་མི་དཔག་པ་ཞིག་རེད། ནམ་རྒྱུན་ཡིན་ན་བཅའ་ཁྲིམས་ལག་བསྟར་བྱེད་མཁན་ཚོས་གནད་དོན་འདི་རིགས་ཇི་ལྟར་འགྲེལ་བཤད་དང་ཐག་གཅོད་པར་རག་ལས་ཡོད། ‘འུར་བརྗོད’ ཅེས་པའི་སྐད་ཆ་འདི་འདྲའི་རྐྱེན་ཀྱིས་སྤྱི་ཚོགས་སྟེང་དོན་མེད་རྙོག་ཟིང་གི་ཕོག་ཐུག་ག་འདྲ་ཐེབས་སྲིད་དམ།

དྲི་བ། གོས་ཞུས་ཆེས་མཐོའི་མི་མང་ཁྲིམས་ཁང་དང་ཆེས་མཐོའི་མི་མང་ལྟ་རྟོག་ཁང་ནས་འགྲེམ་སྤེལ་བྱས་པའི་ཁྲིམས་གཞི་དེ་དྲ་ལམ་ཁག་ཏུ‘འཁྲུག་རྩོད་སློང་བ’དང‘རྩོད་གླེང་གི་གླགས་འཚོལ་བ’ཞེས་གཏུགས་བཤེར་གྱི་ངོ་བོར་ཁྱབ་བསྒྲགས་བྱས་འདུག་པར། ཁྱེད་རང་ལ་བསམ་འཆར་ག་རེ་ཡོད།

དྲིས་ལན། ངས་དེ་དགོས་མཁོ་ཞིག་ཏུ་བསམ་བྱུང་། རྒྱུ་མཚན་ནི་ངས་གོང་དུ་བརྗོད་པ་ལྟར། ‘སྤྱི་དམངས་བྱེ་བྲག་ཅིག་གི་བཅའ་ཁྲིམས་ལམ་ལུགས’ནང་གནད་དོན་དེ་དག་སེལ་ཐབས་སུ‘དངུལ་ཁུག་གི་ནག་ཉེས’ཤིག་དགོས་མཁོར་གྱུར་བ་རེད། གང་ལྟར་ལས་འགུལ་བ་ཞིག་གིས་དྲ་ལམ་ཁག་ཏུ‘འཁྲུག་རྩོད་སློང་བ’དང‘རྩོད་གླེང་གི་གླགས་འཚོལ་བར’ཡང་གཞི་རྩའི་དགོས་འདུན་གཉིས་ཡོད་འདུག 

དགོས་འདུན་དང་པོ། དོགས་གཞི་བྱེད་མཁན་ཚོས་ཁོ་རང་ཚོས་ཁྱབ་སྤེལ་བྱས་པའི་གནས་ཚུལ་དེ་རྫུན་གཏམ་ཡིན་པའི་ངེས་ཤེས་བསྐྱེད་ཀྱི་ཡོད་པ་དང་། དགོས་འདུན་གཉིས་པ། ཁྱབ་སྤེལ་བྱས་པའི་གནས་ཚུལ་དེས་སྤྱི་ཚོགས་སྒྲིག་ཁྲིམས་ལ་ཉེན་ཚབས་བཟོས་ཡོད་ཤག་ཡིན་པ་བཅས་རེད།

ངས་འདིར་སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ཞེས་པ་དེ་ཡང་དངོས་ཡོད་སྒྲིག་ཁྲིམས་ལ་གོ་དགོས། གལ་ཏེ་འདི་དོན་དངོས་ཡིན་དུས། ‘རྫུན་གཏམ’དང་ ‘དཀྲོག་གཏམ’འདི་དག་གིས་སྤྱི་ཚོགས་སྒྲིག་ཁྲིམས་ལ་ཤན་ཤུགས་ཅི་འདྲ་ཐེབས་སྲིད་དམ། དེ་བས་ཁྱོད་ཀྱིས་དྲ་ལམ་དུ་ཁྱབ་སྤེལ་བྱས་པའི ‘རྫུན་གཏམ’དང་ ‘དཀྲོག་གཏམ’འདི་དག་དོན་དངོས་སུ་སྤྱི་ཚོགས་སྟེང་གི་ཟིང་ཆའི་རྒྱུ་རྐྱེན་དུ་འགྱུར་བའམ། མི་སྒེར་ལ་ཕོག་ཐུག་ཚབས་ཆེན་སློང་གི་ཡོད་སྟབས། ཕྱིས་སུ་ཁྱོད་རང་གཏུགས་བཤེར་བྱེད་ཀྱི་ཡོད་རེད།

གང་ལྟར་བཅའ་ཁྲིམས་ལག་བསྟར་བྱེད་མཁན་ཚོས་དོན་དངོས་སྣང་མེད་ལ་བཏང་སྟེ། མི་མང་གིས་ཐེངས་ག་ཚོད་ལ་འགྲེལ་བརྗོད་ཀྱི་བརྡ་འཕྲིན་སྤེལ་བ་གཞིར་བཞག་གིས། ཁོ་ཚོར‘རྩོག་གླེང་གི་གླགས་འཚོལ་བའི’གཏུགས་བཤེར་བྱེད་པ་དེ་དངོས་གནས་ནོར་འཁྲུལ་རང་རེད།

སྤྱི་ཚོགས་སྟེང‘འཁྲུག་རྐྱེན་སློང་བ’དང་ ‘རྩོད་གླེང་གི་གླགས་འཚོལ་བའི’གནད་དོན་གྱི་འབྱུང་རྐྱེན་སེལ་དགོས་དུས། དེ་ཡང་ཐོག་མར‘སྤྱི་དམངས་བདེ་འཇགས་དོ་དམ་ཐག་གཅོད་བཅའ་ཁྲིམས’ལ་བསྟེན་དགོས་པ་རེད། ཆ་རྐྱེན་འདིའི་འོག་ཏུ། རྩོད་གླེང་བྱེད་མཁན་དང་གཡམ་རྒྱུག་བྱེད་མཁན། ཡང་ན་གཞན་པར་ཁྱད་གསོད་གཏོང་མཁན་དང་གཞན་གྱི་རྒྱུ་ནོར་བཙན་འཕྲོག་དང་བསམ་བཞིན་དུ་གཏོར་བཅོམ་གཏོང་མཁན། སྤྱི་དམངས་དབྱེ་གཅོད་དང་མཁར་དངོས་བདག་གིར་འཛིན་མཁན། སྤྱི་ཚོགས་སྟེང‘འཁྲུག་རྐྱེན་སློང་བ’དང་ ‘རྩོད་གླེང་གི་གླགས་འཚོལ་བའི’ནང་མཉམ་ཞུགས་བྱེད་མཁན་ཚོར་ཉིན་ ༡༠ བཀག་བསྐྱིལ་དང་རྒྱ་སྒོར་ ༥༠༠ ཁྲིམས་ཆད་གཅོད་འོས། གནས་ཚུལ་དེ་བས་ཚབས་ཆེན་ཡིན་ན། ཁོ་ཚོར་ཉིན་ ༡༠ ནས་ ༡༥ བཀག་ཉར་དང་། རྒྱ་སྒོར་ ༡.༠༠༠ ཉེས་ཆད་གཅོད་རིགས།

དེར་མ་ཟད་ ‘སྤྱི་དམངས་བདེ་འཇགས་དོ་དམ་ཐག་གཅོད་བཅའ་ཁྲིམས’འོག དོགས་ཡོད་མི་སྣའི་གནད་དོན་ཐག་གཅོད་པའམ། ཡང་ན་ཁྲིམས་གཞི་གང་ཡང་མེད་པར། ཁྲིམས་འགལ་བཅའ་ཁྲིམས་ལ་བསྟེན་ནས་ཁོའམ་ཁོ་མོ་ཚོ་ཁྲི་མུན་བཙོན་དུ་འཇུག་པ་ནི་དངོས་གནས་ནོར་འཁྲུལ་རང་རེད།

དྲི་བ། རྒྱ་ནག་ནང་གི་ཁྲིམས་དོན་ཆེད་མཁས་པ་རེ་འགས་སྤྱི་ཚོགས་སྟེང‘རྩོད་གླེང་གི་གླགས་འཚོལ་བའི’གཏུགས་བཤེར་བྱེད་སྟངས་དེ་ལ་སྐྱོན་བརྗོད་བྱེད་ཀྱིན་འདུག

དྲིས་ལན། ངས་བལྟས་ན། ཚབས་ཆེ་བའི་སྐྱོན་བརྗོད་གཏུགས་བཤེར་བྱེད་དུས། སྲིད་གཞུང་གིས་བག་ཟོན་དགོས་པར་འདོད། སྤྱི་ཚོགས་སྟེང་ ‘རྩོད་གླེང་གི་གླགས་འཚོལ་བ’ དེ་ཡང་སྤྱི་དམངས་སྒྲིག་ཁྲིམས་དང་འབྲེལ་བའི‘དངུལ་ཁུག་གི་ནག་ཉེས’གཏུགས་བཤེར་བྱེད་པ་གཅིག་མཚུངས་རེད། དཔལ་འབྱོར་འདུ་འགོད་ཀྱི་གནད་དོན་ཁྲོད་དུ། ‘དངུལ་ཁུག་གི་ནག་ཉེས’ནི‘ཁྲིམས་འགལ་གྱིས་ཉོ་འཚོང་སྒྲུབ་པ’རེད། དཔོན་རིགས་ཚོར་མཚོན་ན། དེ་ནི་སྲིད་དབང་ལོག་སྤྱོད་དམ་འགན་འཁྲི་སྣང་མེད་བཏང་བ་རེད།

སྔོན་ཆད་ཐོག་དང་པོར‘ཁྲིམས་འགལ་གྱིས་ཉོ་འཚོང་སྒྲུབ་པར’གཏུགས་བཤེར་བྱས་པ་ཞིག་ངས་ད་ལྟ་ད་དུང་དྲན་གྱི་འདུག གཏུགས་བཤེར་དེའི་ཁྲོད་དུ་མི་མང་པོ་ཞིག་ཕམ་ཉེས་བྱུང་བ་དང་། སྐྱོན་བརྗོད་མང་པོ་ཐེབས་ཀྱི་ཡོད་པ་རེད། དེང་སྐབས་ ‘ཁྲིམས་འགལ་གྱིས་ཉོ་འཚོང་སྒྲུབ་པར’སྔར་བས་དམ་དྲག་བྱེད་ཀྱི་ཡོད་པ་དང་། གནད་དོན་མང་པོ་ཞིག་གི་གཏུགས་བཤེར་དཀའ་རྙོག་ནང་བྱིང་བ་རེད། དེར་བརྟེན་ངས་བསམ་ན། སྤྱི་ཚོགས་སྟེང‘རྩོད་གླེང་གི་གླགས་འཚོལ་བའི’གནད་དོན་དེ་ཡང་སྤྱི་ཚོགས་རང་ངོས་ནས་ཁས་ལེན་ཁག་ཐག་བྱེད་རག་བར་དུ་དམ་དྲག་བྱས་པ་ཡིན་ན། གནད་དོན་ཁྲིམས་བཤེར་གྱི་དཀའ་རྙོག་ཉུང་དུ་འགྲོ་བར་འདོད།

དྲི་བ། ཁྱེད་ཀྱིས་བསམ་ན། ‘ཁྲིམས་ཀྱི་དབང་བསྒྱུར’ཅེས་པའི་གོ་དོན་ག་རེ་རེད་དམ།

དྲིས་ལན། གལ་ཏེ་ང་ཚོར་ ‘ཁྲིམས་ཀྱི་དབང་བསྒྱུར’ལྷད་མེད་པ་ཞིག་གི་དམིགས་འདུན་འགྲུབ་པ་ཡིན་ན། དེས་མི་མང་གི་གཞི་རྩའི་བསམ་ཚུལ་གཅིག་མཐུན་དང་ཁོ་ཚོའི་མཐོང་སྣང་མཚོན་ངེས་ཡིན་ཞིང་། ཡང་མི་མང་གིས་ཁྲིམས་ཀྱི་དབང་ཤུགས་ལ་བརྟེན་ཏེ་བཀོད་སྤྱོད་བྱེད་ངེས་རེད། ཨ་རི་ལྟ་བུར་མཚོན་ན། ཁྲིམས་ཞིབ་ལས་རོགས་ལྷན་ཚོགས་ཀྱིས་གནད་དོན་ལ་ཞིབ་དཔྱོད་བྱེད་ཀྱི་ཡོད་པ་དང་། ཁྲིམས་ཁང་མང་པོའི་ཟིན་ཐོ་སྤྱི་དམངས་ལ་གསལ་བསྒྲགས་བྱེད་ཀྱི་ཡོད་པ་རེད། དེའི་སྟབས་ཀྱིས་ཁྲིམས་ཀྱི་བྱ་རིམ་ནང་མི་མང་མཉམ་ཞུགས་ཆོག་པ་རེད།
 
མ་རྩོམ་འབྲེལ་ཐག http://sinosphere.blogs.nytimes.com/2015/07/27/q-and-a-chen-zhonglin-on-picking-quarrels-online/

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༡༥ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese